བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པས་རྒྱལ་སྤྱིའི་རྐང་སྤོལ་རྩེད་འགྲན་ཞིག་གོ་སྒྲིག་བྱེད་རྒྱུ་རེད་འདུག 

རྒྱལ་སྤྱིའི་ནང་རང་བཙན་ཡོད་པའི་རྒྱལ་ཁབ་ཁག་གི་རྒྱལ་སྤྱིའི་རྐང་སྤོལ་མཐུན་ཚོགས་ནང་ཚུད་ཀྱི་མེད་པའི་རྒྱལ་སྤྱིའི་རང་བཞིན་པའི་ལྡན་པའི་བུད་མེད་ཀྱི་རྐང་སྤོལ་རྩེད་འགྲན་ཐེངས་དང་པོ་དེ་གོ་སྒྲིག་བྱེད་པའི་གོ་སྐབས་དེ། བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པ་ཐོབ་ཡོད་པ་རེད་འདུག 

རྒྱལ་སྤྱིའི་ནང་རང་བཙན་ཡོད་པའི་རྒྱལ་ཁབ་ཁག་གི་རྒྱལ་སྤྱིའི་རྐང་སྤོལ་མཐུན་ཚོགས་ནང་ཚུད་ཀྱི་མེད་པའི་རྒྱལ་སྤྱིའི་རང་བཞིན་པའི་ལྡན་པའི་བུད་མེད་ཀྱི་རྐང་སྤོལ་རྩེད་འགྲན་ཐེངས་དང་པོ་དེ་གོ་སྒྲིག་བྱེད་པའི་གོ་སྐབས་དེ། བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པ་ཐོབ་ཡོད་པ་རེད་འདུག 

དེ་ཡང་རང་དབང་ཅན་གྱི་རྐང་སྤོལ་མཐུན་ཚོགས་(Confederation of Independent Football Associations) (CONIFA) ཀྱིས་དེ་སྔོན་ནས་རང་བཙན་མེད་པའི་རྒྱལ་ཁབ་ཁག་གི་རུ་ཁག་བར་དུ་རྒྱལ་སྤྱིའི་རང་བཞིན་པའི་ལྡན་པའི་སྐྱེས་པའི་རྐང་སྤོལ་རྩེད་འགྲན་གོ་སྒྲིག་ཞུ་བཞིན་ཡོད་པ་དང་། འདི་ལོར་ཐེངས་དང་པོར་བུད་མེད་ཀྱི་རྐང་སྤོལ་རྩེད་འགྲན་བྱེད་རྒྱུ་ཐག་གཅོད་བྱུང་བ་དང་འབྲེལ། རྩེད་འགྲན་དེ་གོ་སྒྲིག་བྱེད་རྒྱུའི་གོ་སྐབས་དེ་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པར་སྤྲད་ཡོད་འདུག་པས། ལོ་རྒྱུས་རང་བཞིན་ལྡན་པ་ཞིག་ཆགས་རྒྱུ་རེད་འདུག 

ཟླ་༣ པའི་ཚེས་༢༡ ཉིན་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པས་ངོ་དེབ་ཐོག་ཏུ། “བོད་ཀྱི་རྒྱལ་ཡོངས་རྩེད་རིགས་ཚོགས་པར་ཕྱི་ལོ་༢༠༢༢ ལོའི་ཀོ་ནི་ཧྥ་(CONIFA) འཛམ་གླིང་བུད་མེད་རྐང་སྤོལ་རྩེད་འགྲན་ཐེངས་དང་པོའི་མགྲོན་བདག་(HOST) ཞུ་རྒྱུའི་བསྐལ་བཟང་གི་གསལ་བསྒྲགས་ཞུ་རྒྱུ་བྱུང་བ་ནི་རྐང་སྤོལ་བྱུང་རབས་ནང་གཟི་བརྗིད་ཀྱི་ཉི་མ་ཞིག་ཡིན། གོ་སྐབས་འདི་བརྒྱུད་ནས་ང་ཚོའི་ལོ་རྒྱུས་ལ་དྲན་གསོ་བྱེད་ཐུབ་པ་དང་།  ཐེངས་དང་པོའི་འཛམ་གླིང་བུད་མེད་རྐང་སྤོལ་རྩེད་འགྲན་གྱི་མགྲོན་བདག་བྱེད་པ་དང་ཆབས་ཅིག་ཕུལ་བྱུང་རྩེད་འགྲན་མཚོན་ཐུབ་པ་བྱེད་རྒྱུ་ཡིན། བོད་ཀྱི་རྩེད་རིགས་ཚོགས་པ་ནས་ད་ལོའི་རྩེད་འགྲན་དང་ལྷན་༧གོང་ས་མཆོག་གི་འཁྲུངས་ལྷ་དབྱར་གསོལ་སྲུང་བརྩི་ཞུ་རྒྱུ་དང་།  གཞན་ཡང་ལས་འཆར་མང་པོ་སྤེལ་རྒྱུ་ཡིན་”ཞེས་གསུངས་འདུག 

