བོད་མིའི་སྒྲིག་འཛུགས་ཀྱི་སྔོན་རྩིས་གཏན་འབེབས་དང་གྲོས་ཚོགས་མཇུག་བསྡོམས།

ཟླ་འདིིའི་ཚེས་༩ ནས་ཉིན་༡༠ རིང་སྐབས་༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བདུན་པ་དེ་འཚོགས་པ་དང་། ཐེངས་འདིའི་གྲོས་ཚོགས་ནང་གཙོ་བོ་༢༠༡༩་་༢༠༢༠ ལོའི་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་དགོས་དངུལ་སྔོན་རྩིས་ཧིན་སྒོར་ས་ཡ་ཉིས་སྟོང་ལྔ་བརྒྱ་བཅུ་མེད་ལྔ་དང་དྲུག་འབུམ་དྲུག་ཁྲི་སུམ་སྟོང་བདུན་བརྒྱ་དགུ་བཅུ་གོ་བརྒྱད་དང་། ཕྱོགས་བསྡོམས་མ་དངུལ་ནང་མ་ཚུད་པ་ས་ཡ་སུམ་ཅུ་སོ་བརྒྱད་དང་ལྔ་འབུམ་བདུན་ཁྲི་བརྒྱད་སྟོང་བརྒྱ་དང་བཅུ་གཉིས་གཏན་འབེབས་བྱས་ཡོད་པ་རེད།

ཟླ་འདིིའི་ཚེས་༩ ནས་ཉིན་༡༠ རིང་སྐབས་༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བདུན་པ་དེ་འཚོགས་པ་དང་། ཐེངས་འདིའི་གྲོས་ཚོགས་ནང་གཙོ་བོ་༢༠༡༩་་༢༠༢༠ ལོའི་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་དགོས་དངུལ་སྔོན་རྩིས་ཧིན་སྒོར་ས་ཡ་ཉིས་སྟོང་ལྔ་བརྒྱ་བཅུ་མེད་ལྔ་དང་དྲུག་འབུམ་དྲུག་ཁྲི་སུམ་སྟོང་བདུན་བརྒྱ་དགུ་བཅུ་གོ་བརྒྱད་དང་། ཕྱོགས་བསྡོམས་མ་དངུལ་ནང་མ་ཚུད་པ་ས་ཡ་སུམ་ཅུ་སོ་བརྒྱད་དང་ལྔ་འབུམ་བདུན་ཁྲི་བརྒྱད་སྟོང་བརྒྱ་དང་བཅུ་གཉིས་གཏན་འབེབས་བྱས་ཡོད་པ་རེད།

དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་༢༠༡༩་་༢༠༢༠ ལོའི་ལས་ཁུངས་མ་ལག་དང་བཅས་པའི་དགོས་དངུལ་སྔོན་རྩིས་བཀའ་འཁྲོལ་རྩིས་ལོའི་ནང་སྔོན་རྩིས་མ་དངུལ་ནས་རྒྱུན་གྲོན་དང་དམིགས་བསལ་འགྲོ་འཆར་༧༩༣་༠༢༩་༥༥༨ དང་། རྩིས་ལོའི་ནང་ཟུར་བཀོལ་རྩིས་ཁོངས་ནས་འགྲོ་འཆར་༡་༧༡༢་༦༣༤་༢༤༠། བསྡོམས་ཧིན་སྒོར་༢་༥༠༥་༦༦༣་༧༩༨། ཕྱོགས་བསྡོམས་མ་དངུལ་ནང་མ་ཚུད་པའི་བཀའ་ཁྲོལ་ཁག་རྩིས་ལོའི་ནང་སྦེང་ལོར་ལྷོ་སྤྱི་ལས་ཁུངས་དང་ས་གནས་འཐུས་མིའི་ཚོགས་འདུ་མེད་པའི་ས་གནས་ཁག་ལྔའི་སྔོན་རྩིས་འགྲོ་འཆར་༣༢་༦༦༡་༠༧༠། རྩིས་ལོའི་ནང་འཕྲོད་བསྟེན་ཁྱབ་ཁོངས་མངོན་དགའ་སློབ་སློབ་གྲྭ་དང་སྨན་ཁང་ཁག་༣ གྱི་སྔོན་རྩིས་༥་༩༡༧་༠༤༢ བཅས་བསྡོམས་ཧིན་སྒོར་༣༨་༥༧༨་༡༡༢ གཏན་འབེབས་བྱས་ཡོད་པ་རེད།

