བྷ་ཌན་གྱིས་པུ་ཊིན་ནི་དམག་དོན་ནག་ཉེས་ཅན་ཞིག་རེད་ཅེས་བརྗོད་འདུག
ཟླ་འདིའི་ཚེས་༡༧ ཉིན་དེར་རྒྱ་གར་གྱི་གསར་ཁང་The Hindu ཞེས་པའི་ཐོག་གནས་ཚུལ་སྤེལ་བ་ལྟར་ན།ཨུ་རུ་སུའི་སྲིད་འཛིན་གྱིས་ཡུག་རེན་གྱི་ས་ཁུལ་དུ་བཙན་གནོན་བྱས་པ་དེར་ཁ་སང་རེས་གཟའ་ལྷག་པའི་ཉིིན་ཨ་རིའི་སྲིད་འཛིན་བྷ་ཌན་གྱིས་ཨུ་རུ་སུའི་སྲིད་འཛིན་པུ་ཊིན་ནི་དམག་དོན་ནག་ཉེས་ཅན་ཞིག་རེད་ཅེས་བརྗོད་འདུག
ཟླ་འདིའི་ཚེས་༡༧ ཉིན་དེར་རྒྱ་གར་གྱི་གསར་ཁང་The Hindu ཞེས་པའི་ཐོག་གནས་ཚུལ་སྤེལ་བ་ལྟར་ན།ཨུ་རུ་སུའི་སྲིད་འཛིན་གྱིས་ཡུག་རེན་གྱི་ས་ཁུལ་དུ་བཙན་གནོན་བྱས་པ་དེར་ཁ་སང་རེས་གཟའ་ལྷག་པའི་ཉིིན་ཨ་རིའི་སྲིད་འཛིན་བྷ་ཌན་གྱིས་ཨུ་རུ་སུའི་སྲིད་འཛིན་པུ་ཊིན་ནི་དམག་དོན་ནག་ཉེས་ཅན་ཞིག་རེད་ཅེས་བརྗོད་འདུག
ཡུག་རེན་སྲིད་འཛིན་གྱིས་ཨ་རིའི་རྒྱལ་ཡོངས་གྲོས་ཚོགས་ལ་རོགས་རམ་སྔར་ལས་མང་བ་བྱེད་རྒྱུའི་རེ་བ་བཏོན་འདུག་ལ།begged the U.S. Congress for more helpཨ་རིའི་སྲིད་འཛིན་བྷ་ཌན་གྱིས་པུ་ཊིན་དང་འབྲེལ་བ་མེད་པའི་བྱེད་སྒོ་ཞིག་ཚར་ནས་ལོག་འགྲོ་བའི་སྐབས་སུ། ཁོང་ནི་དམག་དོན་ནག་ཉེས་ཅན་ཞིག་རེད་ཅེས་བརྗོད་པར་བརྟེན། ཡུག་རེན་ལ་བཙན་འཛུལ་བྱས་པ་ནས་བཟུང་ད་ལྟའི་བར་དུ་ཨ་རིའི་དཔོན་རིགས་ཤིག་གིས་པུ་ཊིན་དང་ཨུ་རུ་སུའི་བྱ་སྤྱོད་ལ་སྐྱོན་འཛུགས་བྱས་པ་ཆེ་ཤོས་དེ་ཆགས་ཡོད་པ་རེད་འདུག
འཛམ་བུ་གླིང་རྒྱལ་ཁབ་གཞན་གྱི་དབུ་ཁྲིད་ཚོས་ཐ་སྙད་དེ་ཚོ་བེད་སྤྱོད་བྱེད་པའི་སྐབས་སུ། ཨ་རིའི་ཕོ་བྲང་དཀར་པོས་པུ་ཊིན་གྱི་བྱ་སྤྱོད་དེ་ནི་དམག་དོན་ཉེས་ཅན་ཡིན་པར་གསལ་བསྒྲགས་བྱེད་རྒྱུ་ལ་ཐེ་ཚོམ་སྐྱེས་ནས་སྡོད་ཀྱི་ཡོད་པ་དང་། ཁོང་ཚོས་ཐ་སྙད་དེ་ནི་ཞིབ་འཇུག་བྱེད་དགོས་པའི་ཁྲིམས་དོན་གྱི་ཐ་སྙད་ཅིག་རེད་ཅེས་བཤད་ཀྱི་ཡོད་པ་རེད། ཡིན་ནའང་། ཨ་རིའི་སྲིད་འཛིན་བྷ་ཌན་གྱིས་རེས་གཟའ་ལྷག་པའི་གཏམ་བཤད་ཀྱི་ནང་དུ་ཨུ་རུ་སུའི་དམག་དཔུང་གིས་སྨན་ཁང་ལ་འབར་རྫས་གཡུག་ནས་གཏོར་བ་དང་སྨན་པ་མང་པོ་འཛིན་བཟུང་བྱས་ནས་གཏའ་མི་ལ་ཉར་གྱི་ཡོད་པས། ཁོང་གིས་ཨུ་རུ་སུ་ལ་འཐབ་འཛིང་བྱེད་རྒྱུའི་ཆེད་དུ་ཡུག་རེན་ལ་རོགས་པ་མང་དུ་བྱེད་རྒྱུ་ཡིན་ཞེས་གསུངས་འདུག
དེ་བཞིན་རེས་གཟའ་ལྷག་པའི་ཉིན་Kremlin གྱིས་ཡུག་རེན་ནང་དུ་འབྱུང་བཞིན་པའི་དམག་དོན་དེའི་ཐོག་ཨ་རིའི་སྲིད་འཛིན་བྷ་ཌན་གྱིས་སྲིད་འཛིན་པུ་ཊིན་ལ་དམག་དོན་ཉེས་ཅན་ཞེས་བརྗོད་པ་དེ་ནི་ཁས་ལེན་བྱེད་ཐབས་མེད་པ་དང་བཟོད་སྒོམ་བྱེད་ཐབས་མེད་ཅེས་བརྗོད་འདུག
TASS དང་Ria Novosti ཞེས་པའི་གསར་ཁང་ཁག་གིས་གནས་ཚུལ་སྤེལ་བ་ལྟར་ན། པུ་ཊིན་གྱི་འགྲིན་ཚབ་པས་(Dmitry Peskoy) འཛམ་གླིང་གང་སར་འབར་རྫས་གཡུག་ནས་མི་མང་སྟོང་ཕྲག་མང་པོའི་ཚེ་སྲོག་འཕྲོག་མཁན་གྱི་རྒྱལ་ཁབ་གཅིག་གི་དབུ་ཁྲིད་ཀྱིས་འུད་གཏམ་གྱི་སྐད་ཆ་དེ་འདྲ་བཤད་པ་ནི་ཁས་ལེན་བྱེད་ཐབས་མེད་པ་དང་བཟོད་སྒོམ་ཡང་བྱེད་ཐབས་མེད་ཅེས་བརྗོད་ཡོད་འདུག །
གསར་འགོད་པ་བློ་བཟང་རྒྱ་མཚོ།