བྱང་ཀོ་རི་ཡར་ཏོག་ནད་ཁྱབ་གདལ་ཐེངས་དང་པོ་བྱུང་བ་གསལ་བསྒྲགས་བྱས་འདུག 

ལོ་ངོ་གཉིས་ལྷག་གི་སྔོན་ནས་འཛམ་གླིང་ཡུལ་གྲུ་གང་སར་ཏོག་དབྱིབས་ཁྱབ་གདལ་བྱུང་བའི་གནས་ཚུལ་རིམ་པ་ཐོན་ཡོད་ཀྱང་། བྱང་ཀོ་རི་ཡ་གཞུང་ནས་ད་བར་མ་གཏོགས་རྒྱལ་ཁབ་དེའི་ནང་ཏོག་ནད་ཁྱབ་གདལ་བྱུང་བའི་གསལ་བསྒྲགས་བྱས་མེད་པ་དང་། ད་ལྟ་ཏོག་ནད་ཐོག་མ་ཁྱབ་གདལ་བྱུང་བའི་གསལ་བསྒྲགས་བྱས་འདུག 

ལོ་ངོ་གཉིས་ལྷག་གི་སྔོན་ནས་འཛམ་གླིང་ཡུལ་གྲུ་གང་སར་ཏོག་དབྱིབས་ཁྱབ་གདལ་བྱུང་བའི་གནས་ཚུལ་རིམ་པ་ཐོན་ཡོད་ཀྱང་། བྱང་ཀོ་རི་ཡ་གཞུང་ནས་ད་བར་མ་གཏོགས་རྒྱལ་ཁབ་དེའི་ནང་ཏོག་ནད་ཁྱབ་གདལ་བྱུང་བའི་གསལ་བསྒྲགས་བྱས་མེད་པ་དང་། ད་ལྟ་ཏོག་ནད་ཐོག་མ་ཁྱབ་གདལ་བྱུང་བའི་གསལ་བསྒྲགས་བྱས་འདུག 

ཟླ་༥ པའི་ཚེས་༡༢ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། བྱང་ཀོ་རི་ཡའི་གཞུང་འབྲེལ་བརྒྱུད་ལམ་གྱིས་གནས་ཚུལ་སྤེལ་དོན་ལ། རྒྱལ་ཁབ་དེའི་རྒྱལ་ས་པཱེ་ཡོང་གྷང་ནང་དུ་ཏོག་ནད་ཀྱི་རིགས་ཨོ་མེ་ཁོན་ཁྱབ་གདལ་བྱུང་ཡོད་པ་དང་། དེ་ནི་ད་བར་བྱང་ཀོ་རི་ཡའི་ཏོག་ནད་ཁྱབ་གདལ་བཀག་འགོག་དང་འབྲེལ་ནས་ཛ་དྲག་གི་གནས་ཚུལ་ཆེ་ཤོས་ཆགས་ཀྱི་ཡོད་པས། བྱང་ཀོ་རི་ཡའི་འགོ་ཁྲིད་ཀེམ་ཇོང་ཨན་གྱིས་ཛ་དྲག་གནས་སྟངས་དེར་ཡ་ལན་གང་འདྲ་སྤྲོད་དགོས་མིན་གྱི་ཛ་དྲག་ཚོགས་འདུ་ཚོགས་བཞིན་ཡོད་སྐོར་བརྗོད་འདུག 

ད་ཐེངས་མ་གཏོགས་བྱང་ཀོ་རི་ཡ་གཞུང་གིས་རྒྱལ་ཁབ་དེའི་ནང་ཏོག་དབྱིབས་ནད་དུག་ཁྱབ་གདལ་བྱུང་བའི་གནས་ཚུལ་གསལ་བསྒྲགས་བྱས་མེད་ཁར། ཕྱི་ལོ་༢༠༢༠ ལོའི་ཟླ་༡ པོ་ནས་ས་མཚམས་རྣམས་སྒོ་བརྒྱབ་སྟེ་རྒྱལ་སྤྱིའི་ནང་སྔོན་འགོག་གི་ལས་དོན་དེ་འདྲ་བྱེད་མཁན་རྒྱལ་ཁབ་ཐོག་མའི་གྲས་ཆགས་ཡོད་པ་རེད། ས་མཚམས་སྒོ་བརྒྱབ་པར་བརྟེན་རྒྱལ་ཁབ་དེའི་ནང་ཕྱི་ནས་དགོས་མཁོ་ཆེ་བའི་ཅ་དངོས་རིགས་ནང་འདྲེན་བྱེད་རྒྱུ་མཚམས་བཞག་ཡོད་པས། ཟས་རིགས་མི་འདང་བའི་དཀའ་ངལ་དང་དཔལ་འབྱོར་ལ་གྱོང་གུད་ཆེན་པོ་ཐེབས་ཡོད་པ་རེད་འདུག 

