བོད་མི་དགུན་ཚོང་པའི་སྦྱིན་གཏོང་།
ཟླ་འདིའི་ཚེས་༡༠ ཉིན་ཏེ། ༧གོང་ས་མཆོག་གིས་ནོ་སྦེལ་ཞི་བདེའི་གཟེངས་བཞེས་ནས་ལོ་༢༧ འཁོར་བའི་ཉིན་མོ་དང་སྟབས་བསྟུན། རྒྱ་གར་ཨེམ་དྷ་བྷ་ཏི་ས་གནས་ཀྱི་བོད་མི་དགུན་ཚོང་རྒྱག་མཁན་ཚོས། གྱོན་ཆས་གསར་པ་བསྡུ་རུབ་བྱས་ཏེ། ས་གནས་ཀྱི་ཡུལ་མི་ནང་མེད་མཁན་ཚོར་སྦྱིན་གཏོང་བྱས་ཡོད་པ་རེད།

བོད་མིའི་ཁྲོམ་སའི་ཚོང་པ་བསྟན་འཛིན་བྱང་ཆུབ་ཀྱིས། ཁོང་ཚོས་དེ་ལྟར་སྦྱིན་གཏོང་དགོས་དོན། བོད་མི་སྐྱབས་བཅོལ་བ་མང་པོའི་ས་གནས་དེར་དགུན་ཚོང་བྱས་ཏེ་སྡོད་ཀྱི་ཡོད་པ་དང་། དེ་བཞིན་༧གོང་ས་མཆོག་གིས་དུས་རྒྱུན་ས་གནས་ཀྱི་ཡུལ་མིར་འཆམ་མཐུན་དང་སྐྱོ་པོ་ཚོར་ལྟ་སྐྱོང་དགོས་པའི་བཀའ་སློབ་ལམ་སྟོན་གནང་གི་ཡོད་པ་ལྟར། ཉིན་དེར་སྦྱིན་གཏོང་གི་ལས་ཀ་དེ་བྱས་པ་ཡིན་སྐོར་འགྲེལ་བརྗོད་བྱས་སོང་།།