བོད་པའི་མཐོ་རིམ་སློབ་མ་སློབ་འཇུག་བྱེད་ཕྱོགས་ལ་གཟིགས་ཞིབ།

ཕྱི་ཟླ༤ པའི་ཚེས་༩ ཉིན་ རྒྱ་གར་བྷེང་ལོར་དུ་བོད་པའི་མཐོ་རིམ་སློབ་མ་གནས་སྡོད་བྱེད་ཡུལ་བོད་ཁྱིམ་སྡོད་ཁང་གི་འགན་འཛིན་དོན་གྲུབ་ཀྱིས་རྒྱ་གར་ལྷོ་ཕྱོགས་མེ་སོར་མཐོ་སློབ་ཏུ་ཕེབས་པ་དང་། མེ་སོར་མཐོ་སློབ་གལ་ཆེན་ཁག་གིས་བོད་ཕྲུག་རྣམས་ལ་སྔར་ལས་གཟིགས་སྐྱོང་གནང་པར་ཞུ་བསྐུལ་དང་། སྔོན་ཡོད་བོད་པའི་མཐོ་སློབ་སློབ་མ་རྣམས་ཀྱི་སློབ་སྦྱོང་དང་ཀུན་སྤྱོད་སོགས་ལ་གཟིགས་ཞིབ་གནང་ཡོད་པ་རེད།

ཕྱི་ཟླ༤ པའི་ཚེས་༩ ཉིན་ རྒྱ་གར་བྷེང་ལོར་དུ་བོད་པའི་མཐོ་རིམ་སློབ་མ་གནས་སྡོད་བྱེད་ཡུལ་བོད་ཁྱིམ་སྡོད་ཁང་གི་འགན་འཛིན་དོན་གྲུབ་ཀྱིས་རྒྱ་གར་ལྷོ་ཕྱོགས་མེ་སོར་མཐོ་སློབ་ཏུ་ཕེབས་པ་དང་། མེ་སོར་མཐོ་སློབ་གལ་ཆེན་ཁག་གིས་བོད་ཕྲུག་རྣམས་ལ་སྔར་ལས་གཟིགས་སྐྱོང་གནང་པར་ཞུ་བསྐུལ་དང་། སྔོན་ཡོད་བོད་པའི་མཐོ་སློབ་སློབ་མ་རྣམས་ཀྱི་སློབ་སྦྱོང་དང་ཀུན་སྤྱོད་སོགས་ལ་གཟིགས་ཞིབ་གནང་ཡོད་པ་རེད།

འགན་འཛིན་དགེ་རྒན་དོན་གྲུབ།
འགན་འཛིན་དགེ་རྒན་དོན་གྲུབ།

དེ་ཡང་ཁྲིམས་ལུགས་སློབ་མ་བློ་བཟང་གྲགས་པས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། རྒྱ་གར་གྱི་མཐོ་རིམ་སློབ་མ་གསར་བསྡུ་ལ་ཉེ་བས། བྷེང་ལོར་བོད་ཁྱིམ་མཐོ་སློབ་སྡོད་ཁང་གི་འགན་འཛིན་དོན་གྲུབ་ཀྱིས་མེ་སོར་མཐོ་སློབ་ཏུ་ཚན་རིག་སྡེ་ཚན་འབུམ་རམས་པའི་སློབ་སྟོན་དགེ་རྒན་ཆེན་མོ་སྐུ་ཞབས་སེ་རཱ་གཱ་ནཐཱ་(Dr.C.Raganathiah) ལ་བཅར་ནས། མ་འོངས་བོད་ཕྲུག་མང་པོར་འབུམ་རམས་པའི་གོ་སྐབས་གནང་བ་དང་། ཚན་རིག་སྡེ་ཚན་ནས་དམིགས་བསལ་གཟིགས་སྐྱོང་འོག་བོད་ཕྲུག་གང་མང་འབུམ་རམས་པའི་མཚན་གནས་ལེན་རྒྱུར་རྒྱབ་སྐྱོར་གནང་རོགས་ཞེས་འབོད་སྐུལ་ཞུས་ཡོད་པ་རེད།

དེ་ནས་ཉིན་དེར་ཁོང་མེ་སོར་ཏུ་སྙན་གྲགས་ཅན་གྱི་རཱིག་ཇི་ནའི་མཐོ་སློབ་(RegionalCollege)ཏུ་དགེ་རྒན་ཆེན་མོ་སྐུ་ཞབས་བྷ་ཏྲི(ProfessorBhat) དང་ཐུག་པ་དང་། དེ་ནས་ཇེ་ཨེ་སི་ཨེ་སི་ཁྲིམས་ལུགས་མཐོ་སློབ་(JSSLawCollege) ཏུ་ཕེབས་ནས་འབྲེལ་ཡོད་ཁྲིམས་ལུགས་མཐོ་སློབ་སློབ་སྤྱི་སྐུ་ཞབས་ཀཱེ་ཨེསི་སུ་རི་ཤིས་(Mr.K.S.Suresh) ལ་སོགས་རིམ་བཞིན་ཐུགས་འཕྲད་ཀྱིས། ད་ཡོད་བོད་རིགས་མཐོ་སློབ་སློབ་མ་དག་གི་གནས་ཚུལ་ཤེས་རྟོགས་དང་། ལྷག་པར་ཏུ་མ་འོངས་པ་གོང་གསལ་གནད་ཡོད་མཐོ་སློབ་ཁག་ནས་བོད་རིགས་སློབ་མ་རྣམས་ལ་སློབ་ཡོན་ཆགས་ཡང་གཏོང་བ་དང་། རྒྱ་གར་ནང་སྦྱང་འབྲས་ལེགས་གྲས་ཀྱི་བོད་རིགས་སློབ་མ་དག་ལ་དམིགས་བསལ་མཐོ་སློབ་སློབ་ཡོན་(Scholarship) སོགས་བསྩལ་གནང་ཡོང་བའི་འབོད་སྐུལ་ཞུས་པ་དང་། འབྲེལ་ཡོད་སློབ་སྤྱི་དང་འགན་འཛིན་སོགས་ནས་བོད་རིགས་སློབ་མ་དག་ལ་གཟིགས་ཚུལ་ལེགས་པོ་ཡོད་པ་དང་། སྔར་བཞིན་བོད་རིགས་སློབ་མ་གང་མང་ལ་དམིགས་བསལ་སློབ་འཇུག་གི་གོ་སྐབས་འབུལ་རྒྱུ་ཡིན་པའི་ཁས་ལེན་གནང་སོང་ཞེས་འགན་འཛིན་དོན་གྲུབ་ཀྱིས་འགྲེལ་བརྗོད་གནང་སོང་།

ཁོང་གིས་ད་དུང་མཐོ་སློབ་སློབ་མ་གསར་འཇུག་མ་བྱས་སྔོན་དུ། བྷེང་ལོར་ཏུ་ཡོད་པའི་སྙན་གྲགས་ཅན་གྱི་མཐོ་སློབ་གང་མང་ལ་བཅར་གང་ཐུབ་བྱེད་རྒྱུ་ཡིན་ཞེས་གསུངས་སོང་།།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།