རང་དབང་ཅན་གྱི་རྐང་སྤོལ་མཐུན་ཚོགས་ཀྱིས། འདི་ལོའི་རྩེད་འགྲན་དེ་ནི་ལོ་རྒྱུས་རང་བཞིན་ལྡན་པའི་བུད་མེད་ཀྱི་རྐང་སྤོལ་རྩེད་འགྲན་ཐེངས་དང་པོ་ཆགས་ཀྱི་ཡོད་པས། རྒྱལ་སྤྱིའི་ནང་དོ་སྣང་ཆེན་པོ་སླེབས་རྒྱུ་ཡིན་པ་དང་། རང་དབང་ཅན་གྱི་རྐང་སྤོལ་མཐུན་ཚོགས་ཀྱིས་བོད་མི་རིགས་ཀྱི་རིག་གཞུང་དང་ལོ་རྒྱུས། མཛེས་སྡུག་སོགས་རྒྱལ་སྤྱིའི་མི་མང་ལ་གོ་རྟོགས་སྤེལ་བར་མཐུན་སྦྱོར་བྱེད་ཐུབ་པར་དགའ་སྤོབས་ཡོད་པ། དེ་བཞིན་༧གོང་ས་མཆོག་གི་འཁྲུངས་སྐར་སྲུང་བརྩི་ལ་ཡང་མཐུན་སྦྱོར་བྱེད་རྒྱུར་ངང་སྒུག་བྱེད་བཞིན་ཡོད་པ། རང་དབང་ཅན་གྱི་རྐང་སྤོལ་མཐུན་ཚོགས་ཀྱིས་རྒྱལ་ཁབ་དང་མི་རིགས། གྲངས་ཉུང་མི་རིགས། གདོད་མའི་མི་རིགས། ཟུར་གནས་མི་རིགས་སོགས་མི་མང་ས་ཡ་༧༣༠ ལས་མང་བར་འབྲེལ་མཐུད་བཟོ་ཐུབ་ཀྱི་ཡོད་སྐོར་གསུངས་འདུག 

ཕྱི་ལོ་༢༠༡༨ ལོའི་ཟླ་༥ པའི་ཚེས་༣༡ ནས་ཟླ་༦ པའི་ཚེས་༩ བར་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཀྲོན་དུ། རང་དབང་ཅན་གྱི་རྐང་སྤོལ་མཐུན་ཚོགས་ཀྱིས་སྐྱེས་པའི་རྐང་སྤོལ་རྩེད་འགྲན་གོ་སྒྲིག་ཞུས་ཡོད་པ་དང་། སྐབས་དེར་བོད་ཀྱི་སྐྱེས་པའི་རྐང་སྤོལ་རུ་ཁག་ཀྱང་མཉམ་ཞུགས་བྱེད་ཐུབ་པ་བྱུང་ཡོད་པ་རེད། 

རང་དབང་ཅན་གྱི་རྐང་སྤོལ་མཐུན་ཚོགས་དེ་ཕྱི་ལོ་༢༠༡༣ ལོར་གསར་འཛུགས་བྱས་འདུག་པ་དང་། ཕྱི་ལོ་༢༠༡༤ ལོར་རྒྱལ་སྤྱིའི་སྐྱེས་པའི་རྐང་སྤོལ་རྩེད་འགྲན་ཐེངས་དང་པོ་དེ་སུ་ཝི་ཌན་ལ་གོ་སྒྲིག་བྱས་ཡོད་པ་རེད། །

གསར་འགོད་པ་སྐལ་བཟང་དོན་གྲུབ། 

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།