བོད་རྒྱ་ཐའེ་གསུམ་གྱི་རྩོམ་པ་པོ་མཉམ་འབྲེལ་གྱིས་ཧོང་ཀོང་ཞི་རྒོལ་ལ་རྒྱབ་སྐྱོར་གསལ་བསྒྲགས།

ཧོང་ཀོང་གྲོས་ཚོགས་ནས་ཕྱི་ལོ་༢༠༡༩ ལོའི་ཟླ་༦ ཚེས་༡༢ ཉིན“ཉེས་ཅན་རྩིས་སྤྲོད་ཀྱི་སྲོལ་ཡིག་”ཟེར་བའི་ནང་དོན་གཏན་འབེབ་ཐད་ཚོགས་ཐེངས་གཉིས་པ་བསྡུ་རྩིས་བྱས།

ཧོང་ཀོང་གྲོས་ཚོགས་ནས་ཕྱི་ལོ་༢༠༡༩ ལོའི་ཟླ་༦ ཚེས་༡༢ ཉིན“ཉེས་ཅན་རྩིས་སྤྲོད་ཀྱི་སྲོལ་ཡིག་”ཟེར་བའི་ནང་དོན་གཏན་འབེབ་ཐད་ཚོགས་ཐེངས་གཉིས་པ་བསྡུ་རྩིས་བྱས།

བྱེད་སྟངས་འདི་ཕྱི་ལོ་༡༩༩༧ ལོ་ནས་རྒྱ་ནག་དམར་ཤོག་གཞུང་གིས་ཧོང་ཀོང་དུ་ལག་བསྟར་བྱས་པའི་“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས། ཧོང་ཀོང་བས་ཧོང་ཀོང་སྐྱོང་བའི་”རྩ་བའི་ཁྲིམས་གཞི་དང་འགལ་བ་ལྟག་སྤྲོད་དུ་གྱུར་ཡོད་པས། ཧོང་ཀོང་བས་རང་འགུལ་གྱིས་དེ་ལ་ངོ་རྒོལ་ཆེད་ལས་མཚམས་འཇོག་པ་དང་སློབ་མཚམས་འཇོག་པ། ཚོང་མཚམས་འཇོག་པ་དང་གྲོས་ཚོགས་མདུན་ངོ་རྒོལ་བཅས་ཀྱི་ཞི་བའི་ལས་འགུལ་དེང་གི་ཆར་ཡང་རྒྱུན་མཐུད་ཀྱིན་ཡོད། ངོ་རྒོལ་ལས་འགུལ་གྱི་གཞི་རྒྱ་ཆེ་བ་དང་སྤྱོད་པ་ཞི་འཇམ་ཡིན་པར་བརྟེན་ཏེ་འཛམ་གླིང་ཧྲིལ་བོའི་མིག་དཔེ་རང་བཞིན་དུ་གྱུར་ཡོད།

འོན་ཀྱང་། རྒྱ་ནག་དམར་ཤོག་གཞུང་གི་སྟངས་འཛིན་འོག་ཏུ་ཡོད་པའི་ཧོང་ཀོང་སྲིད་གཞུང་གིས་ཉེན་རྟོག་པ་དང་སྤྱི་ཚོགས་ནག་པོའི་སྟོབས་ཤུགས་རྒྱ་ཡན་ལ་བཏང་ནས་ལག་སྟོང་མཆན་ལ་བཙིར་བའི་ཞི་རྒོལ་མང་ཚོགས་ལ་དྲག་གནོན་བྱེད་འགོ་ཚུགས་ཡོད། ཕྱོགས་མང་པོ་ནས་ལྟ་སྐབས། རྒྱ་ནག་དམར་ཤོག་གཞུང་གིས་ཧོང་ཀོང་ནང་དུའང་རྒྱ་ནག་གི་དྲུག་བཞིའི་དམངས་གཙོ་ལས་འགུལ་དང་ཤར་ཏིར་ཀི་སི་ཐན། ལྷོ་སོག་དང་བོད་བཅས་ཀྱི་རང་དབང་ལས་འགུལ་ལ་ཁྲག་དྲི་འཐུལ་བའི་དྲག་གནོན་བྱས་དང་བྱེད་ཀྱིན་པའི་སྐྱོ་གར་བསྐྱར་དུ་འཁྲབ་མི་སྲིད་པ་མ་རེད།

སྐྱོ་གར་འདི་བསྐྱར་དུ་འཁྲབ་རྒྱུ་འགོག་སླད་རྩོམ་པ་པོ་ཞིག་ཡིན་པའི་ཆ་ནས་ང་ཚོས་ཧོང་ཀོང་གི་ཞི་རྒོལ་ལས་འགུལ་ལ་རྒྱབ་བསྐྱོར་དང་གཞོགས་འདེགས་ཀྱི་གསལ་བསྒྲགས་གཤམ་གསལ།

