གནམ་གྲུ་བརྡབ་སྐྱོན་ཁྲོད་མི་༢༩༥ ཡི་ཚེ་སྲོག་ཤོར།

མཱ་ལེ་ཤེ་ཡའི་འགྲུལ་སྐྱེལ་གནམ་གྲུ་ཞིག་ལ་ཡུག་རན་གྱི་ཤར་ཕྱོགས་སུ་གཏོར་རྒོལ་གྱིས་བརྡབ་ལྷུང་བྱུང་སྟེ་ཁྱོན་འགྲུལ་པ་༢༩༥ ཡོད་པ་ཆ་ཚང་གི་ཚེ་སྲོག་ཤོར་ཡོད་པ་རེད།

མཱ་ལེ་ཤེ་ཡའི་འགྲུལ་སྐྱེལ་གནམ་གྲུ་ཞིག་ལ་ཡུག་རན་གྱི་ཤར་ཕྱོགས་སུ་གཏོར་རྒོལ་གྱིས་བརྡབ་ལྷུང་བྱུང་སྟེ་ཁྱོན་འགྲུལ་པ་༢༩༥ ཡོད་པ་ཆ་ཚང་གི་ཚེ་སྲོག་ཤོར་ཡོད་པ་རེད།

ཟླ་འདིའི་ཕྱི་ཚེས་༡༧ རེས་གཟའ་ཕུར་བུའི་ཉིན། ཡུ་རོབ་ཀྱི་རྒྱལ་ཁབ་ནེ་རྡར་ལན་ཌིའི་རྒྱལ་ས་ཨམ་སི་ཊར་ཌམ་(Amsterdam) ནས་མཱ་ལེ་ཤི་ཡའི་རྒྱལ་ས་ལིམ་པུར་(Kuala Lumpur) དུ་འཕུར་བའི་མཱ་ལེ་ཤི་ཡའི་MH17རྟགས་ཅན་གྱི་འགྲུལ་སྐྱེལ་གནམ་གྲུ་ཞིག ཡུག་རེན་གྱི་ས་ཁོངས་ནས་ཨུ་རུ་སུའི་མཐའ་མཚམས་བར་སྤྱི་ལེ་༦༠ ཡོད་པའི་མཚམས་སུ་བརྡབ་སྐྱོན་བྱུང་སྟེ། གནམ་གྲུ་དེའི་ནང་འགྲུལ་པ་མི་གྲངས་༢༨༠ དང་ཞབས་ཞུ་བ་༡༥ བཅས་ཁྱོན་མི་གྲངས་༢༩༥ ཡོད་པ་ཆ་ཚང་གི་ཚེ་སྲོག་ཤོར་ཡོད་འདུག

20140718045105953དེ་བཞིན་ཐེངས་འདིའི་མཱ་ལེ་ཤེ་ཡའི་འགྲུལ་སྐྱེལ་གནམ་གྲུ་བརྡབ་ལྷུང་གི་དོན་རྐྱེན་ཐད་ཨུ་རུ་སུ་དང་ཡུག་རེན་ཕྱོགས་གཉིས་ཀྱིས་ཕུན་ཚུན་སྐྱོན་འཛུགས་བྱེད་བཞིན་པ་དང་། ཡུག་རེན་ཕྱོགས་ནས་ཨུ་རུ་སུའི་ཕྱོགས་གཏོགས་ཀྱི་ཁ་བྲལ་རིང་ལུགས་པས་ས་ཐོག་ནས་འཕངས་བའི་མེ་ཤུགས་འཕུར་མདས་གཏོར་རྒོལ་འོག་བརྡབ་ལྷུང་བྱུང་བ་ཡིན་པའི་སྐྱོན་འཛུགས་བྱས་ཡོད་ཀྱང་། ངོ་ལོག་ཤོག་ཁག་གི་འགོ་ཁྲིད་ཀྱིས་དེ་ནི་ཡུག་རེན་གྱི་འཐབ་འཕྲུལ་འཁོར་ལོས་གཏོར་རྒོལ་བྱས་པ་ཞིག་ཡིན་སྐོར་བརྗོད་འདུག

