བོད་མིའི་སྒྲིག་འཛུགས་ཀྱི་ལོ་གཅིག་གི་སྔོན་རྩིས་བསྡོམས་ཧིན་སྒོར་༢,༥༨༨,༩༧༩,༨༩༤ གཏན་འབེབས་བྱས་སོང་།
ཟླ་འདིའི་ཚེས་༣༡ ཉིན་ཏེ། དྷ་སའི་གངས་སྐྱིད་གྲོས་ཚོགས་ཚོགས་ཁང་དུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་༡༧ པའི་གྲོས་ཚོགས་ཚོགས་དུས་༣ པའི་ཉིན་མཐའ་མའི་ཉིན། བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་༢༠༢༢༌༌༢༠༢༣ ལོའི་ལས་ཁུངས་ཁག་གི་ཕྱོགས་བསྡོམས་འགྲོ་གྲོན་སྔོན་རྩིས་ཧིན་སྒོར་༢,༥༤༢,༢༡༥,༧༤༩ གཏན་འབེབས་བྱས་ཡོད་པ་རེད།
ཟླ་འདིའི་ཚེས་༣༡ ཉིན་ཏེ། དྷ་སའི་གངས་སྐྱིད་གྲོས་ཚོགས་ཚོགས་ཁང་དུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་༡༧ པའི་གྲོས་ཚོགས་ཚོགས་དུས་༣ པའི་ཉིན་མཐའ་མའི་ཉིན། བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་༢༠༢༢༌༌༢༠༢༣ ལོའི་ལས་ཁུངས་ཁག་གི་ཕྱོགས་བསྡོམས་འགྲོ་གྲོན་སྔོན་རྩིས་ཧིན་སྒོར་༢,༥༤༢,༢༡༥,༧༤༩ དང་། མ་དངུལ་ནང་མ་ཚུད་པ་བསྡོམས་༤༥,༧༦༤,༡༤༥ བཅས་གཏན་འབེབས་བྱས་ཡོད་པ་རེད།
བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་༢༠༢༢ ལོའི་ཟླ་༤ ནས་༢༠༢༣ ལོའི་ཟླ་༤ བར་གྱི་ལས་ཁུངས་ཁག་གི་ཕྱོགས་བསྡོམས་འགྲོ་གྲོན་ནང་གསེས་ ཀ ངེས་ཅན་འགྲོ་གྲོན་བསྡོམས་༢,༤༩༣,༠༢༦ དང་། ཁ ཁྲིམས་བཟོ་ལྷན་ཚོགས་དང་ཁྲིམས་ལུགས་དབང་འཛིན་གྱི་འགྲོ་གྲོན་བསྡོམས་༧༣,༤༠༢,༨༧༢ ། ག ཆབ་སྲིད་དང་འབྲེལ་བའི་ལས་ཁུངས་ཁག་གི་འགྲོ་གྲོན་བསྡོམས་༥༢༥,༢༩༣,༧༥༡ ། ང འཛིན་སྐྱོང་དང་འབྲེལ་བའི་ལས་ཁུངས་ཁག་གི་འགྲོ་གྲོན་བསྡོམས་༢༡༢,༢༡༤,༨༤༤ ། ཅ སྤྱི་ཚོགས་དང་འབྲེལ་བའི་ལས་ཁུངས་ཁག་གི་འགྲོ་གྲོན་བསྡོམས་༡,༧༢༨,༨༡༡,༢༥༧ བཅས་ཕྱོགས་བསྡོམས་ཧིན་སྒོར་༢,༥༤༢,༢༡༥,༧༤༩ གཏན་འབེབས་བྱས་ཡོད་པ་རེད།
ཕྱོགས་བསྡོམས་མ་དངུལ་ནང་མ་ཚུད་པའི་འགྲོ་གྲོན་ལྷོ་སྤྱི་ལས་ཁུངས་དང་ས་གནས་འཐུས་མིའི་ཚོགས་འདུ་མེད་པའི་ས་གནས་ཁག་ལྔའི་སྔོན་རྩིས་བཀའ་ཁྲོལ་བསྡོམས་སྒོར་༣༦,༤༤༣,༡༩༣ དང་། འཕྲོད་བསྟེན་ཁྱབ་ཁོངས་མངོན་དགའ་སློབ་གྲྭ་དང་སྨན་ཁང་ཁག་༣ གྱི་སྔོན་རྩིས་བཀའ་ཁྲོལ་བསྡོམས་སྒོར་༡༠,༣༢༠,༩༥༣ བཅས་གཏན་འབེབས་བྱས་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།