བྷ་ཌན་གྱིས་ཉི་ཧོང་གི་སྲིད་བློན་ལ་རྒྱལ་ཁབ་གཉིས་ཀྱིས་“རྒྱ་ནག་དང་བྱང་ཀོ་རི་ཡའི་”ཐོག་ལ་མཉམ་འབྲེལ་བྱེད་དགོས་སྐོར་བརྗོད་འདུག

ཨ་རིའི་སྲིད་འཛིན་བྷ་ཌན་གྱིས་ཁ་པར་བརྒྱུད་དེ་ཉི་ཧོང་གི་སྲིད་བློན་གསར་པ་ཧྥོའུ་མོའོ-ཁ་ཤི་ཌ་(Fumio Kishida) ལ་འཚམས་འདྲི་ཞུས་པ་དང་། རྒྱལ་ཁབ་གཉིས་ཀྱིས་མཛའ་འབྲེལ་ཟབ་ཏུ་བཏང་ནས་“རྒྱ་ནག་དང་བྱང་ཀོ་རི་ཡ་དང་འབྲེལ་བའི་གནད་དོན་ཐོག་ལ་”མཉམ་འབྲེལ་བྱེད་རྒྱུའི་མོས་མཐུན་བྱུང་ཡོད་འདུག 

ཨ་རིའི་སྲིད་འཛིན་བྷ་ཌན་གྱིས་ཁ་པར་བརྒྱུད་དེ་ཉི་ཧོང་གི་སྲིད་བློན་གསར་པ་ཧྥོའུ་མོའོ-ཁ་ཤི་ཌ་(Fumio Kishida) ལ་འཚམས་འདྲི་ཞུས་པ་དང་། རྒྱལ་ཁབ་གཉིས་ཀྱིས་མཛའ་འབྲེལ་ཟབ་ཏུ་བཏང་ནས་“རྒྱ་ནག་དང་བྱང་ཀོ་རི་ཡ་དང་འབྲེལ་བའི་གནད་དོན་ཐོག་ལ་”མཉམ་འབྲེལ་བྱེད་རྒྱུའི་མོས་མཐུན་བྱུང་ཡོད་འདུག 

ཁ་སང་རེས་གཟའ་ཟླ་བའི་ཉིན་ཉི་ཧོང་གྲོས་ཚོགས་ཀྱིས་སྐུ་ཞབས་ཧྥོའུ་མོའོ-ཁ་ཤི་ཌ་ཉི་ཧོང་གི་སྲིད་བློན་གསར་པར་བདམས་རྗེས། ཨ་རིའི་སྲིད་འཛིན་བྷ་ཌན་གྱིས་ཁོང་ལ་ཁ་པར་བཏང་ནས་བཀྲ་ཤིས་བདེ་ལེགས་ཀྱི་འཚམས་འདྲི་ཞུས་པའི་ཐོག སྐར་མ་༢༠ ཙམ་གྱི་རིང་ལ་ཨ་ཉིའི་མཛའ་འབྲེལ་ཟབ་ཏུ་གཏོང་ཕྱོགས་དང་། ཞི་བདེ་རྒྱ་མཚོའི་ཁུལ་གྱི་བརྟན་ལྷིང་སྲུང་སྐྱོབ་བྱེད་སྟངས་སོགས་ཀྱི་སྐོར་ལ་གླེང་མོལ་བྱས་ཡོད་འདུག 

ཁ་པར་གྱི་གླེང་མོལ་ཚར་རྗེས། ཉི་ཧོང་གི་སྲིད་བློན་གསར་པས་“ང་ཚོས་ཨ་ཉིའི་མཛའ་འབྲེལ་ཟབ་ཏུ་གཏོང་བ་དང་། ཞི་བདེ་རྒྱ་མཚོའི་ཁུལ་གྱི་རང་དབང་དང་བརྟན་ལྷིང་སྲ་བརྟན་བཟོ་བའི་ཐོག་ལ་ནུས་ཤུགས་མཉམ་སྤུང་བྱེད་རྒྱུའི་གྲོས་ཐག་བཅད་པ་ཡིན་ལ། དེ་བཞིན་རྒྱ་ནག་དང་བྱང་ཀོ་རི་ཡ་དང་འབྲེལ་བའི་གནད་དོན་ཐད་ལའང་མཉམ་འབྲེལ་བྱེད་རྒྱུའི་ཐག་གཅོད་བྱུང་སོང་”ཞེས་འགྲེལ་བརྗོད་བྱས་ཡོད་འདུག 