དེ་ཡང་ཀ་པ་ངེས་ཅན་གྱི་འགྲོ་གྲོན་༢་༣༦༧་༢༡༡། ཁ་པ། ཁྲིམས་བཟོ་ལྷན་ཚོགས་༩༧་༡༤༧་༧༣༤། ག་པ། ཆབ་སྲིད་དང་འབྲེལ་བའི་ལས་ཁུངས་ཁག་༥༩༡་༧༥༥་༣༤༢། ང་པ། འཛིན་སྐྱོང་དང་འབྲེལ་བའི་ལས་ཁུངས་ཁག་༣༩༦་༠༡༢་༦༠༣། ཅ་པ། སྤྱི་ཚོགས་དང་འབྲེལ་བའི་ལས་ཁུངས་ཁག་༡་༤༡༨་༣༨༠་༩༠༨། ཆ་པ། བསྡོམས་ཧིན་སྒོར་༢་༥༠༥་༦༦༣་༧༩༨ བཅས་དང་། ལྷོ་སྤྱི་ལས་ཁུངས་དང་ས་གནས་འཐུས་མིའི་ཚོགས་འདུ་མེད་པའི་ས་གནས་ཁག་ལྔའི་སྔོན་རྩིས་བཀའ་ཁྲོལ་བསྡོམས་༣༢་༦༦༡་༠༧༠། འཕྲོད་བསྟེན་ཁྱབ་ཁོངས་མངོན་དགའ་སློབ་སློབ་གྲྭ་དང་སྨན་ཁང་ཁག་༣ གྱི་སྔོན་རྩིས་བསྡོམས་༥་༩༡༧་༠༤༢ བཅས་གཏན་འབེབས་བྱས་ཡོད་པ་རེད།

སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་ཀྱིས་ཚོགས་གཙོའི་མཇུག་བསྡོམས་གསུང་བཤད་དུ། གྲོས་ཚོགས་ཚོགས་དུས་འདིའི་རིང་ལས་དོན་རྣམས་ཡག་པོ་བྱུང་སྐོར་གསུངས་རྗེས། “ཐེངས་འདིའི་གྲོས་ཚོགས་ནང་དབུ་མའི་ལམ་གྱི་སྐོར་རེད། དོ་རྒྱལ་སྐོར་དེ་འདྲ་མང་པོ་ཞིག་སླེབས་སོང་། དབུ་མའི་ལམ་དེ་དོན་ངོ་མ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུངས་པ་ནང་བཞིན་རེད། རྩ་་བའི་༧རྒྱལ་བ་རིན་པོ་ཆེའི་བཀའི་དགོངས་པ་མ་འོངས་མངོན་གཟིགས་ཡིན་པ་གང་ཞིག་ལ། རྒྱ་ཆེའི་མང་ཚོགས་གཞིས་བྱེས་གཉིས་ཀྱིས་རྒྱབ་སྐྱོར་ཤུགས་ཆེན་པོ་ཡོད་པའི་ཐོག་ནས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་འབེབས་གནང་བཞག་པ་ཞིག་ཆགས་བསྡད་ཡོད་རེད། དེར་བརྟེན་ང་ཚོ་ཚང་མས་དེའི་ཐོག་མཇུག་སྐྱོང་གནང་དགོས་པ་དེ་གལ་ཆེན་ཞིག་རེད།”ཅེས་དང་། “དེ་ནས་དོ་རྒྱལ་སྐོར་དེ་ང་ཚོས་བོད་པ་གཅིག་ཡིན་ནའང་ཚུར་བསྡུས་དགོས་པ་རེད། ཡིན་ནའང་ང་ཚོ་བོད་པ་གཅིག་གི་ངོ་བོའི་ཆ་ནས་སོ་སོས་སྲུང་དགོས་པ་མང་པོ་ཞིག་ཡོད་རེད། དེ་ཚོ་སྲུང་དགོས་ཀྱི་རེད་མ་གཏོགས་རྒྱབ་འགལ་རྐྱང་བྱས་བསྡད་ན་ཚུར་ལེན་ཐབས་ཡོད་པ་མ་རེད། དེ་བཞིན་ཁ་སང་སྤྱི་འཐུས་ཁག་ཅིག་གིས་རྒྱབ་ལྗོངས་རྒྱུ་མཚན་དང་བཅས་པ་གསལ་བཤད་ཡག་ཐག་ཆོད་གནང་སོང་། དེར་བརྟེན་གལ་ཏེ་ཁོ་རང་ཚོས་བླང་དོར་ལྡོག་ཤེས་བྱས་པ་ཡིན་ན་ང་ཚོས་ཚུར་བསྡུས་དགོས་ཀྱི་ཡོད་རེད། དེ་འདྲ་མ་བྱས་ན་ཡོང་ཐབས་ཡོད་པ་མ་རེད།”ཅེས་གསུངས་རྗེས། བོད་དང་བོད་མི་རིགས་ཀྱི་ཆེད་དུ་ཚང་མས་མུ་མཐུད་ནས་ནུས་པ་མཉམ་སྤུངས་དང་རྡོག་རྩ་གཅིག་སྒྲིལ་བྱེད་རྒྱུ་གལ་ཆེན་ཡིན་པ་དང་། ཐེངས་འདིའི་གྲོས་ཚོགས་ནང་སྲིད་སྐྱོང་གིས་བཀའ་བློན་འོས་དམིགས་ཞིག་མིང་འདོན་གནང་ནས། ཙོགས་གཙོས་སྔོན་ཚུད་ནས་གསལ་བཤད་དང་། འོས་ཤོག་གྲངས་བཤེར་སྐབས་བཅའ་ཁྲིམས་དང་དེ་སྔོན་གྱི་གནང་སྟངས་ལ་གཞིར་བཟུང་གིས་བཀའ་བློན་འདེམས་ཐོན་གྱི་བརྒྱ་ཆ་ལོན་ཡོད་པའི་ཐག་གཅོད་བྱས་ཀྱང་། ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་བརྒྱ་ཆ་ལོན་མེད་པ་གསུངས་པའི་གནས་སྟངས་ཆགས་ཡོད་སྐོར་དང་། དེ་བཞིན་མང་ཚོགས་རྩིས་ཁྲ་ཚོགས་ཆུང་གི་སྙན་ཐོའི་ཐོག་དང་བགྲོ་གླེང་ནང་། ཚོགས་ཆུང་ཞིག་བཙུགས་དགོས་པའི་རྒྱབ་གཉེར་གནང་བ་ལྟར། སྤྱི་འཐུས་རྒྱུན་ལས་ནང་གོ་བསྡུར་གནང་རྒྱུ་ཡིན་སྐོར་གསུངས་སོང་།

