བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་དབུས་རྒྱུན་གསར་འདེམས།

ཟླ་འདིའི་ཚེས་༨ ཉིན་བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་དབུས་རྒྱུན་གསར་འདེམས་དང་། ཚོགས་ཆེན་མཇུག་བསྡོམས་བྱས་ཡོད་པ་རེད།

ཟླ་འདིའི་ཚེས་༨ ཉིན་བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་དབུས་རྒྱུན་གསར་འདེམས་དང་། ཚོགས་ཆེན་མཇུག་བསྡོམས་བྱས་ཡོད་པ་རེད།

དེ་ཡང་ཟླ་འདིའི་ཚེས་༦ ནས་ཉིན་གསུམ་རིང་། བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ས་གནས་དང་འབྲེལ་མཐུད་ཡན་ལག ༢༦ གི་རྒྱུན་ལས་རྣམས་ལྷན་འཛོམས་ཐོག ཚོགས་ཆེན་ཐེངས་བརྒྱད་པ་འཚོགས་ཏེ། ཉིན་མཐའ་མར་དབུས་རྒྱུན་འོས་འདེམས་བྱས་པ་དང་། ཚོགས་གཙོ་ཚེ་བརྟན་ནོར་བུ་སླར་ཡང་ཚོགས་གཙོར་འདེམས་ཐོན་བྱུང་ཡོད་པ་རེད།

ཉིན་གསུམ་རིང་བརྗོད་གཞི་གཙོ་བོ་བཅུའི་ཐོག་གྲོས་བསྡུར་བྱས་ཏེ་མ་འོངས་ལས་དོན་བྱེད་ཕྱོགས་སྐོར་ལ་གྲོས་ཆོད་༢༢ གཏན་འབེབས་བྱས་པའི་ནང་ནས། གཙོ་བོ་དབུས་ས་གཉིས་ཀྱི་རྩིས་ཁྲ་ཞིབ་བཤེར་དང་། ༧གོང་མཆོག་གི་སྐུ་ཕྱྭ་སྲུང་སྐྱོབ་སྐོར། བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞིའི་ནང་ཆབ་སྲིད་ཚོགས་པའི་ངོ་བོའི་ཐོག་ནས་འོས་བསྡུའི་ལས་འགུལ་སྤེལ་མི་ཆོག་པར་པའི་སྒྲིག་གཞིར་སྲུང་བརྩི་བྱས་ཏེ། འོས་བསྡུའི་སྒྲིག་གཞི་དང་མ་འགལ་བའི་ཐོག་ནས་མུ་མཐུད་མང་གཙོ་ཚོགས་པས་འོས་བསྡུའི་སྒྲིག་གཞི་དང་མ་འགལ་བའི་ཐོག་ནས་སྲིད་དོན་ཚོགས་པའི་ངོ་བོའི་ཐོག་ནས་ལས་འགུལ་སྤེལ་རྒྱུ་གཏན་འབེབས་བྱས་ཡོད་པ་རེད།

བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ་ནི་བཙན་བྱོལ་བོད་མིའི་ནང་གཞུང་འབྲེལ་མིན་པའི་སྲིད་དོན་ཚོགས་པའི་ཚོགས་པའི་ངོ་བོར་བཙུགས་པ་དང་པོ་དེ་ཡིན་པ་དང་། འདས་པའི་ལོ་མང་ནང་བཙན་བྱོལ་བོད་མིའི་འོས་བསྡུའི་སྐབས་སུ་སྲིད་སྤྱི་གཉིས་ཀྱི་འོས་མི་ངོ་སྤྲོད་ཀྱི་ལས་འགུལ་རིམ་པ་སྤེལ་ཡོད་པ་རེད།

དབུས་རྒྱུན་འདེམས་ཐོན་བྱུང་བ་རྣམས་ནི་ཚེ་བརྟན་ནོར་བུ་དང་། ཀརྨ་དབྱངས་འགྲུབ། ཚེ་རིང་དབྱངས་འཛོམས། བསྟན་འཛིན་བཟང་མོ། སྐལ་བཟང་ཕུན་ཚོགས། སྐལ་བཟང་བདེ་སྐྱིད། བསྟན་འཛིན་ཚེ་དཔལ། ཡེ་ཤེས་ཕུན་ཚོགས། ཚེ་རིང་དབྱངས་འཛོམས་བྱས་ཡིན་པ་རེད།།

གསར་འགོད་པ་ཆོས་ཉིད་འོད་ཟེར།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།