མི་ལོ་བཅོ་ལྔ་ལ་བཙོན་འཇུག་བྱས་པའི་ཆབ་སྲིད་བཙོན་པ་ཞིག་གློད་གྲོལ།

མི་ལོ་༡༥ བཙོན་འཇུག་ཁྲིམས་ཆད་ཕོག་པའི་ཆབ་སྲིད་བཙོན་པ་སོག་ཙན་དན་དགོན་པའི་གྲྭ་ངག་དབང་འགྱུར་མེད་འདི་ལོའི་ཟླ་༣ ཚེས་༢༠ ཉིན་གློད་གྲོལ་བཏང་ཡོད་པ་རེད།

མི་ལོ་༡༥ བཙོན་འཇུག་ཁྲིམས་ཆད་ཕོག་པའི་ཆབ་སྲིད་བཙོན་པ་སོག་ཙན་དན་དགོན་པའི་གྲྭ་ངག་དབང་འགྱུར་མེད་འདི་ལོའི་ཟླ་༣ ཚེས་༢༠ ཉིན་གློད་གྲོལ་བཏང་ཡོད་པ་རེད།

IMG_4590འབྲེལ་ཡོད་ཀྱིས་གནས་ཚུལ་འགྲེལ་བརྗོད་གནང་བ་ལྟར་ན། ངག་དབང་འགྱུར་མེད་ནི་སོག་རྫོང་དབྲོག་རྟ་གྲོང་ཚོ་ནས་ཡིན་ཞིང་རང་ལོ་ཉི་ཤུ་ཙམ་ནས་ཙན་དན་དགོན་གྱི་གྲྭ་བ་བྱས། དགོན་པ་གསར་བཞེངས་སྐབས་རང་ཉིད་ཀྱི་ལག་ཤེས་ལ་བརྟེན་ནས་དགོན་པའི་རྡོ་བཟོ་བ་དང་ཤིང་གཤགས་པ་སོགས་མདོར་ན་དགོན་པ་གསར་བཞེངས་ཀྱི་ལས་མི་གཙོ་བོའི་གྲས་སུ་གྱུར་ཡོད།

དེ་རྗེས་སུ་མི་རིགས་ཀྱི་བདེ་སྡུག་སྤྱི་དང་ལྷག་ཏུ་རང་ཡུལ་གྱི་བདེ་སྡུག་ཐུགས་ཀྱིས་མ་བཟོད་པར་རང་སྲོག་ལ་མ་འཛེམས་པར་བོད་དོན་ཡིག་ཆ་སྦྱར་གཏོར་བྱས་རྐྱེན་རྒྱ་ནག་གིས་མི་ལོ་བཅོ་ལྔ་ལྷག་བཙོན་འཇུག་བྱས་ཡོད་པ་རེད།
༢༠༡༥ ལོའི་ཕྱི་ཟླ་༣ ཚེས་༢༠ ཉིན་གྱི་ཆུ་ཚོད་༡-༣༠ ཐོག་དངོས་སུ་བཙོན་གྲོལ་ཐོབ་ཡོད་པ་དང་། ནང་མི་དང་ཉེ་འབྲེལ་རྣམས་ཀྱིས་སེམས་ཁྲལ་ནི་རྒྱ་གཞུང་གི་ངན་གཡོའི་སྦྱོར་ངན་གྱིས་ཡུན་རིང་འཚོ་བའི་ནུས་སྟོབས་མེད་པར་བྱས་མེད་དམ་སྙམ་པ་དེ་རེད། དེ་སྔོན་ཁོང་དང་མཉམ་དུ་བཙོན་འཇུག་བྱས་པའི་ཆབ་སྲིད་བཙོན་པ་གྲྭ་བསྟན་འཛིན་ཆོས་དབང་བཙོན་ནས་ཐོན་རྗེས་ལོ་གསུམ་མ་ཟིན་ཙམ་ཉལ་སར་ལུས་ནས་སྨན་བཅོས་མ་ཐུབ་པར་སྐུ་གྲོངས་པ་དང་། གྲྭ་ཡེ་ཤེས་བསྟན་འཛིན་བཙོན་ནས་ཐོན་སྐབས་གཟུགས་པོ་བདེ་པོ་མེད་པ་བཟོས་ནས་ཟླ་གཉིས་རྗེས་སུ་སྨན་བཅོས་བྱེད་མ་ཐུབ་པར་སྐུ་གྲོངས་ཡོད་པ་རེད།།