རྒྱལ་སྤྱིའི་ནང་བྱང་ཀོ་རི་ཡ་གཞུང་གིས་ད་བར་རྒྱལ་ཁབ་དེའི་ནང་ཏོག་དབྱིབས་ནད་དུག་ཁྱབ་གདལ་བྱུང་བ་གསལ་བསྒྲགས་བྱས་མེད་ཀྱང་། རྒྱལ་ཁབ་དེའི་ནང་ཏོག་དབྱིབས་ནད་དུག་ནི་སྔོན་ཚུད་ནས་ཁྱབ་གདལ་སོང་ཡོད་པ་དང་། ཐེངས་འདིར་དངོས་སུ་གསལ་བསྒྲགས་བྱེད་དོན་ནི་འགོས་ཁྱབ་ཆེན་པོ་སོང་ཡོད་པས། སྦས་ཐབས་བྲལ་བ་ཆགས་ཡོད་པ། དེ་བཞིན་རྒྱལ་ཁབ་དེའི་ནང་སྨན་བཅོས་ལྟ་སྐྱོང་གི་མཐུན་རྐྱེན་ཞན་པོ་དང་། རྒྱལ་སྤྱིའི་རྒྱལ་ཁབ་ཚོས་སྔོན་འགོག་སྨན་ཁབ་ཀྱི་མཐུན་སྦྱོར་བྱེད་རྩིས་བྱས་ཀྱང་ཁས་ལེན་མ་བྱས་རྐྱེན། མི་མང་ཚོར་སྔོན་འགོག་སྨན་ཁབ་བརྒྱབ་མེད་པ། མང་ཚོགས་ལ་ནད་དུག་བརྟག་དཔྱད་བྱེད་པའི་མཐུན་རྐྱེན་འཛོམས་པོ་མེད་པ་སོགས་ལ་བརྟེན་ནས། ནད་དུག་དེར་ཁ་གཏད་གང་འདྲ་གཅོག་མིན་གྱི་ཐབས་ལམ་ནི་མང་པོ་མེད་པ་དང་། འོན་ཀྱང་རྒྱུ་མཚན་དེ་ལ་བརྟེན་ནས་བྱང་ཀོ་རི་ཡས་ཕྱི་ནས་རོགས་པ་སློང་རྒྱུ་ཡིན་པའི་ངེས་པ་མེད་སྐོར་བརྗོད་བཞིན་འདུག 

ལྷོ་ཀོ་རི་ཡ་གཞུང་གིས་བྱང་ཀོ་རི་ཡ་གཞུང་ལ་རོགས་སྐྱོར་བྱེད་རྒྱུ་གྲ་སྒྲིག་ཡིན་པའི་བརྡ་ལན་སྤྲད་ཡོད་འདུག་ཀྱང་། ད་ལྟའི་ཆར་ལན་འདེབས་བྱས་མེད་པ་རེད། 

དཔྱད་བརྗོད་པ་ཚོས་བརྗོད་དོན་ལྟར་ན། ད་ལྟའི་དུས་འདིར་བྱང་ཀོ་རི་ཡར་ཏོག་དབྱིབས་ནད་དུག་ཁྱབ་གདལ་སོང་བའི་རྐྱེན་གྱིས། རྡུལ་མཚོན་གྱི་ལས་དོན་ལ་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་འགྲོ་སྲིད་པ་དང་། མི་མང་གི་ངོས་ནས་ཀྱང་ཏོག་དབྱིབས་ནད་དུག་བཀག་འགོག་གི་ལས་དོན་ལ་དོ་སྣང་ཤུགས་ཆེན་སྤྲོད་རྒྱུ་ཡིན་པས། གཞུང་གིས་ཀྱང་དེའི་ཐོག་ཤུགས་སྣོན་རྒྱག་རྒྱུ་ཡིན་པ། འོན་ཀྱང་གལ་སྲིད་མི་མང་ནང་དུ་ཏོག་དབྱིབས་ནད་དུག་ཁྱབ་གདལ་ལ་ཞེད་སྣང་གྱི་ཚོར་བ་ཤུགས་ཆེན་པོ་ཆགས་ཚེ། ཚོར་བ་དེའི་ཁ་ཕྱོགས་སྒྱུར་ཆེད་དུ་བྱང་ཀོ་རི་ཡ་གཞུང་གིས་རྡུལ་མཚོན་གྱི་ལས་གཞིར་ཤུགས་སྣོན་འཕར་མ་བྱེད་སྲིད་སྐོར་བརྗོད་བཞིན་འདུག 

ད་ལྟའི་ཆར་བྱང་ཀོ་རི་ཡའི་རྒྱལ་ས་ཁུལ་དུ་འགྲོ་སྐྱོད་བཀག་སྡོམ་གྱི་བཀའ་རྒྱ་བཏང་ཟིན་པའི་གནས་ཚུལ་ཐོན་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ། 

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།