བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་གསར་པར་ཨ་རིའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་ནས་མོས་མཐུན་ཐོབ་འདུག 

ཟླ་འདིའི་ཚེས་༡༨ ཉིན་༧གོང་ས་མཆོག་གི་ཡང་སྲིད་ངོས་འཛིན་དང་བསྐོ་བཞག་ལ་ཐེ་བྱུས་བྱེད་མཁན་གྱི་རྒྱ་ནག་གི་འགོ་ཁྲིད་རྣམས་ལ་ཉེས་ཆད་བཅད་དེ། བོད་མིའི་ཆོས་དད་རང་དབང་སྲུང་སྐྱོབ་བྱེད་པའི་ཁྲིམས་འཆར་གསར་པ་སྟེ། “༢༠༡༩ ལོའི་བོད་དོན་རྒྱབ་སྐྱོར་དང་སྲིད་བྱུས་ཀྱི་ཁྲིམས”(Tibetan Policy and Support Act 2019)ཞེས་པར་ཨ་རིའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་ནང་མང་གཙོ་དང་སྤྱི་མཐུན་ཚོགས་པ་ཐུན་མོང་གི་སྤྱི་མོས་རྒྱབ་སྐྱོར་ཐོབ་ནས་དངོས་སུ་གྲོས་ཚོགས་སུ་ཕྱིན་ཡོད་འདུག

ད་ཐེངས་ཀྱི་ཁྲིམས་འཆར་གསར་པ་འདི་ནི་ཨ་རིའི་གྲོས་ཚོགས་ཀྱིས་༢༠༠༢ ལོར་གཏན་ལ་ཕབ་པའི་བོད་དོན་རྒྱབ་སྐྱོར་གྱི་སྲིད་བྱུས་དང་ཁྲིམས་ལ་བསྐྱར་བཅོས་དང་འཐུས་སྒོ་ཇེ་ཚང་དུ་གཏོང་བའི་ཆེད་ཡིན་འདུག་ཅིང་། ཁྲིམས་འཆར་འདི་ཐོག་མར་འདི་ལོའི་སྟོན་ཁར་ཨ་རིའི་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་སྐུ་ཞབས་ཇེམ་སི་མེག་གྷོ་ཝན་(James McGovern)གྱིས་བཏོན་བ་དང་། གྲོས་ཚོགས་གོང་མའི་ནང་དུ་གྲོས་ཚོགས་འཐུས་མི་སྐུ་ཞབས་མར་ཁོ་རུ་བྷིའོ་(Marco Rubio)ཡིས་བཏོན་ཡོད་འདུག

ཁྲིམས་འཆར་འདི་དངོས་སུ་ཨ་རིའི་རྒྱལ་ཁབ་ཀྱི་ཁྲིམས་སུ་འགྱུར་བར། དང་པོ་གྲོས་ཚོགས་གོང་འོག་གི་འཐུས་མི་ལྷན་ཚོགས་སྐབས་ཉན་ཞིབ་དང་། དེ་ནས་གོ་བསྡུར་དང་འོས་བསྡུ་བྱས་ཏེ་མོས་མཐུན་ཐོབ་རྗེས། ཨ་རིའི་སྲིད་འཛིན་གྱི་མདུན་ཅོག་ལ་བཏང་ནས་ཁོང་གི་མཚན་རྟགས་འཐོབ་དགོས། 

གལ་སྲིད་གོང་གི་བརྒྱུད་རིམ་དེ་དག་བརྒྱུད་དེ་ཁྲིམས་འཆར་འདི་དངོས་སུ་ཨ་རིའི་རྒྱལ་ཁབ་ཀྱི་ཁྲིམས་སུ་གཏན་འབེབས་བྱུང་བ་ཡིན་ན། དེ་ནས་ཁྲིམས་དེའི་འོག་ནས་༧གོང་ས་མཆོག་གིས་གཙོས་པའི་བོད་ཀྱི་བླ་སྦྲུལ་རྣམས་ཀྱི་ཡང་སྲིད་ངོས་འཛིན་ཐོག་རྒྱ་ནག་གཞུང་གིས་ཐེ་བྱུས་བྱེད་མི་ཆོག་པ་དང་། གལ་ཏེ་དེ་ལྟར་བྱས་ཚེ་འབྲེལ་ཡོད་དཔོན་རིགས་རྣམས་ཨ་རིར་ཡོང་མི་ཆོག་པ་སོགས་ཀྱི་ཉེས་ཆད་གཏོང་བ། རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་སར་ཨ་རིའི་གཞུང་ཚབ་གཅིག་འཛུགས་པའི་ཆོག་མཆན་མ་སྤྲད་བར་དུ། ཨ་རིའི་ནང་རྒྱ་ནག་གི་གཞུང་ཚབ་ཁང་དང་ལས་དོན་ཁང་གསར་པ་འཛུགས་རྒྱུར་ཆོག་མཆན་སྤྲོད་མི་ཆོག་པ།  བོད་ཀྱི་ཆུའི་བདེ་འཇགས་དང་ཁོར་ཡུག་གི་གནད་དོན་གཞན་རྣམས་ས་ཁམས་ཆབ་སྲིད་(geopolitical importance)ཀྱི་གནད་དོན་གལ་ཆེན་དུ་བརྩི་བ། དེ་བཞིན་མ་མཐར་ཡང་ཕྱི་ལོ་༢༠༢༥ བར་བོད་ཕྱི་ནང་གཉིས་སུ་གནས་པའི་བོད་མི་རྣམས་ལ་གཞུང་འབྲེལ་ཐོག་ནས་རོགས་སྐྱོར་མ་དངུལ་སྤྲོད་པ་སོགས་ཀྱི་དོན་མཚན་གཙོ་བོ་བདུན་ཡོད་འདུག ། 

གསར་འགོད་པ་དཀོན་མཆོག་རབ་བརྟན། 

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།