བོད་མི་ཏོག་ནད་ཕོག་མཁན་ཉུང་དུ་ཕྱིན་འདུག་ཀྱང་མངའ་སྡེ་ཁག་ཅིག་ཏུ་གནས་སྟངས་ཛ་དྲག་ཡིན་འདུག

 ད་ལྟ་བར་དུ་རྒྱ་བལ་གཉིས་ནང་བོད་མི་ཏོག་དབྱིབས་ནད་པ་༦༢༧༠ བྱུང་བའི་ཁྲོད་དྲག་སྐྱེད་ཟིན་པ་༦༠༧༡ དང་། འདས་གྲོངས་སུ་ཕྱིན་པ་༡༥༠། ད་ལྟ་ཏོག་ནད་ཀྱིས་མནར་བཞིན་པ་བོད་མི་༤༩ ཡོད་འདུག་པ་དང་། བདུན་ཕྲག་འདིའི་ནང་ཏོག་ནད་གསར་དུ་ཕོག་མཁན་གྲངས་༢༤ བྱུང་འདུག་པ་དང་། བདུན་ཕྲག་སྔོན་མར་ནད་གཞི་ཕོག་པ་ར་འཕྲོད་བྱུང་བ་མི་གྲངས་ ༧༡ བྱུང་ཡོད་པས། ནད་གཞི་ཕོག་མཁན་གྱི་མི་གྲངས་༤༧ ཉུང་དུ་ཕྱིན་ཡོད་པ་རེད། 

  ད་ལྟ་བར་དུ་རྒྱ་བལ་གཉིས་ནང་བོད་མི་ཏོག་དབྱིབས་ནད་པ་༦༢༧༠ བྱུང་བའི་ཁྲོད་དྲག་སྐྱེད་ཟིན་པ་༦༠༧༡ དང་། འདས་གྲོངས་སུ་ཕྱིན་པ་༡༥༠། ད་ལྟ་ཏོག་ནད་ཀྱིས་མནར་བཞིན་པ་བོད་མི་༤༩ ཡོད་འདུག་པ་དང་། བདུན་ཕྲག་འདིའི་ནང་ཏོག་ནད་གསར་དུ་ཕོག་མཁན་གྲངས་༢༤ བྱུང་འདུག་པ་དང་། བདུན་ཕྲག་སྔོན་མར་ནད་གཞི་ཕོག་པ་ར་འཕྲོད་བྱུང་བ་མི་གྲངས་ ༧༡ བྱུང་ཡོད་པས། ནད་གཞི་ཕོག་མཁན་གྱི་མི་གྲངས་༤༧ ཉུང་དུ་ཕྱིན་ཡོད་པ་རེད། 

ཟླ་༩ པའི་ཚེས་༩ ཉིན་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཏོག་དབྱིབས་ཛ་དྲག་ལས་དོན་ཚོགས་ཆུང་གིས་གསར་འགོད་གསལ་བསྒྲགས་ཐེངས་༧༦ སྤེལ་སོང་བ་དང་། འདས་པའི་བདུན་གཅིག་ནང་རྒྱ་གར་གྱི་ས་གནས་༡༤  དང་བལ་ཡུལ་གྱི་ས་གནས་༦ གི་ནང་རང་ཁྱིམ་ལ་ཟུར་བཀག་ཏུ་སྡོད་མཁན་བོད་མི་༧༠༥ དང་ཚོགས་སྡེའི་ཟུར་བཀག་ཁང་དུ་མི་༣༤ བཅས་ཁྱོན་བསྡོམས་མི་གྲངས་༡༠༣༩ ཟུར་བཀག་འོག་ཡོད་པ་དང་། རྒྱ་གར་ནང་ཏོག་དབྱིབས་ནད་གཞི་གསར་དུ་ཕོག་མཁན་བོད་མི་༢༤ བྱུང་བའི་ཁྲོད་ནས་ལོ་ན་མཐོ་ཤོས་༦༧ དང་ལོ་ན་ཆུང་ཤོས་༡༩ ཡིན་འདུག དེ་བཞིན་བོད་མི་༡ གྲོངས་ཡོད་འདུག 

