བྱང་ཀོ་རི་ཡའི་ནང་ཏོག་དབྱིགས་ནད་ཡམས་ཁྱབ་བརྡལ་ཆེ་རུ་ཕྱིན་འདུག
ཟླ་འདིའི་ཚེས་༡༨ ཉིན་(THE HINDU) ཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། འདས་པའི་མི་ལོ་གཉིས་ལྷག་གི་རིང་འཛམ་གླིང་གང་སར་ཏོག་དབྱིབས་གཉན་རིམས་༡༩ པ་དེ་ཁྱབ་གདལ་དུ་ཕྱིན་ཡོད་ན་ཡང་། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་ཕྱི་ལོ་༢༠༢༢ ཟླ་བ་༣ པའི་བར་དུ་བྱང་ཀོ་རི་ཡའི་ནང་དུ་ཏོག་དབྱིབས་གཉན་རིམས་ཕོག་མཁན་ནད་པ་གཅིག་ཀྱང་བྱུང་མེད་རབས་ཀྱི་འགྲེལ་བརྗོད་བྱས་ཡོད།

ཟླ་འདིའི་ཚེས་༨ ཀྱི་ཉིན་བྱང་ཀོ་རི་ཡའི་ནང་དུ་ཏོག་དབྱིབས་གཉན་རིམས་༡༩ ཕོག་མཁན་གྱི་ནད་པ་ཐོག་མ་དེ་བྱུང་བའི་གནས་ཚུལ་ཐོན་ཡོད་པ་དང་།ཟླ་འདིའི་ཚེས་༨ ནས་༡༨ བར་གྱི་ཉིན་གྲངས་བཅུའི་རིང་བྱང་ཀོ་རི་ཡའི་ནང་དུ་དོགས་གཞི་ཡོད་པའི་ནད་པ་ས་ཡ་༡.༧ བྱུང་ཡོད་པ་དང་། དེ་དག་གི་ཁྲོད་ནས་མི་མགོ་༦༢ འདས་གྲོངས་སུ་ཕྱིན་ཡོད་འདུག་ལ། ད་ལྟའི་ཆར་མི་གྲངས་འབུམ་༦.༦༣ ལྷག་སྔོན་འགོག་ཟུར་བཀག་ཏུ་སྡོད་ཡོད་པའི་གནས་ཚུལ་སྤེལ་འདུག
བྱང་ཀོ་རི་ཡའི་ནང་དུ་མི་མང་ས་ཡ་༢༥ ལ་ཏོག་དབྱིབས་གཉན་རིམས་༡༩ པའི་སྔོན་འགོག་སྨན་ཁབ་བརྒྱབ་མེད་པའི་ཐོག་གཞུང་གིས་བརྒྱུད་ལམ་ཁག་ཏུ་ནད་པ་ཚོ་ལ་གཟེར་བཅག་སྨན་དང་གཉན་འཇོམས་ཀྱི་སྨན་ཟ་དགོས་པའི་སྐུལ་མ་གཏོང་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག
བྱང་ཀོ་རི་ཡའི་འཕྲོད་བསྟེན་གྱི་མཐུན་རྐྱེན་ཧ་ཅང་ཞན་པོ་ཡོད་པར་བརྟེན།སྔ་ལོ་རྒྱ་ནག་དང་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་སོགས་ཀྱིས་རོགས་པ་བྱེད་འཆར་ཡོད་ཀྱང་། བྱང་ཀོ་རི་ཡ་གཞུང་གིས་དང་ལེན་བྱས་མེད་པ་རེད། གཞན་ཡང་བརྒྱུད་ལམ་གཞན་དུ་གནས་ཚུལ་སྤེལ་གསལ་ལྟར་ན་འདས་པའི་ཉིན་ཁ་ཤས་ཀྱི་ནང་དུ་ཨ་རི་དང་། ལྷོ་ཀོ་རི་ཡས་རོགས་པ་བྱེད་འཆར་ཡོད་ཀྱང་བྱང་ཀོ་རི་ཡ་གཞུང་གིས་ངོས་ནས་ཡ་ལན་གང་ཡང་བྱས་མེད་པའི་གནས་ཚུལ་ཐོན་འདུག
སྤྱིར་བྱང་ཀོ་རི་ཡ་ནི་རྒྱལ་ཁབ་གཞན་དང་འབྲེལ་བ་ཟབ་མོ་མེད་པའི་ཁེར་རྐྱང་དུ་གནས་མཁན་གྱི་རྒྱལ་ཁབ་ཅིག་ཡིན་པ་དང་། ཕྱི་ལོ་༡༩༩༠ ནང་བྱང་ཀོ་རི་ཡ་ལ་མུ་གེ་བྱུང་ནས་མི་མང་ས་ཡ་གཉིས་ལྷག་འདས་གྲོགས་སུ་ཕྱིན་ཡོད་ཀྱང་། འཛམ་བུ་གླིང་རྒྱལ་ཁབ་སུས་ཀྱང་ཤེས་རྟོགས་བྱུང་མེད་པའི་གནས་ཚུལ་ཡང་ཡོད་འདུག
འདས་པའི་ལོ་གཉིས་ཀྱི་རིང་བྱང་ཀོ་རི་ཡས་ས་མཚམས་སྒོ་བརྒྱབ་ཡོད་པའི་དབང་གིས་དཔལ་འབྱོར་དང་ཚོང་ལ་གྱོང་གུད་ཕོག་ཡོད་པའི་ཐོག་ད་ལྟའི་ཆར་རྒྱལ་ཡོངས་སྒོ་རྒྱ་བསྡམས་ཡོད་པ་རེད་འདུག །
གསར་འགོད་པ་བློ་བཟང་རྒྱ་མཚོ།