ད་ལྟ་རྒྱ་ནག་གིས་ནང་ལོགས་སུ་དྲག་གནོན་དང་དམ་དྲག་ཇེ་ཆེ་དང་། ཕྱི་རུ་ཧམ་བཤད་དང་བཙན་ཤེད་ཇེ་དྲག་ཏུ་བཏང་ནས་འཛམ་གླིང་ཧྲིལ་པོ་རྒྱ་ནག་གི་དབང་ཤུགས་འོག་ཏུ་བསྡུ་བའི་འབད་བརྩོན་བྱེད་ཀྱི་ཡོད་པ་དེར། ཨ་རི་དང་ཉི་ཧོང་གིས་གཙོས་པའི་མང་གཙོའི་སྟོབས་ཆེན་རྒྱལ་ཁབ་རྣམས་སེམས་འཚབ་ཆེན་པོ་ལངས་ནས་མཉམ་འབྲེལ་དང་། ནུས་ཤུགས་མཉམ་སྤུང་གིས་རྒྱ་ནག་ལ་ཁ་གཏད་གཅོག་པའི་སྲིད་བྱུས་འཐེན་གྱི་ཡོད་འདུག  

རྒྱ་ནག་གིས་བཙན་ཤེད་དང་ཧམ་པས་ཁྱིམ་མཚེས་རྒྱལ་ཁབ་ཚོའི་ས་ཆ་དང་རྒྱ་མཚོ་བདག་ཏུ་འཛིན་པ་དང་འཛིན་ཐབས་བྱེད་བཞིན་ཡོད་པས། ཉི་ཧོང་གིས་རྒྱ་ནག་གི་དབང་ཤུགས་རྒྱ་སྐྱེད་ལ་སེམས་ཁྲལ་ཆེན་པོ་བྱས་ཏེ་ཁྱིམ་མཚེས་རྒྱལ་ཁབ་ཚོ་དང་དཔུང་སྒྲིག་གིས་རྒྱ་ནག་ལ་ཁ་གཏད་གཅོག་པའི་གྲ་སྒྲིག་བྱེད་ཀྱི་ཡོད་འདུག 

ད་ལོའི་ཕྱི་ཟླ་༨ པའི་ནང་ཉི་ཧོང་དང་ཐའེ་ཝན་གྱིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་དང་། རྒྱལ་སྲུང་སྲིད་བྱུས་སྐོར་གྱི་དྲ་ཐོག་ཚོགས་འདུ་ཞིག་འཚོགས་པའི་ཐོག ཕྱོགས་གཉིས་ཀྱིས་མཉམ་འབྲེལ་ཐོག་ནས་ཐའེ་ཝན་གྱི་མཚོ་འགག་དང་། རྒྱལ་མཚམས་སྲུང་སྐྱོབ་བྱེད་རྒྱུའི་མོས་མཐུན་བྱས་ཡོད་པ་མ་ཟད། ཟླ་བ་གོང་མར་ཉི་ཧོང་དང་ཝི་ཊི་ནཱམ་(Vietnam) གཉིས་ཀྱི་བར་དུ་ཡང་རྒྱལ་སྲུང་མཚོན་ཆ་དང་འཕྲུལ་ཆས་ཉོ་ཚོང་གི་གྲོས་ཆོད་གསར་པ་ཞིག་བཞག་ཡོད། ། 

གསར་འགོད་པ་དཀོན་མཆོག་རབ་བརྟན། 

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།