གཅིག ང་ཚོས་རྒྱ་ནག་དམར་ཤོག་གཞུང་གིས་ཧོང་ཀོང་གི་ཞི་བའི་ངོ་རྒོལ་སྟེང་དུ་རྒྱལ་ཁབ་དྲག་སྤྱོད་རིང་ལུགས་བེད་སྤྱོད་གཏོང་བའམ། སྒྲོ་བསྐུར་གང་རུང་གིས་ཉེས་པ་འགེལ་བའམ་གསང་བའི་ལམ་ནས་བཙན་ཁྲིད་ཀྱི་བྱེད་ཐབས་བཀོལ་ནས་དྲག་གནོན་བྱེད་སྲིད་པར་ཤུགས་ཆེན་པོས་ངོ་རྒོལ་བྱེད་ཀྱི་ཡོད།

གཉིས། ང་ཚོས་ཐ་གཅིག་ཏུ་ཧོང་ཀོང་བའི་དགོས་འདུན་དང་དྲག་པོའི་གཞུང་གི་སྔུན་དུ་མི་རེ་ངོ་རེ་ལ་རང་སྲུང་གི་ཐོབ་ཐང་ཡོད་པར་རྒྱབ་སྐྱོར་བྱེད་ཀྱི་ཡོད།

གསུམ། ང་ཚོས་རང་དབང་གི་ལུང་པ་དག་གིས་ཧོང་ཀོང་ལ་རྒྱབ་བསྐྱོར་དང་ཧོང་ཀོང་བའི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་མཁན་དཔོན་རིགས་ལ་ཉེས་ཆད་གཅོད་རོགས་ཀྱི་འབོད་སྐུལ་བྱེད་ཀྱི་ཡོད་པར་མ་ཟད། གལ་ཏེ་རྒྱ་ནག་དམར་ཤོག་གཞུང་གིས་ཧོང་ཀོང་ལ་དྲག་གནོན་བྱས་པ་ཡིན་ན། དབྱིན་གཞུང་ལ་ཧོང་ཀོང་ནང་དམག་མི་སྨན་པ་གཏོང་བའི་ལས་འགན་ཡོད་ལ། ཨ་རིའི་གཙོས་པའི་ནུབ་ཕྱོགས་རྒྱལ་ཁབ་ཁག་ལའང་དབྱིན་ཇི་ལ་གཞོགས་བྱེད་པའི་ཀུན་སྤྱོད་འོས་འགན་ཡོད་པར་འབོད་སྐུལ་ཞུ་གི་ཡོད།

བཞི། ང་ཚོས་གལ་བོ་ཆེ་ལ་ནན་ཏན་གྱིས་རྒྱ་ནག་མི་དམངས་ལ་ཧོང་ཀོང་བར་རྒྱབ་སྐྱོར་གནང་བར་འབོད་སྐུལ་བྱེད་ཀྱི་ཡོད། ཧོང་ཀོང་བའི་དཔའ་སྤོབས་དང་ཧུར་ཐག་ནི་རྒྱ་ནག་པ་མི་རེ་ངོ་རེ་ཡི་སེམས་ཁུང་དུ་ལོ་ངོ་བརྒྱ་ཕྲག་གཅིག་རིང་གཉིད་ལ་ཤོར་བའི་དམངས་གཙོ་དང་རང་དབང་གི་རྨི་ལམ་སློང་བྱེད་ཀྱི་དུང་བརྡར་འགྱུར་ངེས་ཡིན།

མཐར། ཧོང་ཀོང་བའི་འདོད་འདུན་འགྲུབ་པ་དང་རང་དབང་དམངས་གཙོའི་མེ་རླབས་འཛམ་གླིང་ལ་ཁེངས་པར་སྨོན། ཧོང་ཀོང་པ་ལགས་ཧུར་ཐག་གནང་རོགས།

ཕྱི་ལོ་༢༠༡༩ ལོའི་ཟླ་༨ ཚེས་༣༠ ཉིན།

རྒྱབ་བསྐྱོར་ས་ཡིག
བཙན་བྱོལ་རྒྱ་ནག་གི་རྩོམ་པ་པོ།

ཡོན་ཧོང་པེན། (རྒྱ་ནག་གི་བཙན་བྱོལ་རྩོམ་པ་པོ། ཁྲིམས་ལུགས་རིགས་པ་བ་དང་སྙན་ངག་པ།)

པའེ་ལིན། (རྒྱ་ནག་གི་བཙན་བྱོལ་སྙན་ངག་པ། རྩོམ་པ་པོ)

སུའུ་ཅོན་ཡན། ( རྒྱ་ནག་གི་བཙན་བྱོལ་རྩོམ་པ་པོ། སྲིད་དོན་དཔྱད་བརྗོད་པ། )

