བོད་མིའི་སྒྲིག་འཛུགས་ཀྱི་གློག་འཕྲུལ་ཡིག་ཚགས་དབུ་འབྱེད།
ཟླ་འདིའིི་ཚེས་༡ རེས་གཟའ་པ་སངས་ཉིན་གྱི་སྔ་དྲོ་དྷ་སའི་གངས་སྐྱིད་སྲིད་སྐྱོང་ཚོགས་ཁང་དུ་ བོད་མིའི་སྒྲིག་འཛུགས་ཀྱི་གློག་འཕྲུལ་ཡིག་ཚགས་(e-filing)དངོས་སུ་འགོ་འཛུགས་གནང་རྒྱུའི་དབུ་འབྱེད་མཛད་སྒོའི་ཐོག སྲིད་སྐྱོང་སྤེན་པ་ཚེ་རིང་དང་། ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ། ཤེས་རིག་བཀའ་བློན་ཐར་ལམ་སྒྲོལ་མ་སོགས་ཕེབས་འདུག

སྐབས་དེར་སྲིད་སྐྱོང་སྤེན་པ་ཚེ་རིང་གིས། དེ་རིང་ནས་དེང་དུས་ཀྱི་འཕྲུལ་རིག་དང་མཐུན་པའི་གོམ་པ་ཞིག་སྤོ་རྒྱུ་འགོ་འཛུགས་ཀྱི་ཡོད་པ་དང་། དེ་ཡང་ཐོག་མ་དྷ་རམ་ས་ལ་ནས་ནང་ཁུལ་གྱི་ཡིག་འབྲེལ་ཚང་མ་དྲ་ཐོག་ནས་གཏོང་ཐུབ་པ་ཡིན་ན། གཅིག་ནས་དྲ་རྒྱའི་ཐོག་འཛིན་སྐྱོང་བྱེད་རྒྱུའི་ཆ་ཤས་ཤིག་ཆགས་པ་རེད་ཅེས་དང་། དེ་མིན་ཕྱི་ལོ༡༩༥༩ ནས་ཕྱི་ལོ་༢༠༢༢ བར་གྱི་ཡིག་ཚགས་གང་ཡོད་པ་ཐམས་ཅད་འཚག་སེལ་བྱས་ནས་ཉར་རྒྱུ་དང་རིམ་པས་དབྱེ་ཞིབ་བྱས་ནས་ཡིག་ཆ་འཚོལ་བདེ་རུ་གཏོང་རྒྱུ་ཡིན་སྐོར་
གསུངས་སོང་། གཞན་ཡང་དྷ་ས་ཁུལ་གྱི་ལས་ཀ་དེ་ཚར་ན་རྒྱལ་ཁབ་གཞན་ནང་ཡོད་པའི་དོན་གཅོད་ཁང་ཁག་གི་ནང་ཡོད་པའི་ཡིག་ཆ་གལ་ཆེ་བ་དག་ཀྱང་ཡར་བསྡུས་ནས་དེང་དུས་དང་མཐུན་པའི་ཉར་ཚགས་བྱེད་རྒྱུ་ཡིན་པ་དང་ལས་གཞི་དེ་ལ་མ་འོངས་ལོ་གསུམ་དང་ལྔའི་དུས་ཚོད་འགོར་གྱི་ཡོད་སྐོར་གསུངས་སོང།
དེའི་རྗེས་ཕྱི་འབྲེལ་དྲུང་ཆེས་ཐེངས་འདིའི་གློག་འཕྲུལ་ཡིག་ཚགས་ཀྱི་ལས་གཞི་དེ་ནི་གཙོ་བོ་ཕྱི་འབྲེལ་ལས་ཁུངས་ཀྱི་ཀམ་པུ་ཊར་སྡེ་ཚན་གྱིས་འགོ་འཛུགས་བྱས་པ་དང་། ལས་གཞི་དེའི་ངོ་བོ་གཙོ་བོ་ལས་ཀ་ལས་སླ་རུ་དང་སྟབས་བདེ་རུ་གཏོང་རྒྱུ་དེ་ཡིན་སྐོར་གསུངས་སོང་བ་མ་ཟད། ལས་གཞི་དེ་དང་འབྲེལ་བའི་ཐ་སྙད་གསར་པ་མང་དག་ཅིག་ཡོད་པ་རྣམས་ནི་ཤེས་རིག་ལས་ཁུངས་ཀྱི་ཐ་སྙད་ཚན་པས་བོད་བསྒྱུར་བྱས་པ་ཡིན་སྐོར་འགྲེལ་བརྗོད་གནང་སོང་།།
གསར་འགོད་པ་བློ་བཟང་རྒྱ་མཚོ།