བོད་རྒྱ་འབྲེལ་མོལ་གྱི་འགན་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་ཚེ་རྒྱམ་ལགས་ཀྱིས་ཁུར་གྱི་ཡོད་སྐོར་གསུངས་སོང་།
ཟླ་འདིའི་ཚེས་༢༠ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བརྒྱད་པའི་ཉིན་དང་པོར་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་འཇོག་སྐབས། སྤྱི་འཐུས་གཅིག་གིས་བོད་རྒྱ་འབྲེལ་མོལ་ཆེད་དམིགས་བསལ་སྐུ་ཚབ་བསྐོ་དགོས་རེད་དེ། ད་དུང་བསྐོས་མེད་སྐོར་སྲིད་སྐྱོང་ལ་དྲིས་པར། སྲིད་སྐྱོང་གིས་ བོད་རྒྱ་འབྲེལ་མོལ་ཐོག་སྐུ་ཚབ་མེད་པའི་ཐོག་ནས་ལས་དོན་སྔར་ལྷག་མིན་ནའང་སྔར་བཞིན་གནང་གི་ཡོད་རེད་ཅེས་ལན་འདེབས་གནང་སོང་།
ཟླ་འདིའི་ཚེས་༢༠ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བརྒྱད་པའི་ཉིན་དང་པོར་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་འཇོག་སྐབས། སྤྱི་འཐུས་གཅིག་གིས་བོད་རྒྱ་འབྲེལ་མོལ་ཆེད་དམིགས་བསལ་སྐུ་ཚབ་བསྐོ་དགོས་རེད་དེ། ད་དུང་བསྐོས་མེད་སྐོར་སྲིད་སྐྱོང་ལ་དྲིས་པར། སྲིད་སྐྱོང་གིས་ བོད་རྒྱ་འབྲེལ་མོལ་ཐོག་སྐུ་ཚབ་མེད་པའི་ཐོག་ནས་ལས་དོན་སྔར་ལྷག་མིན་ནའང་སྔར་བཞིན་གནང་གི་ཡོད་རེད་ཅེས་ལན་འདེབས་གནང་སོང་།
དེ་ཡང་སྲིད་སྐྱོང་གིས་ལན་འདེབས་གནང་དོན། “སྐུ་ཚབ་སྐོར་ངས་སྔོན་ནས་གསལ་པོ་བཤད་ཡིན་མོད། ད་ཐེངས་བསྐྱར་དུ་དྲིས་པས། དེ་རིང་ངས་གསལ་པོ་བཤད་ཡོང་། ༢༠༡༧ ལོའི་ལྔ་དང་ལྔ་བཅུའི་ཆབ་སྲིད་སྐོར་གྱི་ཚོགས་འདུའི་ཐོག་༧གོང་ས་མཆོག་གིས་གསལ་པོབཟོས་ཚར་རེད། བཀུར་འོས་སྤྱི་འཐུས་རྒྱུན་ལས་ཡིན་པའི་ཆ་ནས་དེའི་སྐོར་ཧ་གོ་དགོས་པ་རེད། ཡིན་ཡང་དེ་རིང་བསྐྱར་དུ་དྲི་བ་བཏང་དུས་ང་འཚེར་པོ་འདུག ༧གོང་ས་མཆོག་གིས་བཀའ་གནང་བ་ཚང་མ་ཕྱི་ལོག་ལ་བཤད་རྒྱུ་མ་རེད། ༧གོང་ས་མཆོག་གི་བཀའ་དང་དགོངས་པ་རེད་ཅེས་ངའི་ཆབ་སྲིད་ཀྱི་ཁེ་ཕན་ཆེད་དུ་རྩ་བ་ནས་བཤད་མེད། ༢༠༡༧ ལོའི་ལྔ་དང་ལྔ་བཅུའི་ཆབ་སྲིད་སྐོར་གྱི་ཚོགས་འདུའི་ཐོག་༧གོང་ས་མཆོག་གིས་དམིགས་བསལ་སྐུ་ཚབ་བསྐོས་དགོས་མིན་སྲིད་སྐྱོང་དང་སྐད་ཆ་བྱུང་སོང་། ངས་བསྐོ་མི་དགོས་ལབ་ཡིན་ཞེས་གསལ་པོ་བཟོས་ཡོད་རེད། ནམ་རྒྱུན་ངས་༧གོང་ས་མཆོག་གིས་བཀའ་ག་རེ་ཡིན་བཤད་ཀྱི་མེད། ཡིན་ཡང་༧གོང་ས་མཆོག་གིས་གསུངས་ཚར་རེད། ༧གོང་ས་མཆོག་གིས་གསུངས་ཚར་ནས་ལོ་གཉིས་ཀྱི་རྗེས་ལ། མང་པོས་མཁྱེན་ཡོད་རེད། བཀུར་འོས་སྤྱི་འཐུས་ཀྱིས་ཡང་བསྐྱར་དྲིས་ཡོང་དུས་གསལ་པོ་བཟོ་བཞག་ན་བསམ་སོང་། སྐུ་ཚབ་མེད་པའི་ཐོག་ནས་བོད་རྒྱ་འབྲེལ་མོལ་འབད་བརྩོན་གནང་གི་ཡོད་རེད། བོད་རྒྱ་འབྲེལ་མོལ་ཐོག་༧གོང་ས་མཆོག་གིས་ཐུགས་སྣང་གནང་གི་ཡོད་རེད། ༧གོང་ས་མཆོག་གིས་ཐུགས་སྣང་གནང་དུས་དུས་ནམ་ཡང་འཐུས་ཤོར་འགྲོ་ཡི་མ་རེད། ཡང་འགའ་ཤས་ཀྱིས་༧གོང་ས་མཆོག་ལ་ཡར་འགན་ཕུལ་གྱི་འདུག་ཟེར་མདོག་རེད། དེ་འདྲ་མ་རེད། དེ་སྔ་ཡིན་ནའང་རྒྱ་ནག་ལ་༧གོང་ས་མཆོག་གི་སྐུ་ཚབ་ཕེབས་ཀྱི་ཡོད་པ་ལས། བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་ཕེབས་ཀྱི་ཡོད་མ་རེད། ༧གོང་ས་མཆོག་གི་སྐུ་ཚབ་རེད། ༧གོང་ས་མཆོག་གིས་བསྐོ་དགོས་རེད། སྐུ་ཚབ་མེད་པའི་ཐོག་ནས་འབད་བརྩོན་བྱེད་ཀྱི་ཡོད་རེད། ཁ་གསལ་པོ་བཟོ་ན། སུས་བྱེད་ཀྱི་ཡོད་རེད་ཟེར་ན། དགའ་ལྡན་ཕོ་བྲང་གི་རྒྱ་ཡིག་སྡེ་ཚན་ནས་དྲུང་ཆེ་ཚེ་རྒྱམ་ལགས་ཀྱིས་༧གོང་ས་མཆོག་ལ་ཕྱག་རོགས་ཆ་ཚང་ཞུ་ཡི་ཡོད་རེད། འཐུས་ཤོར་རྩ་བ་ནས་འགྲོ་ཡི་ཡོད་མ་རེད། ཚེ་རྒྱམ་ལགས་ཀྱིས་འགན་ཆ་ཚང་ཁུར་གྱི་ཡོད་རེད། ཕྱག་ལས་ཞེ་དྲག་གནང་གི་ཡོད་རེད། དྲི་བ་ཡང་ཡང་བསླེབས་བསྡད་དུས་དེ་རིང་གྲོས་ཚོགས་ནང་མ་བཤད་རང་བཤད་ཆགས་སོང་། ལས་དོན་སྔར་ལྷག་མིན་ནའང་སྔར་བཞིན་གནང་གི་ཡོད་རེད། བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་དེར་ཁ་སྣོན་ཁ་ཤས་བརྒྱབ་པ་ལས། སྔར་བཞིན་ཡོད་རེད་”ཅེས་ལན་འདེབས་གནང་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།