ངག་དབང་འགྱུར་མེད་ནི་ཕྱི་ལོ་༢༠༠༠ ཟླ་༣ ཚེས་༡༧ ཉིན་འཛིན་བཟུང་བྱས་པ་དང་། ཁོང་དང་མཉམ་དུ་སོག་ཙན་དན་དགོན་པའི་གྲྭ་སིས་མཁས་གྲུབ་དང་། ཡེ་ཤེས་བསྟན་འཛིན། བསྟན་འཛིན་ཆོས་དབང་། མི་སྐྱ་ཁྲག་རུ་ཡེ་ཤེས། ཚེ་རིང་ལྷ་མགོན་གཉིས་བཅས་འཛིན་བཟུང་བྱས་ཡོད་པ་རེད།

ཁོང་རྣམས་འཛིན་བཟུང་བྱེད་དགོས་པའི་རྒྱུ་མཚན་ནི། ༢༠༠༠ ལོའི་ཟླ་༣ པའི་ནང་ཤིང་པར་རྒྱབ་པའི་ཡིག་ཆ་“༸ གོང་ས་མཆོག་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག  བོད་རང་བཙན་ཡིན། རྒྱ་དམར་བོད་ནས་ཕར་རྒྱུག་ཅིག་”ཅེས་པ་པར་སྐྲུན་བྱས་ནས་མི་མང་འདུ་འཛོམས་ཆེ་ བའི་ས་ཁུལ་སྦྱར་གཏོར་བྱས་རྐྱེན། རྒྱ་ནག་གིས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་སྐྱོན་དང་། དྲིལ་བསྒྲགས་ངན་སྐུལ་བྱས་པའི་ཉེས་འཛུགས་བྱས་ཡོད་པ་རེད།

NgawangGyurme༢༠༠༠ ལོ་འཇུག་ཏུ་ནག་ཆུ་ས་ཁུལ་འབྲིང་རིམ་མི་མང་ཁྲིམས་ཁང་ཟེར་བས་ངག་དབང་འགྱུར་མེད་ལ་དུས་བཀག་བཙོན་འཇུག་ལོ་༡༥ ཁྲིམས་ཐག་བཅད་པ་དང་། སིས་མཁས་གྲུབ་ཚེ་བཙོན་དང་། ཚེ་རིང་ལྷ་མགོན་ལོ་༡༥ །  ཡེ་ཤེས་བསྟན་འཛིན་ལ་ལོ་༡༠། ཁྲག་རུ་ཡེ་ཤེས་ལོ་༧ བཅས་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད།
ངག་དབང་འགྱུར་མེད་དང་ཐོག་ལྷ་སའི་གྲྭ་བཞི་བཙོན་ཁང་དུ་བཙོན་འཇུག་དང། དེ་རྗེས་ཆུ་ཤུལ་བཙོན་ཁང་དུ་བཙོན་འཇུག་བྱས་ཡོད་པ་རེད།

བཙོན་དུ་བཞུགས་པའི་རིང་ཁོང་གི་ཨ་ཕ་གྲོངས་པ་དང་བཙོན་ཁང་གིས་མནར་གཅོད་མྱོང་དགོས་བྱུང་བས། གློ་གཅོང་གི་ན་ཚ་ཕོག་སྟེ་བཙོན་ཁང་སྨན་པས་ནད་ངོས་མ་ཟིན་པའམ་ལོ་གཅིག་ཙམ་ལ་སྨན་ལོག་སྤྲད་ནས་ཤི་གསོན་གྱི་ཚད་དུ་བསྐྱལ། བཙོན་རོགས་དང་སྤུན་ཉེ་དག་གི་ཞུ་འབོད་འོག་སྨན་ཁང་ཆེན་མོར་བརྟག་དཔྱད་བྱེད་དུ་ཁྲིད་པས། ད་གཟོད་ནད་ཐོག་སྨན་སོང་སྟེ་སྨན་བཅོས་བྱེད་ཐུབ་ཙམ་བྱུང་ཡོད་པ་རེད།།

གསར་འགོད་པ་ངག་དབང་ཐར་པ།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།