མང་གཙོ་དང་འོས་བསྡུའི་སྐོར་ལ་ཟབ་སྦྱོང་།

ཟླ་འདིའི་ཚེས་༡ ཉིན་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་བུད་མེད་ལྷན་ཚོགས་ཀྱི་ཚོགས་ཁང་དུ་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཞོན་ཚེ་རིང་སྒྲོལ་མ་དང་ཟུང་དྲུང་བཙུན་མ་ཚེ་ལྷ་གཉིས་ཀྱིས་མང་གཙོ་འཕེལ་རྒྱས་དང་འོས་བསྡུ་གལ་ཆེན་ཡིན་སྐོར་བཅས་ཀྱི་ཐོག་ཟབ་སྦྱོང་ཞིག་སྤྲད་ཡོད་པ་རེད།

ཟླ་འདིའི་ཚེས་༡ ཉིན་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་བུད་མེད་ལྷན་ཚོགས་ཀྱི་ཚོགས་ཁང་དུ་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཞོན་ཚེ་རིང་སྒྲོལ་མ་དང་ཟུང་དྲུང་བཙུན་མ་ཚེ་ལྷ་གཉིས་ཀྱིས་མང་གཙོ་འཕེལ་རྒྱས་དང་འོས་བསྡུ་གལ་ཆེན་ཡིན་སྐོར་བཅས་ཀྱི་ཐོག་ཟབ་སྦྱོང་ཞིག་སྤྲད་ཡོད་པ་རེད།

unnamedཟབ་སྦྱོང་ཐོག་མོན་གྷོ་ས་གནས་བུད་མེད་ལྷན་ཚོགས་ཀྱི་ཚོགས་མི་དང་གཞན་ཡང་གཞིས་གྲོང་ཁག་གི་མི་མང་༡༠༠ ཙམ་མཉམ་ཞུགས་བྱས་པ་དང་། དེ་ཡང་ཐོག་མར་མོན་གྷོ་ས་གནས་བུད་མེད་ཚོགས་གཞོན་བཀྲ་ཤིས་ལྷ་མོས་ཐེངས་འདིའི་ཟབ་སྦྱོང་གི་མཛད་རིམ་དང་དབུས་བུད་མེད་ལྷན་ཚོགས་ཀྱི་རྒྱུན་ལས་གཉིས་ངོ་སྤྲོད་བྱས་ཡོད་པ་རེད།

དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཟུང་དྲུང་བཙུན་མ་ཚེ་ལྷས་བོད་ཀྱི་བུད་མེད་ལྷན་ཚོགས་ཐོག་མར་ཕྱི་ལོ་༡༩༥༩ ཟླ་བ་༣ ཚེས་༡༢ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་དགྲ་བོ་རྒྱ་དམར་ལ་ངོ་རྒོལ་གྱེན་ལངས་བྱས་དེ་ཚེ་སྲོག་གི་འགྲོ་གྲོན་བཏང་ནས་བུད་མེད་ལྷན་ཚོགས་ཀྱི་སྒྲིག་འཛུགས་འདི་དབུ་བརྙེས་ཡོད་སྐོར་དང་། སྐབས་དེའི་གནས་བབ་ལ་བསམ་བློ་བཏང་ན།   བོད་ས་སྟོད་སྨད་བར་གསུམ་ཡོངས་སུ་དགྲ་བོ་རྒྱ་དམར་གྱིས་བཙན་བཟུང་བྱས་ནས་བོད་མི་ཁྲི་སྟོང་མང་པོ་དམར་གསོད་བཏང་དང་གཏོང་བཞིན་ཡོད་པའི་སྐབས་སུ་བོད་ཀྱི་རྒྱལ་གཅེས་དཔའ་མོ་རྣམས་ཀྱིས་དགྲ་བོ་ལ་ངོ་རྒོལ་དང་༧གོང་ས་མཆོག་གི་སྐུ་ཕྱྭ་སྲུང་སྐྱོབ་གནང་ཡོད་པ་རེད།   སྐབས་དེར་རྒྱལ་གཅེས་དཔའ་མོ་ཧ་ཅང་མང་པོ་ཞིག་རྒྱ་ནག་གཞུང་གིས་མནར་གཅོད་བཏང་དང་དམར་གསོད་བྱས་སྐོར་སོགས་གསུངས་སོང་།

