བོད་ཀྱི་ལོ་སར་ཉིན་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ།
བོད་ཀྱི་ལོ་སར་སྐབས་ཆབ་སྲིད་བཙོན་ཟུར་བསྟན་པ་དར་རྒྱས་ཀྱིས་རྒྱ་ནག་གི་དབང་བསྒྱུར་འོག བོད་མི་རང་སྲོག་ཤོར་པ་དང་། བཙོན་འཇུག་བྱས་ཡོད་པ་ཚོར་གདུང་སེམས་མཉམ་བསྐྱེད་མཚོན་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་གྱི་ཡོད་པ་ལྟར། འདི་ལོར་ཐེངས་གསུམ་པ་དེ་ཆགས་ཡོད་པ་རེད།
བོད་ཀྱི་ལོ་སར་སྐབས་ཆབ་སྲིད་བཙོན་ཟུར་བསྟན་པ་དར་རྒྱས་ཀྱིས་རྒྱ་ནག་གི་དབང་བསྒྱུར་འོག བོད་མི་རང་སྲོག་ཤོར་པ་དང་། བཙོན་འཇུག་བྱས་ཡོད་པ་ཚོར་གདུང་སེམས་མཉམ་བསྐྱེད་མཚོན་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་གྱི་ཡོད་པ་ལྟར། འདི་ལོར་ཐེངས་གསུམ་པ་དེ་ཆགས་ཡོད་པ་རེད།
དེ་ཡང་ཕྱི་ཟླ་༡ ཚེས་༩ དང་བོད་ཟླ་༡ པོའི་ལོ་སར་ཚེས་གཅིག་ཉིན་ཆབ་སྲིད་བཙོན་ཟུར་བསྟན་པ་དར་རྒྱས་ཀྱིས་ཨོ་གླིང་རྒྱལ་ས་སི་ཌི་ནི་རུ་ལས་འགུལ་དེ་སྤེལ་ཡོད་པ་དང་། འདི་ལོར་ཁོང་དང་མཉམ་དུ་མི་ཉག་བརྩོན་འགྲུས་འོད་ཟེར་དང་། འབྱོར་ལྡན། ཐུབ་བསྟན་རྡོ་རྗེ་བཅས་ཡོད་པ་རེད།
ཁོང་གིས་གསལ་བསྒྲགས་ཤིག་སྤེལ་བའི་ནང་། “བོད་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་དུ་སྐུ་གཤེགས་པ་དང་། བཙོན་ཁང་ནས་དམྱལ་བ་མི་ཡུལ་དུ་བསླེབས་པ་ལྟ་བུའི་མནར་གཅོད་མྱངས་དང་མྱོང་བཞིན་པའི་རླབས་ཆེ་བའི་སྤུན་ཟླ་ཚོ་དང་། ལྷག་ཏུ་ད་སྔ་བྱུང་མ་མྱོང་བའི་འཛམ་གླིང་གི་ཆེས་ཚད་མཐོ་བའི་ལས་འགུལ་རང་ལུས་མེར་བསྲེགས་པའི་རྒྱལ་གཅེས་དཔའ་པོ་དཔའ་མོ་རྣམས་ཀྱི་ནང་མི་དང་གཉེན་ཉེ་ཚོ་ལ་གདུང་སེམས་མཉམ་བསྐྱེད་མཚོན་བྱེད་དུ། ངས་བོད་གཞིས་བྱེས་མཉམ་འཛོམས་མ་བྱུང་བར་དུ་ལོ་སར་མི་བྱེད་པའི་དམ་བཅའ་བཞག་ཡོད་”ཅེས་འཁོད་ཡོད་པ་རེད།
ལོ་ལྟར་ལས་འགུལ་དེའི་སྐབས་གདུང་སེམས་མཉམ་བསྐྱེད་ཙམ་ལས་དམིགས་བསལ་དགོས་འདུན་གང་ཡང་བཏོན་མེད་ནའང་། འདི་ལོར་རྒྱ་ནག་གཞུང་ལ་དམིགས་བསལ་དགོས་འདུན་གསུམ་བཏོན་ཡོད་པ་དང། དེ་ཚོ་ལག་ལེན་མ་བསྟར་ན་རྒྱ་ནག་གཞུང་གི་རྩ་ཁྲིམས་ལག་ལེན་མ་བསྟར་པ་ཞིག་ཡིན་སྐོར་འཁོད་ཡོད་པ་རེད།
1• རྒྱ་ནག་གཞུང་གིས་ཆ་རྐྱེན་གང་ཡང་མེད་པའི་སྒོ་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་འཇུག་དགོས།
2• པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་གཙོས་བོད་ཀྱི་ཆབ་སྲིད་བཙོན་པ་ཡོད་ཚད་གློད་གྲོལ་གཏོང་དགོས།
3• བོད་ནང་གི་དངོས་ཡོད་གནས་སྟངས་གང་ཡིན་རྒྱུས་ལོན་ཕྱིར་རྒྱལ་སྤྱིའི་རང་དབང་ལྡན་པའི་ཚོགས་སྡེ་དང་གསར་འགོད་པ་སོགས་བོད་ནང་ལ་གཏོང་དགོས།།
གསར་འགོད་པ་ཆོས་ཉིད་འོད་ཟེར་གྱིས།