ཅང་ཇུ་ཤན། (རྒྱ་ནག་གི་བཙན་བྱོལ་རྩོམ་པ་པོ། )

ཐའེ་ཝན་གྱི་རྩོམ་པ་པོ།

ལིས་མེས་ཡོན། (ཐའེ་ཝན་སྙན་ངག་པ། རྩོམ་པ་པོ། ཐའེ་ཝན་རྒྱལ་ཁབ་སྒྱུ་རྩལ་རྩོམ་རིག་བྱ་དགའ་ཐོབ་མཁན། )

ཀྲུའུ་མིང་ཡང་། ( ཐའེ་ཝན་སྒྱུ་རྩལ་བ། རྩོམ་པ་པོ།)

ཝུའུ་ཅིན་ཧྥ། (ཐའེ་ཝན་རྩོམ་པ་པོ། སྲིད་དོན་དཔྱད་བརྗོད་པ། )

ཡེ་པོ་ཤང་། ( ཐའེ་ཝན་གསར་འགོད་པ། རྩོམ་པ་པོ། )

བཙན་བྱོལ་བོད་ཀྱི་རྩོམ་པ་པོ།

སྤྲེལ་ནག་པ་བློ་གྲོས་དཔལ་བཟང་། (རྩོམ་པ་པོ་དང་མཁས་དབང་། རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་གཙོ། )

འཇམ་དབྱངས་ནོར་བུ། (མིང་གྲགས་ཅན་གྱི་རྩོམ་པ་པོ་དང་བོད་རྒྱལ་ཁབ་སླར་གསོའི་ལས་འགུལ་བ། )

ཆུང་ཚེ་རིང་། ( རྩོམ་པ་པོ་དང་མིང་གྲགས་ཅན་གྱི་ལོ་ཙཱ་བ། )

ཆབ་བྲག་ལྷ་མོ་སྐྱབས། (མིང་གྲགས་ཅན་གྱི་རྩོམ་པ་པོ་དང་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་གཙོ་ཟུར་བ་དང་སྤྱི་འཐུས་ཟུར་བ།)

བཅུད་པུར་གཡང་མཁོ་རྒྱལ། (རྩོམ་པ་པོ་དང་བཙན་བྱོལ་བོད་གཞུང་དབུས་འོས་བསྡུ་ལས་ཁུངས་ཀྱི་འགན་འཛིན་གཞོན་པ་ཟུར་བ་མཐའ་མ།)

འཕྲིན་ལས་ཆོས་སྒྲོན། (ཆེད་ཞུས་མི་སྣ་དང་སྲིད་སྐྱོང་ལྕམ་སྲིང་།

དོན་གྲུབ་ལྷ་ཐར། (རྩོམ་པ་པོ་དང་བོད་ཀྱི་དབུས་གཞོན་ལྷན་གྱི་ཚོགས་གཞོན་ཟུར་བ། )

དོམ་པ་ཚེ་རིང་དབང་མོ། (མིང་གྲགས་ཅན་གྱི་སྐྱེས་མ་རྩོམ་པ་པོ། )

བསྟན་འཛིན་བསོད་ནམས། (རྩོམ་པ་པོ་དང་ལྷུག་རྩོམ་མཁན། མིང་གྲགས་ཆེ་བའི་གློག་བརྙན་འཁྲབ་ཁྲིད་པ། )

Ritu  Sarin ( གློག་བརྙན་འཁྲབ་ཁྲིད་པ་དང་བཟོ་བསྐྲུན་པ། སྒྱུ་རྩལ་བ། )

གཟུངས་ཕྱུག་སྐྱིད། (མིང་གྲགས་ཅན་གྱི་སྐྱེས་མ་སྙན་ངག་པ། )

བསྟན་འཛིན་བརྩོན་འགྲུས། (མིང་གྲགས་ཅན་གྱི་སྙན་ངག་པ། བོད་རྒྱལ་ཁབ་སླར་གསོའི་ལས་འགུལ་བ།)

བུ་ཆུང་བསོད་ནམས། (མིང་གྲགས་ཅན་གྱི་རྩོམ་པ་པོ། ལོ་ཙཱ་བ། )

བསྟན་འཛིན་རིག་གྲོལ། (མིང་གྲགས་ཅན་གྱི་སྒྱུ་རྩལ་བ། )

བསྟན་པ་དར་རྒྱས། (རྩོམ་པ་པོ། བོད་རྒྱལ་ཁབ་སླར་གསོའི་ལས་འགུལ་བ། )

གཉན་ཐར། (རྩོམ་པ་པོ། བོད་རིག་པ་སྨྲ་མཁན།)

ཆོས་ཉིད་འོད་ཟེར། (རྩོམ་པ་པོ། མིང་གྲགས་ཅན་གྱི་གསར་འགོད་ལས་རིགས་པ། )