གསར་འགོད་གསལ་བསྒྲགས་ཐོག་ཏུ། ཉིན་ཤས་སྔོན་ལ་རྒྱ་གར་བྱང་ཤར་ཁུལ་གྱི་བོད་མི་གཞིས་ཆགས་ཁག་ཏུ་ཏོག་དབྱིབས་གཉན་རིམས་དང་འབྲེལ་ནས་སྐོར་བསྐྱོད་བྱེད་རིང་ས་གནས་ཀྱི་འཕྲོད་ལས་པ་ལྷན་དུ་བཀའ་མོལ་བྱུང་ཡོད་ཅིང་། མང་ཚོགས་ཁྲོད་གཉན་རིམས་བརྟག་དཔྱད་བྱེད་རྒྱུ་སོགས་པའི་ཐད་ལ་ཞེད་སྣང་བྱེད་མཁན་མང་པོ་ཡོད་པ་དང་། ཡང་ས་གནས་འགའ་ཤས་ལ་གཡས་གཡོན་ཏུ་བསྟེན་གཏུག་བྱ་སའི་སྨན་ཁང་ཆེན་པོ་མེད་པ་དང་། ཡོད་པའི་དབང་དུ་བཏང་ནའང་ཆུ་ཚོད་གསུམ་ནས་དྲུག་ཙམ་བསྐྱོད་དགོས་པ་ལྟ་བུའི་གནས་སྟངས་ཡོད་སྟབས། མི་མང་ལ་དངོས་སུ་ཐུག་འཕྲད་ཀྱིས་ལམ་སྟོན་ཞུ་རྒྱུ་བྱུང་ཡོད་འདུག ཚང་མས་ནད་རྟགས་ཡོད་མེད་བརྟག་དཔྱད་བྱ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཡིན་པ་དང་། གལ་ཏེ་ནད་རྟགས་ཐོན་ཏེ་སྔ་ས་ནས་སྨན་བཅོས་བྱས་པ་ཡིན་ན་ཕྱིས་སུ་སྨན་ཁང་ནང་ཉལ་སྡོད་པ་སོགས་པའི་ཉེན་ཁ་འཕྲད་རྒྱུར་ཉུང་དུ་འགྲོ་ཡི་ཡོད་པ་དང། བྱང་ཤར་ས་གནས་འགའ་ཤས་ནང་ཉེ་འཁྲིས་སུ་སྨན་ཁང་ཆེན་པོ་མེད་སྟབས། ནད་གཞི་མ་ཕོག་གོང་དུ་ཟུར་བཀག་སྡོད་རྒྱུ་སོགས་པའི་སྔོན་འགོག་རིགས་ལག་ལེན་བྱ་རྒྱུ་གལ་འགངས་ཆེན་པོ་ཡིན་རེད། ཡང་ས་གནས་སུ་གསར་འགྱུར་བརྒྱུད་ལམ་གྱི་གནས་ཚུལ་འདྲ་མིན་ལ་བརྟེན་ནས་མང་ཚོགས་ཁྲོད་འགོག་ཁབ་རྒྱག་རྒྱུར་ཞེད་སྣང་བྱེད་མཁན་མང་པོ་དང། རྒྱ་གར་ནང་ད་བར་མི་བྱེ་བ་༧༡།༦༥ ཙམ་ལ་འགོག་ཁབ་བརྒྱབ་ཟིན་པ་ཚོར་ཕལ་ཆེ་བར་དཀའ་ངལ་ཆེན་པོ་ཕྲད་མེད་པར་བརྟེན། མང་ཚོགས་ངོས་ནས་ཕན་ཚུན་དབར་བར་ཐག་འཇོག་རྒྱུ་དང་ཁ་རས་གྱོན་རྒྱུ་མཚོན་པའི་རང་ཉིད་ལ་གཉན་རིམས་མི་འགོ་བའི་ཐབས་ཤེས་དེ་དག་སྟེང་། འགོག་ཁབ་རྒྱག་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཆགས་ཡོད་རེད། ད་ལྟའི་ཆར་རྒྱ་གར་ནང་ལ་མཚོན་ན་ལྷོ་ཕྱོགས་ཀྱི་མངའ་སྡེ་ཁག་ཅུང་ཛ་དྲག་པ་ཆགས་ཀྱི་ཡོད་པ་དང་། དེའི་ནང་ནས་ཀྱང་ཀཱེ་རེ་ལཱ་དང་བོད་མི་མང་པོ་གནས་སྡོད་བྱ་སའི་མངའ་སྡེ་ཀར་ན་ཊ་ཀའི་ནང་གཉན་རིམས་ཕོག་མཁན་མང་པོ་འབྱུང་བཞིན་ཡོད་པ་དང་། དེའི་ཐོག་ད་ལྟའི་ཆར་ཀེ་རེ་ལཱ་ནང་ཏོག་དབྱིབས་གཉན་རིམས་ཙམ་མ་ཟད། ཕྱི་ལོ་༢༠༡༨ ལོར་མངའ་སྡེ་དེར་ཁྱབ་སྤེལ་བྱུང་བའི་ནི་པ་གཉན་སྲིན་ (Nipah Virus) འགོས་པའི་ནད་པ་ཐོན་པའི་གནས་ཚུལ་བྱུང་ཡོད་སྟབས། ཀར་ན་ཊ་ཀ་མངའ་སྡེ་གཞུང་ངོས་ནས་མེ་སོར་གཙོས་པའི་འབྲེལ་ཡོད་ས་གནས་གསུམ་ནང་ངེས་གཟབ་དགོས་པའི་ལམ་སྟོན་ཕེབས་ཡོད་པ་ལྟར། སྦེལ་ཀོབ་དང་ཀོ་ལེ་གྷལ། ཧུན་སུར་གཞིས་ཆགས་ཀྱི་བོད་མི་རྣམས་ཀྱིས་དོ་གཟབ་དགོས་པ་དང་། ནི་པ་གཉན་སྲིན་གྱི་ནད་རྟགས་གཙོ་བོ་ཁག་ནི་ཚ་བ་འཕར་བ་དང་། མགོ་ན་བ། ལུས་སྟོབས་ཟད་པ། རིག་པ་གྲིབ་པ་ལྟ་བུ། དབུགས་གཏོང་ལེན་དཀའ་བ་དང་། སྐྱུག་མེར་ལངས་བ་སོགས་ཡིན་པས། ནད་རྟགས་དེ་རིགས་ཐོན་པ་རྣམས་ཀྱིས་སྨན་པར་བསྟེན་གཏུག་དགོས་སྐོར་གསུངས་འདུག