དེ་བཞིན་ཚོགས་གཙོས་ཉེ་ཆར་༧གོང་ས་མཆོག་དང་མཇལ་ཁ་ཞུས་སྐབས། རྒྱ་གར་མངའ་སྡེའི་གྲོས་ཚོགས་ཁག་ནང་བོད་དོན་རྒྱབ་སྐྱོར་ཚོགས་པ་འཛུགས་རྒྱུ་གལ་ཆེན་ཡིན་སྐོར་བཀའ་གནང་བ་ལྟར། བོད་མི་གནས་སྡོད་ཀྱི་མངའ་སྡེ་ཁག་ནང་གྲོས་ཚོགས་འཐུས་མི་རྣམས་ཕེབས་སྐབས་རྒྱབ་སྐྱོར་ཚོགས་པ་འཛུགས་ཐུབ་ན་ཡག་ཤོས་དང་། མ་ཐུབ་ནའང་ལས་དོན་འགོ་འཛུགས་གནང་དགོས་པ། ལས་དོན་མཇུག་སྐྱོང་དེ་ས་གནས་འགོ་འཛིན་དང་ས་གནས་གྲོས་ཚོགས་ཀྱིས་གནང་དགོས་སྐོར་གསུངས་སོང་།

གྲོས་ཚོགས་ནང་འདེམས་ཐོན་བྱུང་བའི་བཀའ་བློན་འོས་གྲངས་བརྒྱ་ཆ་ལོན་ཡོད་མེད་ལ་ཆེས་མཐོའི་ཁྲིམས་ཞིབ་དང་གྲོས་ཚོགས་བར་བརྒྱ་ཆ་སྐོར་སྟངས་དང་བཀའ་ཁྲིམས་ལ་འགྲེལ་བཤད་འདྲ་མིན་གྱིས་ཐག་གཅོད་མ་བྱུང་བར་ལྷག་ཡོད་པ་རེད།།

གསར་འགོད་པ་ཆོས་ཉིད་འོད་ཟེར།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།