བསྟན་རྡོར། (རྩོམ་པ་པོ། བོད་རྒྱལ་ཁབ་སླར་གསོའི་ལས་འགུལ་བ། )

བསྟན་འཛིན་ཉིན་བྱེད། (རྩོམ་པ་པོ། འགྲོ་བ་མིའི་ཐོབ་ཐང་ལས་འགུལ་བ། )

ལུང་རིགས་རྒྱལ། (བོད་དབྱིན་སྐད་གཉིས་སྙན་ངག་པ། མིང་གྲགས་ཅན་གྱི་གསར་འགྱུར་ལས་རིགས་པ། )

སྙན་བཟང་གཡུང་དྲུང་ཚེ་རིང་། (རྩོམ་པ་པོ། སྒེར་ཚུགས་ཅན་གྱི་ཞིབ་འཇུག་པ། )

JINGWA(མིང་གྲགས་ཅན་གྱི་སྐྱེས་མ་སྙན་ངག་པ། )

བན་དེ་སྐྱབས། (རྩོམ་པ་པོ། བོད་ཀྱི་གནད་དོན་ཞིབ་འཇུག་པ། )

བསོད་ནམས་སྟོབས་རྒྱལ། (ལོ་ཙཱ་བ། བོད་ཀྱི་གནད་དོན་ཞིབ་འཇུག་པ། )

བསྟན་པ་འབྲུག་གྲགས། (བརྙན་རིས་སྒྱུ་རྩལ་བ། བོད་རྒྱལ་ཁབ་སླར་གསོའི་ལས་འགུལ་བ། )

ཟླ་བ་ཚེ་རིང་། (རྩོམ་པ་པོ། བོད་ཧྥའི་གསར་འགྱུར་ལས་རིགས་པ། )

བསྟན་རྣམ། (རྩོམ་པ་པོ། བོད་ཧྥའི་གསར་འགྱུར་ལས་རིགས་པ། )

ནགས་ཤོད་ཅོང་བརྡ། (རྩོམ་པ་པོ། )

སྙིང་མིག (རྩོམ་པ་པོ། )

ཡུས་ངུ། (རྩོམ་པ་པོ།)

རྒོལ་མདའ། (རྩོམ་པ་པོ།)

སྟག་འབུམ་ཚེ་རིང་། (མིང་གྲགས་ཅན་གྱི་ན་གཞོན་རྩོམ་པ་པོ། )

ཨོ་རྒྱན་སྐྱབས། (རྩོམ་པ་པོ། སྐད་མང་ལོ་ཙཱ་བ། )

ན་བུན། (རྩོམ་པ་པོ། འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་པ། )

གུང་ཐང་འབྲུག་བྷེ། (རྩོམ་པ་པོ། བོད་རྒྱལ་ཁབ་སླར་གསོའི་ལས་འགུལ་བ། )

ཤེལ་དགེ། (རྩོམ་པ་པོ། བོད་རྒྱལ་ཁབ་སླར་གསོའི་ལས་འགུལ་བ། )

སྐལ་བཟང་ཕུན་ཚོགས། (kalsang Butsak Phuntsak རྩོམ་པ་པོ། ཞིབ་འཇུག་པ། )

ཙོང་ཁ་ཚེ་བརྟན་རྒྱལ། (མིང་གྲགས་ཅན་གྱི་སྙན་ངག་པ། ལོ་རྒྱུས་སྨྲ་བ་བོ། )

ཨ་ཚོགས་ཀླུ་མཁར་བྱམས། (སྲིད་དོན་དཔྱད་བརྗོད་པ། ༢༠༡༦ ལོའི་སྲིད་སྐྱོང་འོས་འགྲན་ནང་བོད་རྒྱལ་ཁབ་སླར་གསོའི་འཐུས་ཚབ)

ལྷ་སྡེ་གནམ་ལོ་ཡག (བོད་རྒྱ་སྐད་གཉིས་སྙན་ངག་པ། སྒེར་ཚུགས་ཅན་གྱི་ཞིབ་འཇུག་པ།)

མཆན། ད་རེས་སྣེ་ཁྲིད་མཁན་བོད་ཡིན་པས། མགྲོན་ལ་བཀུར་བའི་ལུགས་སྲོལ་ལྟར་རྒྱ་ནག་པ་དང་ཐའེ་ཝན་པའི་མིང་ཐོ་བོད་པའི་སྔོན་ལ་བསྒྲིགས་ཡོད། མ་ཕྱི་རྒྱ་ཡིག་དང་ཡོངས་བསྒྲགས་བྱས་ཟིན། དྲ་གནས་གཤམ་གསལ།

https://www.google.com.au/amp/s/www.bannedbook.org/bnews/zh-tw/ssgc/20190829/1182712.html

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།