དེ་བཞིན་ད་བར་བོད་ཀྱི་སྨན་རྩིས་ཁང་ནས་རིན་མེད་ཐོག་གསོ་རིག་ལུས་སེམས་ནད་གསོའི་སྨན་༥༡༨༣༧ བགོ་འགྲེམས་དང་། དམིགས་བསལ་བྱིས་པ་རྣམས་ལ་ལུས་སེམས་ནད་གསོའི་སྨན་༡༣༡༥༡ བགོ་འགྲེམས་བྱུང་ཡོད་ཅིང་།  འདས་པའི་བདུན་ཕྲག་གཅིག་རིང་མི་གྲངས་༤༣ ལ་སེམས་ཁམས་འཕྲོད་བསྟེན་ལམ་སྟོན་གནང་ཡོད་པ་དང་རྒྱ་གར་གྱི་ས་གནས་༡༣ དང་བལ་ཡུལ་ནང་གི་ས་གནས་གྲངས་༤ ནས་མི་གྲངས་༨༤༨ ལ་ཏོག་དབྱིབས་བརྟག་དཔྱད་གནང་ཡོད་པ་རེད། ད་བར་རྒྱ་གར་ནང་ཏོག་དབྱིབས་འགོག་ཁབ་ཚར་གཉིས་ཀ་བརྒྱབ་ཟིན་པའི་མི་གྲངས་༣༡༥༦༡ ཆགས་ཡོད་པ་དང་། བལ་ཡུལ་ནང་འགོག་ཁབ་གཉིས་ཀ་བརྒྱབ་ཟིན་པ་མི་༣༡༩༡ དང་འགོག་ཁབ་ཚར་དང་པོ་ཐོབ་མཁན་མི་གྲངས་༥༣༣ ཆགས་ཡོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ། 

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།