བོད་བསྟན་སྲིད་ཆེད་ཞབས་རིམ་གསོག་སྒྲུབ།

རྒྱ་གར་ལྷོ་ཕྱོགས་ཀ་ཎ་ཌ་ཀའི་མངའ་ཁུལ་དུ་རྟེན་གཞི་བྱས་པའི་གོ་ལི་གྷར་དོན་ལྡན་གླིང་བོད་མིའི་གཞིས་ཆགས་སུ། ཕྱི་ཟླ་༣་པའི་ཚེས་༩ ནས་ཕྱི་ཟླ་༤ པའི་ཚེས་༡༣ བར་བོད་བསྟན་སྲིད་སྤྱི་དང་། བྱེ་བྲག་༧གོང་ས་མཆོག་གི་སྐུ་ཚེ་བརྟན་པ་དང་ཐུགས་བཞེད་མཐའ་དག་ལྷུན་གྱི་འགྲུབ་པའི་ཆེད་དུ་ཨ་མི་དེ་བ་དུང་ཕྱུར་གཅིག་དང་སྒྲོལ་མ་འབུམ་ཐེར་གཉིས་ལྷག་གསོག་སྒྲུབ་བྱས་ཡོད་པ་རེད།

དེ་བཞིན་བོད་བསྟན་སྲིད་ཆེད་རང་ལུས་མེར་སྲེག་གིས་རྒྱ་ནག་ལ་ངོ་རྒོལ་བྱེད་མཁན་རྒྱལ་གཅེས་དཔའ་བོ་ཕོ་མོ་འདས་གསོན་ཡོངས་ཀྱི་ཆེད་དུ་མར་མེ་སྟོང་མཆོད་དང་། ཉིན་མཐའ་མ་སྟེ་ཕྱི་ཟླ་༤ ཚེས་༡༣ ཉིན་སྒྲོལ་མའི་ཚོགས་འཁོར་རྒྱས་པ་ཞིག་ཀྱང་ཕུལ་ཡོད་པ་རེད།

དེ་ཡང་གོ་ལི་གྷར་དོན་ལྡ་གླིང་གིས་ལོ་ལྟར་ཞབས་བསྟན་འཚོགས་དགོས་པའི་དམིགས་ཡུལ་གཙོ་བོ།   ཕྱིོ་ལོ་༡༩༨༩ ལོར་༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་དགོངས་པ་ཆོས་དབྱིངས་སུ་གཤེགས་པ་ནས་བཟུང་། གོ་ལི་གྷར་དོན་ལྡན་གླིང་གི་ས་གནས་འཐུས་ཚོགས་ཀྱིས་སྤྱི་མོས་ཀྱི་ཐག་གཅོད་དང་གཏན་འབེབས་བྱས་ཏེ། ལོ་ལྟར་ཟླ་བ་གཅིག་དང་ཕྱེད་ཙམ་གྱི་རིང་ཞབས་རིམ་གསོག་སྒྲུབ་བྱེད་བཞིན་ཡོད་པ་རེད།

ལོ་ལྟར་ཞབས་རིམ་གསོག་སྒྲུབ་གོ་སྒྲིག་པ་ཡང་གོ་ལི་གྷར་དོན་གླིང་གཞིས་ཆགས་ཀྱི་གྲོང་སྡེ་༢༢ ཀྱི་མི་མང་ཡོངས་ཀྱིས་འོས་ཤོག་བླུགས་སྟེ། རྒྱུན་ལས་བསྐོ་བཞག་བྱེད་ཀྱི་ཡོད་པ་རེད།  ཞབས་རིམ་གསོག་སྒྲུབ་སྐབས། གཞིས་ཆགས་ཀྱི་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ལས་ཀྱི་སྣེ་མོ་བ་ཡོངས་ཀྱིས་ཞལ་འདེབས་དང་མཐུན་འགྱུར་གནང་གི་ཡོད་པ་དང་།   ཉིན་རེར་མི་མང་ ༣༥༠ ལྷག་འདུ་འཛོམས་བྱེད་ཀྱི་ཡོད་འདུག

དེ་བཞིན་ལོ་ལྟར་ས་ག་ཟླ་བའི་ནང་ལ་ཡང་གོ་ལི་གྷར་དོན་ལྡན་གླིང་གཞིས་ཆགས་ཀྱི་གྲོང་སྡེ་ཡོངས་ཀྱིས་བོད་བསྟན་སྲིད་སྤྱིའི་བདེ་རྩལ་དམིགས་ནས་ཟླ་བ་གཅིག་ཙམ་རིང་ལ་སྒྲོལ་མ་འབུམ་ཚོགས་ཀྱི་ཞབས་རིམ་གསོག་སྒྲུབ་ཞིག་ཀྱང་བྱེད་ཀྱི་ཡོད་པ་རེད།

ལྷོ་ཕྱོགས་གསར་འགོད་པས།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།