བོད་མི་དཀར་པོ་ཆེ་བུ་ཁྲིད་བསྐྱར་དུ་མངའ་སྡེའི་གྲོས་ཚོགས་འཐུས་མིར་བདམས། 

ཁེ་ན་ཌ་གནས་སྡོད་བོད་པའི་བུད་མེད་དཀར་པོ་ཆེ་བུད་ཁྲིད། ཨོན་ཀྲེ་རོ་མངའ་སྡེའི་གྲོས་ཚོགས་འཐུས་མིར་བསྐྱར་དུ་འདེམས་ཐོན་བྱུང་འདུག་པ་དང་། ཁོང་ནི་བྱང་ཨ་རིའི་ནང་བོད་མི་ཞིག་མངའ་སྡེའི་གྲོས་ཚོགས་འཐུས་མིར་འདེམས་ཐོན་བྱུང་མཁན་དང་པོ་དེ་ཆགས་ཡོད་པ་རེད། 

ཁེ་ན་ཌ་གནས་སྡོད་བོད་པའི་བུད་མེད་དཀར་པོ་ཆེ་བུད་ཁྲིད། ཨོན་ཀྲེ་རོ་མངའ་སྡེའི་གྲོས་ཚོགས་འཐུས་མིར་བསྐྱར་དུ་འདེམས་ཐོན་བྱུང་འདུག་པ་དང་། ཁོང་ནི་བྱང་ཨ་རིའི་ནང་བོད་མི་ཞིག་མངའ་སྡེའི་གྲོས་ཚོགས་འཐུས་མིར་འདེམས་ཐོན་བྱུང་མཁན་དང་པོ་དེ་ཆགས་ཡོད་པ་རེད། 

ཟླ་༦ པའི་ཚེས་༢ ཉིན་ཁེ་ན་ཌའི་མངའ་སྡེ་ཨོན་ཀྲེ་རོའི་གྲོས་ཚོགས་འོས་བསྡུ་བྱས་ཡོད་འདུག་པ་དང་། གྲུབ་དོན་དུ་བོད་མི་མང་པོ་གནས་ཡུལ་པག་ཌེལ་ཧེ་པག་ས་གནས་ཀྱི་གྲོས་ཚོགས་འཐུས་མིར་དཀར་པོ་ཆེ་བུ་ཁྲིད་བསྐྱར་དུ་འདེམས་ཐོན་བྱུང་འདུག ཐེངས་འདིར་ཁོང་གི་འོས་གྲངས་ཀྱི་བརྒྱ་ཆ་༥༣.༣ ཐོབ་ཡོད་འདུག་པས། ཚད་མཐོའི་རྒྱབ་སྐྱོར་ཐོབ་ཡོད་པ་དང་། ཨང་གཉིས་པ་དེར་འོས་གྲངས་བརྒྱ་ཆ་༢༢.༠༤ ཐོབ་འདུག 

དཀར་པོ་ཆེ་བུ་ཁྲིད་བལ་ཡུལ་དུ་སྐྱེས་པ་དང་། རྒྱ་གར་ནས་གཞི་རིམ་སློབ་སྦྱོང་བྱས་རྗེས། ཕྱི་ལོ་༢༠༠༢ ལོར་ཁེ་ན་ཌར་གནས་སྤོས་བྱས་ཡོད་པ་དང་། དེ་གར་སློབ་སྦྱོང་མུ་མཐུད་བྱས་ཏེ་སྤྱི་དམངས་འཕྲོད་བསྟེན་སྲིད་བྱུས་ཐོག་འབུམ་རམས་པའི་སློབ་གཉེར་བྱེད་བཞིན་ཡོད་འདུག ཁོང་གིས་སྐབས་༤ རིང་མངའ་སྡེའི་གྲོས་ཚོགས་འཐུས་མི་བྱེད་མྱོང་མཁན་ཆཱེ་རི་ཌེ་ནོ་ཝོའི་ལས་ཁུངས་སུ་ལོ་བརྒྱད་ལས་ཀ་བྱས་ཡོད་འདུག་པ་དང་། རྗེས་སུ་ལས་ཁུངས་དེའི་ལས་བྱེད་མཐོ་ཤོས་ཆགས་ཡོད་པ་རེད།

ཕྱི་ལོ་༢༠༡༧ ལོའི་ཟླ་༩ པའི་ནང་ཁེ་ན་ཌའི་མང་གཙོ་ཚོགས་པ་གསར་པ་ཞེས་པའི་སྲིད་དོན་ཚོགས་པས། ཕྱི་ལོ་༢༠༡༨ ལོའི་ཨོན་ཌེ་རོའི་མངའ་སྡེའི་གྲོས་ཚོགས་འོས་བསྡུར། པག་ཌེལ་དང་ཧེ་པག་ས་གནས་ཀྱི་གྲོས་ཚོགས་འཐུས་མིའི་འོས་མི་ཁོངས་སུ་བསྐོ་གཞག་བྱས་ནས་འོས་འགྲན་ནང་བཞུགས་ཡོད་པ་དང་། གྲུབ་དོན་དུ་ཁོང་ལ་ཚད་མཐོའི་རྒྱབ་སྐྱོར་ཐོག་ནས་རྒྱལ་ཁ་ཐོབ། བཙན་བྱོལ་ནང་དུ་བོད་མི་ཞིག་ལ་མངའ་སྡེའི་གྲོས་ཚོགས་འཐུས་མིར་འདེམས་ཐོན་བྱུང་མཁན་དང་པོ་ཆགས་ནས། བོད་མི་ཚོས་དགའ་བསུ་ཆེན་པོ་ཞུས་ཡོད་པ་རེད། །

གསར་འགོད་པ་སྐལ་བཟང་དོན་གྲུབ། 

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།