བྱང་ཆིངས་རྩ་འཛུགས་ཀྱིས་རྒྱ་གར་དང་ཁུ་ཊི་ཚོགས་པར་སྣང་ཆུང་བྱས་འདུག
ཁ་སང་ཚེས་༣ ཉིན་TFLGlobal ཞེས་པའི་གསར་ཁང་ནས་གནས་ཚུལ་སྤེལ་བ་ལྟར་ན། ཉེ་ཆར་རྒྱལ་ས་Brussels ཏུ་སྟོབས་ཆེན་རྒྱལ་ཁབ་བདུན་གྱི་ལྷན་ཚོགས་(G7) དེ་འཚོགས་ཡོད་པ་དང་། ལྷན་ཚོགས་དེ་གྲོལ་བའི་རྗེས་སུ་ཉི་ཧོང་གི་སྲིད་བློན་དང་བྱང་ཆིངས་རྩ་འཛུགས་ཀྱི་དྲུང་ཆེ་Jens Stoltenberg བར་ཐུག་ཕྲད་དང་བཀའ་མོལ་གནང་ཡོད་འདུག སྐབས་དེར་དྲུང་ཆེ་Jens Stoltenberg ཡིས་བྱང་ཆིངས་རྩ་འཛུགས་ཀྱིས་ཨེ་ཤི་ཡ་ཞི་བདེ་རྒྱ་མཚོའི་ས་ཁུལ་གྱི་རོགས་ཟླ་སྟེ་ཉི་ཧོང་དང་ལྷོ་ཀོ་རི་ཡ། ཨོ་སི་ཁྲི་ལི་ཡ་བཅས་དང་ལྷན་དུ་མཉམ་ལས་སྔར་ལས་དམ་ཟབ་བྱེད་རྒྱུ་ཡིན་ཞེས་བརྗོད་འདུག

སྐབས་དེར་བྱང་ཆིངས་རྩ་འཛུགས་ཀྱི་དྲུང་ཆེས་རྒྱ་གར་གྱི་མིང་འབོད་མེད་པ་མ་ཟད། བྱང་ཆིངས་རྩ་འཛུགས་ཀྱི་རྒྱ་གར་ཞི་བདེ་རྒྱ་མཚོའི་(Indo-Pacific)ཁུལ་གྱི་ལས་འཆར་ཁྲོད་དུ་ཡང་རྒྱལ་ཁབ་བཞི་ཅན་གྱི་ཚོགས་པ་ཁུ་ཊི་(QUAD)རྒྱལ་ཁབ་རེ་རེ་ཡི་མིང་མངོན་གསལ་དོད་པོ་བཀོད་ཡོད་ཀྱང་རྒྱ་གར་གྱི་མིང་ཐོ་དེའི་སྟེང་དུ་བཀོད་མེད་པ་རེད་འདུག།དེར་བརྟེན་བྱང་ཆིངས་རྩ་འཛུགས་ཀྱིས་རྒྱ་གར་མེད་པའི་ཐོག་ནས་རྒྱ་གར་ཞི་བདེ་རྒྱ་མཚོའི་ཁུལ་ལ་ཤུགས་རྐྱེན་རྒྱ་བསྐྱེད་གཏོང་རྒྱུའི་རྩིས་རྒྱག་གི་ཡོད་པའི་གནས་ཚུལ་ཐོན་འདུག
དེ་བཞིན་བྱང་ཆིངས་རྩ་འཛུགས་ཀྱིས་རྒྱ་གར་ཞི་བདེ་རྒྱ་མཚོ་ཞེས་པའི་ཚབ་ཏུ་ཨེ་ཤི་ཡ་ཞི་བདེ་རྒྱ་མཚོ་ཞེས་པའི་ཐ་སྙད་དེ་བེད་སྤྱོད་བྱས་ཡོད་པ་དང་། ཐ་སྙད་དེ་ནི་རྒྱ་ནག་གིས་བཀོལ་སྤྱོད་བྱས་པའི་ཐ་སྙད་ཅིག་ཡིན་པའི་གནས་ཚུལ་སྤེལ་འདུག
འདས་པའི་དུས་ཡུན་རིང་གནད་དོན་མང་པོའི་ཐོག་རྒྱ་གར་ནི་ཨ་རིའི་སྲིད་འཛིན་བྷ་ཌན་གྱི་འཛིན་སྐྱོང་དང་བྱང་ཆིངས་རྩ་འཛུགས་ཀྱི་བཀའ་དགོངས་བཞིན་ལས་ཀ་བྱས་མེད་པས། ཤོག་ཁག་དེ་དག་གིས་རྒྱ་གར་ཁེར་རྐྱང་དུ་འཇོག་འཆར་ཡོད་པ་རེད་འདུག འོན་ཀྱང་། རྒྱ་གར་ཞི་བདེ་རྒྱ་མཚོའི་ཁུལ་དུ་རྒྱ་ནག་ལ་ཁ་གཏད་གཅོག་པ་ལ་རྒྱ་གར་ནི་མེད་དུ་མི་རུང་བའི་རྒྱ་ཁབ་ཅིག་ཏུ་འགྱུར་ཡོད་འདུག་ལ། རྒྱ་གར་ནི་ཉི་ཧོང་། ལྷོ་ཀོ་རི་ཡ། ཨོ་སི་ཁྲི་ལི་ཡ་བཅས་དང་འབྲེལ་བ་དམ་ཟབ་ཡོད་མཁན་གྱི་རྒྱལ་ཁབ་ཅིག་ཡིན་པས། བྱང་ཆིངས་རྩ་འཛུགས་ཀྱིས་ལས་སླ་བོའི་ཐོག་ནས་རྒྱ་གར་ཁེར་རྐྱང་དུ་འཇོག་ཐུབ་པ་ཞིག་མིན་པའི་གནས་ཚུལ་སྤེལ་འདུག
རྒྱལ་ཁབ་བཞི་ཅན་གྱི་ཚོགས་པ་ཁུ་ཊི་(QUAD) ཞེས་པ་འདི་ནི་རྒྱ་ནག་ལ་ཁ་གཏད་གཅོག་ཆེད་དུ་བཙུགས་པའི་དམག་དོན་མཉམ་འབྲེལ་གྱི་ཚོགས་པ་ཞིག་ཡིན་མོད། ཨ་རིའི་སྲིད་འཛིན་བྷ་ཌན་སྲིད་འཛིན་དུ་བསྐོས་ནས་བཟུང་ཡར་རྒྱས་ཆེན་པོ་བྱུང་མེད་པ་མ་ཟད། ཨ་རི་སྲིད་འཛིན་བྷ་ཌན་གྱིས་རྒྱ་ནག་ལ་ཁ་གཏད་གཅོག་ཆེད་དུ་རྒྱ་གར་དང་མཉམ་ལས་བྱེད་འདོད་མེད་པའི་གནས་ཚུལ་ཡང་ཐོན་འདུག ཡིན་ན་ཡང་། རྒྱ་ནག་ལ་ཁ་གཏད་གཅོག་ཆེད་དུ་རྒྱ་གར་ནི་མེད་ཐབས་མེད་པ་ཞིག་ཡིན་པ་དང་རྒྱ་གར་མེད་ན་ཁུ་ཊིའི་ཚོགས་མི་གཞན་གྱིས་ཀྱང་རྒྱ་ནག་ལ་ཁ་གཏད་གཅོག་རྒྱུ་ངོས་ལེན་བྱེད་མི་སྲིད་པའི་གནས་ཚུལ་ཡང་ཐོན་འདུག །
གསར་འགོད་པ་བློ་བཟང་རྒྱ་མཚོ།