བོད་ལ་དབང་བསྒྱུར་བྱས་པ་དེ་ཁྲིམས་མཐུན་བཟོ་དགོས་ཀྱི་ཡོད་ན་དབང་ཆ་༧གོང་ས་མཆོག་དང་བོད་མི་མང་ལ་ཡོད་སྐོར་གསུངས་འདུག
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་གིས་རྒྱ་ནག་གཞུང་གིས་བོད་དེ་རྒྱ་ནག་གི་ཆ་ཤས་རེད་ཅེས་ཅིའི་ཕྱིར་བརྗོད་དུ་བཅུག་གི་ཡོད་དམ་ཞེ་ན། རྒྱ་ནག་གཞུང་གིས་བོད་ལ་དབང་བསྒྱུར་བྱེད་རྒྱུའི་ཁྲིམས་མཐུན་གྱི་གནས་བབ་མེད་སྟབས་འཛམ་གླིང་གི་རྒྱལ་ཁབ་ཁག་ལ་བོད་རྒྱ་ནག་གི་ཆ་ཤས་རེད་ཅེས་བཤད་དུ་འཇུག་གི་ཡོད། ངས་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཁྱེད་རང་ཚོས་ཇི་ཙམ་བཤད་པ་ཡིན་ནའང་ཁྲིམས་མཐུན་བཟོ་ཐུབ་ཀྱི་མ་རེད་ཅེས་དང་། རྒྱ་ནག་གཞུང་གིས་བོད་ལ་དབང་བསྒྱུར་བྱས་པ་དེ་ཁྲིམས་མཐུན་གྱི་གནས་བབ་བཟོ་དགོས་ཀྱི་ཡོད་ན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་རྒྱ་ཆེ་མི་མང་ལ་དབང་ཆ་ཡོད་པ་ལས་གཞན་སུ་ལའང་མེད་ཅེས་བཤད་ཀྱི་ཡོད་སྐོར་གསུངས་འདུག
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་གིས་རྒྱ་ནག་གཞུང་གིས་བོད་དེ་རྒྱ་ནག་གི་ཆ་ཤས་རེད་ཅེས་ཅིའི་ཕྱིར་བརྗོད་དུ་བཅུག་གི་ཡོད་དམ་ཞེ་ན། རྒྱ་ནག་གཞུང་གིས་བོད་ལ་དབང་བསྒྱུར་བྱེད་རྒྱུའི་ཁྲིམས་མཐུན་གྱི་གནས་བབ་མེད་སྟབས་འཛམ་གླིང་གི་རྒྱལ་ཁབ་ཁག་ལ་བོད་རྒྱ་ནག་གི་ཆ་ཤས་རེད་ཅེས་བཤད་དུ་འཇུག་གི་ཡོད། ངས་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཁྱེད་རང་ཚོས་ཇི་ཙམ་བཤད་པ་ཡིན་ནའང་ཁྲིམས་མཐུན་བཟོ་ཐུབ་ཀྱི་མ་རེད་ཅེས་དང་། རྒྱ་ནག་གཞུང་གིས་བོད་ལ་དབང་བསྒྱུར་བྱས་པ་དེ་ཁྲིམས་མཐུན་གྱི་གནས་བབ་བཟོ་དགོས་ཀྱི་ཡོད་ན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་རྒྱ་ཆེ་མི་མང་ལ་དབང་ཆ་ཡོད་པ་ལས་གཞན་སུ་ལའང་མེད་ཅེས་བཤད་ཀྱི་ཡོད་སྐོར་གསུངས་འདུག
ཟླ་༡༡ པའི་ཚེས་༢༢ ཉིན་སྲིད་སྐྱོང་སྤེན་པ་ཚེ་རིང་གིས་བཀའ་ཤག་གི་མཇལ་འཕྲད་ཁང་དུ་སྦ་ཁང་དོན་གྲུབ་སྡིངས་བཙུན་དགོན་གྱི་བཙུན་མ་ལྔ་བཅུ་ཙམ་ལ་གསུང་བཤད་གནང་དོན། ང་ཚོ་བཙན་བྱོལ་དུ་ཡོད་པའི་བོད་མི་རྣམས་ནི་གཞིས་ལུས་བོད་མིའི་སྐུ་ཚབ་དང་མགྲིན་ཚབ་པ་ཡིན་ཞེས་བརྗོད་ཀྱི་ཡོད་པར་བརྟེན་ང་ཚོས་གནས་ཚུལ་ཤེས་པ་དང་། གཞན་ལ་འགྲེལ་བཤད་རྒྱག་ཐུབ་དགོས། ང་ཚོའི་ངོས་ནས་རྒྱལ་སྤྱིའི་ཚོགས་སྡེ་ཁག་ལ་ཁྱེད་རང་ཚོས་བོད་དེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་ཤས་རེད་ཅེས་བརྗོད་པ་ཡིན་ན་རྒྱལ་སྤྱིའི་ཁྲིམས་དང་འགལ་གྱི་ཡོད་པ་རེད་ཅེས་བརྗོད་ཀྱི་ཡོད། དེ་ལྟར་བརྗོད་དགོས་དོན་ནི། བོད་དང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབར་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བའི་ཡིག་ཆ་དེ་གཅིག་པུ་མ་གཏོགས་མེད། དེ་ཡང་རྒྱ་ནག་གཞུང་གིས་ཕྱི་ལོ་ ༡༩༥༠ ལོར་ཆབ་མདོར་བཙན་འཛུལ་བྱས་རྗེས་ཕྱི་ལོ་ ༡༩༥༡ ཟླ་བ་ ༥ ནང་རྒྱ་ནག་དམར་ཤོག་གཞུང་གིས་བཙན་དབང་གིས་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བ་ཞིག་བཞག་ཏུ་བཅུག་ཡོད།
རྒྱལ་སྤྱིའི་ཁྲིམས་ཐོག་ནས་བཤད་པ་ཡིན་ན་བཙན་དབང་གིས་བཞག་པའི་གན་ཡིག་དང་ཆིངས་ཡིག་སོགས་གང་ཡིན་ནའང་དེ་དག་ནུས་མེད་རེད། གལ་ཏེ་རྒྱལ་སྤྱིའི་ཁྲིམས་ལག་བསྟར་བྱེད་དགོས་ན་འཛམ་གླིང་ཡོངས་ལ་ལག་བསྟར་གཅིག་མཚུངས་དགོས་ཞེས་འགྲེལ་བཤད་རྒྱག་གི་ཡོད། ཕྱོགས་གཅིག་ནས་རྒྱ་ནག་གཞུང་གིས་བཤད་དགོས་ཀྱི་ཡོད་ཟེར་བ་ལྟར་བོད་དེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་ཤས་རེད་ཅེས་དང་། ཕྱོགས་གཅིག་ནས་ཁྱེད་རང་ཚོས་བོད་རྒྱ་ནག་གི་ཤས་རེད་ཅེས་གསུང་གི་ཡོད་པ་དང་། ཕྱོགས་གཞན་ཞིག་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་རྒྱ་ནག་གཞུང་གི་དབར་ཞི་མོལ་ལ་རྒྱབ་སྐྱོར་ཡོད་སྐོར་གསུངས་པ་གཉིས་འགལ་ཟླ་ཆགས་ཀྱི་འདུག མཐུན་གྱི་མི་འདུག་ཅེས་བརྗོད་ཀྱི་ཡོད།
རྒྱ་ནག་གཞུང་གིས་བོད་དེ་རྒྱ་ནག་གི་ཆ་ཤས་རེད་ཅེས་ཅིའི་ཕྱིར་བརྗོད་དུ་བཅུག་གི་ཡོད་དམ་ཞེ་ན། རྒྱ་ནག་གཞུང་གིས་བོད་ལ་དབང་བསྒྱུར་བྱེད་རྒྱུའི་ཁྲིམས་མཐུན་གྱི་གནས་བབ་མེད་སྟབས་འཛམ་གླིང་གི་རྒྱལ་ཁབ་ཁག་ལ་བོད་རྒྱ་ནག་གི་ཆ་ཤས་རེད་ཅེས་བཤད་དུ་འཇུག་གི་ཡོད། ངས་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཁྱེད་རང་ཚོས་ཇི་ཙམ་བཤད་པ་ཡིན་ནའང་ཁྲིམས་མཐུན་བཟོ་ཐུབ་ཀྱི་མ་རེད་ཅེས་བརྗོད་ཀྱི་ཡོད། རྒྱ་ནག་གཞུང་གིས་བོད་ལ་དབང་བསྒྱུར་བྱས་པ་དེ་ཁྲིམས་མཐུན་གྱི་གནས་བབ་བཟོ་དགོས་ཀྱི་ཡོད་ན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་རྒྱ་ཆེ་མི་མང་ལ་དབང་ཆ་ཡོད་པ་ལས་གཞན་སུ་ལའང་མེད། ལོ་རྒྱུས་ཀྱི་ཐོག་ནས་ང་ཚོ་བོད་མཐོ་སྒང་དུ་ལོ་ངོ་བརྒྱ་ཕྲག་མང་པོར་