20140718064553371ཕྱི་ཚེས་༡༧ ཉིན་གྱི་དགོང་མོར་ཨུ་རུ་སུའི་སྲིད་འཛིན་པུ་ཌིན་གྱིས་ཨོ་བྷ་མར་ཁ་པར་བརྒྱུད་གནམ་གྲུ་བརྡབ་ལྷུང་སྐོར་གྱི་གནས་ཚུལ་འགྲེལ་བརྗོད་བྱས་ཡོད་པ་དང་། ཨ་རིའི་སྲིད་འཛིན་གཞོན་པ་བྷེ་ཌན་(Biden) གྱིས་གནམ་གྲུ་བརྡབ་ལྷུང་གི་དོན་རྐྱེན་འདི་གློ་བུར་བུའི་ཆག་སྒོ་ཞིག་གཏན་ནས་མ་ཡིན་པར། གཏོར་རྒོལ་གྱིས་སར་ཟགས་པ་ཞིག་ཡིན་སྐོར་བརྗོད་ཡོད་ཀྱང་། ད་ལྟའི་ཆར་མེ་ཤུགས་འཕུར་མདའ་དེ་སུ་ཞིག་གིས་འཕངས་པ་དང་། ཨུ་རུ་སུའི་ས་ཐོག་དང་ཡང་ན་ཡུག་རེན་ནས་འཕེན་པ་ཡིན་མིན་གྱི་གནས་ཚུལ་ཁ་གསལ་ཤེས་རྟོགས་ཐུབ་མེད་པ་རེད།

ཕྱི་ཚེས་༡༨ ཉིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་འགན་འཛིན་ལྷན་ཚོགས་ཀྱིས་ཡུག་རེན་གྱི་ཛ་དྲག་གནད་དོན་སྐོར་འཚོགས་འདུ་བསྐོངས་ཏེ། མཱ་ལེ་ཤེེ་ཡའི་འགྲུལ་སྐྱེལ་གནམ་གྲུ་HM17རྟགས་ཅན་ཡུག་རེན་གྱི་ཤར་ཕྱོགས་སུ་བརྡབ་ལྷུང་བྱུང་བའི་རྒྱུ་རྐྱེན་ཐད། ཕྱོགས་ཡོངས་ནས་ཞིབ་འཇུག་གཏིང་ཟབ་སྒོས་རྒྱལ་སྤྱིའི་རང་དབང་གི་བརྟག་དཔྱད་བྱེད་རྒྱུའི་གསལ་བསྒྲགས་སྤེལ་འདུག

ལོ་སྔོན་མའི་ཕྱི་ཟླ་༡༡ པའི་ཟླ་མཇུག་ནས་འདི་ལོའི་ཕྱི་ཟླ་༢ པའི་བར། སྐབས་དེའི་ཡུག་རེན་གྱི་སྲིད་འཛིན་ཡཱ་ནུ་ཁོ་ཝེ་ཆི་(Yanukovych) ཡིས་རུ་རོབ་མཐུན་ཚོགས་དང་མཉམ་འབྲེལ་གྲོས་མཐུན་མཚམས་འཇོག་བྱས་པའི་རྐྱེན་གྱིས་རྒྱལ་ནང་དུ་ཆབ་སྲིད་ཀྱི་དཀའ་ངལ་བྱུང་སྟེ། མཇུག་མཐར་སྲིད་འཛིན་ཡཱ་ནུ་ཁོ་ཝེ་ཆི་རང་ཉིད་ཀྱང་ཨུ་རུ་སུར་བྲོས་བྱོལ་དུ་འགྲོ་དགོས་བྱུང་ཡོད་པ་མ་ཟད། ཁ་གཏད་ཆབ་སྲིད་ཚོགས་པས་སྲིད་དབང་བཟུང་བའི་ཟླ་གཅིག་ཙམ་གྱི་ནང་ལ། ཁི་རི་མེ་ཡཱ་(Crimea) རང་སྐྱོང་ས་ཁུལ་དེ་ཉེན་འཕྲང་ཆེ་ཤོས་སུ་གྱུར་ཏེ། དུས་ཚོད་ཧ་ཅང་ཐུང་ངུ་ཞིག་གི་ནང་མང་མོས་ཐག་གཅོད་ལྟར་ཨུ་རུ་སུའི་རྒྱལ་ཁོངས་སུ་ཞུགས། དེ་བཞིན་ད་ལོའི་ཕྱི་ཟླ་༣ པའི་ཟླ་མཇུག་ཙམ་ནས་བསྐྱར་དུ་ཡུག་རེན་ཤར་ཕྱོགས་ས་ཁུལ་གྱི་གནས་སྟངས་ཛ་དྲག་ཏུ་ཕྱིན་ཡོད་པ་དང་། ད་ལྟའི་ཆར་སྟངས་འཛིན་མི་ཐུབ་པའི་ཉེན་ཁའི་འོག་ལུས་ཡོད་པ་རེད།།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།