ཁོunnamed1ང་གིས་མུ་མཐུད་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ལངས་ཕྱོགས་དང་ཚོགས་མི་བཅས་ཀྱི་སྐོར་གསུང་དོན།   བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཆབ་སྲིད་ལངས་ཕྱོགས་ལམ་དབུ་མ་ཡིན་ལ།   མ་འོངས་པ་ལ་ཡང་འགྱུར་བ་གཏོང་གི་མ་རེད་ཅེས་དང་།  བུད་མེད་ལྷན་ཚོགས་དབུས་ས་གཉིས་སུ་ཚོགས་མི་གང་མང་འཛུལ་ཞུགས་གནང་དགོས་པ་དང་། དེ་ཡང་ནང་མི་ཞིག་ལ་ཆ་མཚོན་ན།   ནང་མི་མི་རེའི་ངོས་རེ་དང་མི་མང་བཅས་ཀྱིས་དུས་རྒྱུན་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུ་བཞིན་ཡོད་ཅེས་སོགས་གསུངས་སོང་།

དེ་ནས་དབུས་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཞིན་ཚེ་རིང་སྒྲོལ་མས་ཟབ་སྦྱོང་སྐོར་གྱི་གློག་བརྙན་གཟིགས་འབུལ་དང་འབྲེལ་བཏན་བཤད་གནང་དོན།   སྤྱི་ཚོགས་ནང་འདྲ་མཉམ་གྱི་ལྟ་བ་འཛིན་དགོས་པ་གལ་ཆེན་ཡིན་སྐོར་དང་།   དེ་བཞིན་ཚོགས་པ་དང་སྒྲིག་འཛུགས་གང་ཞིག་ལ་ཞབས་ཕྱི་ཞུ་རྒྱུའི་གོ་སྐབས་བྱུང་ན་དེར་ལྷག་བསམ་རྣམ་དག་གི་ཕྱག་ལས་གནང་དགོས་པ་གལ་ཆེན་པོ་རེད་ལ།   རྒྱུ་རྐྱེན་དེ་ལ་བརྟེན་ནས་རང་ཉིད་སྒེར་གྱི་ནང་གི་དཔལ་འབྱོར་སོགས་འཐུས་ཤོར་གང་ཡང་འགྲོ་ཡི་མ་རེད་ཅེས་གསུངས་སོང་།

ཁོང་གིས་མུ་མཐུད་ནས་གསུང་དོན།   འཛམ་གླིང་གི་རྒྱལ་ཁབ་དང་མི་རིགས་གཞན་དག་གིས་ཚེ་སྲོག་གི་འགྲོ་གྲོན་བཏང་ནས་མང་གཙོ་འཐབ་རྩོད་བྱེད་བཞིན་ཡོད་པ་རེད།   ཡིན་ན་ཡང་བོད་མི་མང་ལ་༧གོང་ས་མཆོག་གིས་ཕྱི་ལོ་༡༩༦༢ ལོར་ཡང་དག་པའི་མང་གཙོ་གསོལ་བསྩལ་གནང་ཡོད་པ་རེད། མང་གཙོ་ཟེར་བ་དེ་འགྲོ་བ་མིའི་སྤྱི་ཚོགས་ཆེན་པོ་འདིའི་ནང་ཧ་ཅང་གི་རིན་ཐང་བྲལ་བ་ཞིག་ཡིན་སྐོར་དང་།   ལྷག་པར་འོས་བསྡུའི་ཆ་ཤེས་ལེན་དགོས་པ་གལ་ཆེན་ཡིན་སྐོར་དང་།   འགྲོ་བཞིན་པའི་བོད་ཀྱི་སྲིད་སྤྱི་གཉིས་ཀྱི་འོས་བསྡུའི་ཐོག་ཐུགས་སྣང་གནང་སྐོར་སོགས་གསུངས་སོང་།

བོད་ཀྱི་བུད་མེད་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གིས་གོ་སྒྲིག་འོག་མང་གཙོའི་འཕེལ་རིམ་དང་འོས་བསྡུ་གལ་ཆེན་ཡིན་སྐོར་གྱི་ཟབ་སྦྱོང་འདི་ལྟ་བུ་རྒྱ་བལ་འབྲུག་གསུམ་ནང་གི་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་༤༤ ཙམ་གྱི་ནང་ཟབ་སྦྱོང་སྤེལ་ཡོད་པ་རེད་ལ།   ཐེངས་འདིའི་མོན་གྷོ་ས་གནས་སུ་ཟབ་སྦྱོང་ཐ་མ་དེ་ཆགས་ཀྱི་ཡོད་པ་རེད།།

ལྷོ་ཕྱོགས་གསར་འགོད་པ་ཐུབ་བསྟན་བཀྲ་ཤིས།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།