གནས་པའི་རིང་དབྱིན་ཇི་དང་རྒྱ་ནག་སོགས་ཀྱིས་ང་ཚོས་ཧ་མ་གོ་བ་བྱས་ནས་ཁོང་ཚོའི་དབར་ཆིངས་ཡིག་བཞག་སྟེ་འཛམ་གླིང་གིས་ང་ཚོའི་དོན་དག་ཐག་བཅད་ནས་བསྡད་པ་རེད། ད་ཆ་ང་ཚོ་བཙན་བྱོལ་དུ་འབྱོར་བའི་རིང་ལའང་ང་ཚོའི་ཐག་གཅོད་ཚང་མ་གཞན་གྱིས་བྱེད་པ་ཡིན་ན་ཏག་ཏག་ཇི་ལྟར་སྡོད་ཀྱི་རེད། ཅེས་སྐད་ཆ་བཤད་དུས་ཁོང་ཚོར་ཚུར་ལན་རྒྱག་རྒྱུ་མི་འདུག
བོད་ཀྱི་ལོ་རྒྱུས་གནས་སྟངས་རྩིས་དཔོན་ཞྭ་སྒབ་པ་དབང་ཕྱུག་བདེ་ལྡན་ལགས་དང་བོད་པའི་ལོ་རྒྱུས་སྨྲ་བ་སོགས་ཀྱིས་བྲིས་གནང་ཡོད། ལྷག་པར་ཕྱི་རྒྱལ་མི་ཞིག་གིས་འཛམ་གླིང་ཡུལ་གྲུ་མང་དག་ཅིག་གི་མཁས་པ་བདུན་ཅུ་བརྒྱད་ཅུ་ལྷག་དང་ལྷན་བཀའ་བསྡུར་གནང་སྟེ་དེ་སྔ་ནས་བོད་རང་བཙན་ཡིན་པ་རྩོད་མེད་ཀྱི་ཐོག་ནས་བོད་ཀྱི་ལོ་རྒྱུས་དེབ་ཅིག་བྲིས་ཡོད། དེ་བཞིན་རྒྱ་མི་ཞིག་གིས་རྒྱ་ནག་གི་ལོ་རྒྱུས་ལ་ཞིབ་འཇུག་གནང་སྟེ་བོད་ཀྱི་ལོ་རྒྱུས་སྐོར་དེབ་ཅིག་བྲིས་ཡོད་པ་དང་། དེབ་དེའི་ནང་རྒྱ་ནག་གོང་མས་བོད་དེ་ནམ་ཡང་རྒྱ་ནག་གི་ཆ་ཤས་སུ་རྩིས་མྱོང་མི་འདུག་ཅེས་ཁུངས་སྐྱེལ་ནས་བཤད་ཀྱི་ཡོད་པ་རེད། ཉེ་ཅར་བྲིས་པའི་དཔེ་དེབ་ཁག་གི་ནང་ཁུངས་སྐྱེལ་སའི་ཡིག་ཆ་མང་པོ་ཡོད། སྔོན་མ་ཡིན་ན་ཡིག་ཆ་ཐོབ་ཁག་པོ་རེད། དེང་སྐབས་ལྟ་རྒྱུ་མང་པོ་ཡོད་སྟབས་ཁུངས་ལྡན་ཆགས་ཀྱི་ཡོད། སུས་བྲིས་པ་ཡིན་ནའང་ཁུངས་བཙན་པོ་བྱས་ནས་གཞུང་གི་ཡིག་ཆ་ཁག་ལ་བལྟས་ཏེ་འབྲི་ཡི་ཡོད། དེ་སྔ་ལོ་རྒྱུས་བྲིས་པ་དང་འདྲ་གི་མ་རེད།
རྒྱ་ནག་གཞུང་གིས་བོད་ནང་ཡོད་པའི་བོད་ཕྲུག་རང་ལོ་ ༦ ནས་ ༡༨ བར་གྱི་སློབ་ཕྲུག་རྣམས་གཏན་འཇགས་སློབ་གྲྭའི་ནང་བཅུག་སྟབས། བོད་པའི་སློབ་ཕྲུག་དེ་དག་སོ་སོའི་སྐད་ཡིག་དང་རིག་གཞུང་། ཕ་མ་སོགས་དང་ཁ་བྲལ་བར་བརྟེན་ཕྲུ་གུ་ཆུང་བ་རྣམས་རང་ཁྱིམ་དུ་གུང་སེང་ལ་ལོག་པའི་སྐབས་བོད་སྐད་མི་ཤེས་པའི་གནས་སྟངས་ཆགས་ཡོང་གི་འདུག་ཟེར་གྱི་འདུག སྲིད་འཛིན་ཞི་ཅིན་ཕིང་གིས་རྒྱལ་ཁབ་གཅིག་དང་། རིག་གཞུང་གཅིག སྐད་ཡིག་གཅིག་ཅེས་པའི་སྲིད་བྱུས་འདི་ཡུན་རིང་འཛིན་པ་ཡིན་ན་ལོ་བཅུ་དང་བཅོ་ལྔའི་ནང་བོད་པས་བོད་སྐད་བརྒྱག་མི་ཐུབ་པ་དང་། བོད་པའི་གདོང་ཡིན་པ་ཙམ་ལས་ཀླད་པ་སོགས་རྒྱ་མི་ལྟ་བུ་ཆགས་རྒྱུའི་ཉེན་ཚབས་ཆེན་པོ་ཡོད་པ་དེ་ང་ཚོས་ངེས་པར་ཤེས་དགོས་ཞེས་གསུངས་ཡོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།