བོད་མདོ་སྨད་རྔ་པ་རྫོང་ཁོངས་ནས་བུད་མེད་ཅིག་གིས་རྒྱ་གཞུང་ལ་ངོ་རྒོལ།
ཕྱི་ལོ་༢༠༡༥ ཟླ་༨ ཚེས་༡༥ ཉིན་གྱི་བོད་ནང་གི་ཕྱི་དྲོའི་ཆུ་ཚོད་༣ ཙམ་ལ་བོད་མདོ་སྨད་རྔ་པ་རྫོང་རྨེའུ་རུ་མ་ཡུལ་ཚོའི་སྟེང་། བུ་མོ་འོད་དཀར་སྐྱིད་ཀྱིས་’’བོད་ལ་རང་དབང་དགོས། ༸གོང་ས་མཆོག་བོད་ནང་ལ་གདན་འདྲེན་ཞུ་དགོས། ང་ཚོ་ལ་གཉའ་གནོན་བྱས་པ་ཚད་ལས་བརྒལ་སོང་’’ཞེས་སོགས་ཀྱི་འབོད་ཚིག་སྒྲོག་བཞིན་ངོ་རྒོལ་སྐད་འབོད་བྱས་རྐྱེན།
ཕྱི་ལོ་༢༠༡༥ ཟླ་༨ ཚེས་༡༥ ཉིན་གྱི་བོད་ནང་གི་ཕྱི་དྲོའི་ཆུ་ཚོད་༣ ཙམ་ལ་བོད་མདོ་སྨད་རྔ་པ་རྫོང་རྨེའུ་རུ་མ་ཡུལ་ཚོའི་སྟེང་། བུ་མོ་འོད་དཀར་སྐྱིད་ཀྱིས་“བོད་ལ་རང་དབང་དགོས། ༸གོང་ས་མཆོག་བོད་ནང་ལ་གདན་འདྲེན་ཞུ་དགོས། ང་ཚོ་ལ་གཉའ་གནོན་བྱས་པ་ཚད་ལས་བརྒལ་སོང་’’ཞེས་སོགས་ཀྱི་འབོད་ཚིག་སྒྲོག་བཞིན་ངོ་རྒོལ་སྐད་འབོད་བྱས་རྐྱེན། རྒྱ་གཞུང་གི་ཉེན་རྟོག་མི་སྣས་འཛིན་བཟུང་བཙན་ཁྲིད་བྱས་ཡོད་འདུག
ཁོང་ཉེན་རྟོག་པས་ཁྲིད་རྗེས་ཀྱི་གནས་ཚུལ་གང་ཡང་ཤེས་རྟོགས་ཐུབ་ཀྱི་མེད་པ་དང་། ཁོ་མོ་རྨེའུ་རུ་མའི་རུ་ཆེན་དང་པོ་ནས་ཡིན་ཞིང་། ཕ་མིང་ལ་ཀུན་པོ་དང་། མ་མིང་ལ་འཕགས་པ།
ཁྱོ་གའི་མིང་ལ་བཀྲ་ཤིས་ཟེར་གྱི་ཡོད་པ་དང་། ད་ལྟ་ཁོང་རང་ལོ་༢༣ ཡས་མས་ཡིན་འདུག ཁོང་གཉིས་ལ་བུ་ལོ་༤ ཅན་ཞིག་ཡོད་པ་དང་། ཁོང་མོ་ཆུང་ཆུང་སྐབས་ནས་ཕ་མ་དང་མཉམ་དུ་འབྲོག་ལས་བྱས་ཏེ་འཚར་ལོངས་བྱུང་བ་ལས་སློབ་གྲྭར་འགྲོ་མྱོང་མི་འདུག་ཅེས་དྷ་ས་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས་འགྲེལ་བརྗོད་བྱས་སོང་།།
གསར་འགོད་པ་ཆོས་ཉིད་འོད་ཟེར།