མི་སྣ་གྲགས་ཅན་མང་པོ་རྒྱ་ནག་ནས་ཕྱིར་འཐོན་བཞིན་འདུག
ཟླ་འདིའི་ཚེས་༧ ཉིན་(Spotlight on China ) ཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་གི་མི་སྣ་གྲགས་ཅན་མང་པོ་ཞིག་རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་འོག་ཏུ་སྡོད་འདོད་མེད་པའི་རྐྱེན་གྱིས་རྒྱ་ནག་ནས་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་ཐོན་བཞིན་ཡོད་པའི་གནས་ཚུལ་སྤེལ་འདུག
ཟླ་འདིའི་ཚེས་༧ ཉིན་(Spotlight on China ) ཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་གི་མི་སྣ་གྲགས་ཅན་མང་པོ་ཞིག་རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་འོག་ཏུ་སྡོད་འདོད་མེད་པའི་རྐྱེན་གྱིས་རྒྱ་ནག་ནས་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་འཐོན་བཞིན་ཡོད་པའི་གནས་ཚུལ་སྤེལ་འདུག
རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་ཉི་ཤུ་པ་དེ་ཚར་བའི་རྗེས་སུ་རྒྱ་ནག་གི་མི་སྣ་གྲགས་ཅན་མང་པོ་ཞིག་རྒྱ་ནག་ནས་ཕྱི་རྒྱལ་གྱི་ཡུལ་ལུང་ཁག་ཏུ་འཐོན་བཞིན་ཡོད་པའི་གནས་ཚུལ་ཁག་ཅིག་ས་ཁྱབ་རྡོ་ཁྱབ་ཏུ་འགྲོ་བཞིན་ཡོད་པ་དང་། མི་མང་པོས་མི་སྣ་དེ་དག་གིས་རྒྱ་ནག་ལ་ལྟ་སྟངས་ལེགས་པོ་མེད་པ་དང་རྒྱ་ནག་གི་འོག་ཏུ་རེ་བ་མཐོང་གི་མེད་པའི་རྐྱེན་གྱིས་རྒྱ་ནག་ནས་འཐོན་བཞིན་ཡོད་པ་རེད་ཅེས་བརྗོད་འདུག
ཕྱི་ལོ་༡༩༧༠ ནས་བཟུང་ད་ལྟའི་བར་དུ་རྒྱ་མི་མང་པོ་དུས་ཡུན་ཐུང་ངུའི་ནང་དུ་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་གློ་བུར་དུ་སྤོ་འགྲོ་བ་དེ་འདྲ་ཐེངས་གསུམ་ཙམ་བྱུང་ཡོད་པ་དང་། ད་ལྟའི་ཆར་རྒྱ་ནག་གི་མི་སྣ་གྲགས་ཅན་མང་པོ་རྒྱལ་ཁབ་གཞན་དུ་གནས་སྤོ་བྱེད་བཞིན་པ་དེ་ཡིས་སྐྱར་དུ་ཡུལ་ལུང་གནས་པོའི་རླབས་ཕྲེང་ཐེངས་བཞི་པ་འགོ་འཛུགས་བྱེད་དུ་བཅུག་སྲིད་རབས་བརྗོད་འདུག
རྒྱ་ནག་གི་སིལ་སྤོལ་རྩེད་མོ་བ་གྲགས་ཅན་(Yao Ming) ནི་རྒྱ་ནག་གི་སིལ་སྤོལ་ཚོགས་པའི་ཚོགས་གཙོ་ཡིན་ཡང་། ཉེ་ཆར་ཁོང་གིས་རང་ཉིད་ཀྱི་སྐྱེ་ཡུལ་དུ་ཡོད་པའི་ཁར་དབང་ཚང་མ་བཙོང་ཡོད་པ་དང་ད་ལྟའི་ཆར་ཨ་རི་ལ་སོ་སོའི་ནང་མི་དང་ལྷན་དུ་ཡོད་འདུག
གཞན་ཡང་རྒྱ་ནག་གི་འཁྲབ་སྟོན་པ་དང་ཚོང་པ་དང་སྒྱུ་རྩལ་བ་གྲགས་ཅན་མང་པོ་ཞིག་རྒྱལ་ཁབ་གཞན་དུ་སྤོ་བཞིན་ཡོད་པར་བརྟེན། (Henley & Partners) ཡིས་ཚོད་བརྩིས་བྱས་པར་ལྟར་ན། ཕྱི་ལོ་༢༠༢༢ ལོ་རྒྱ་ནག་གི་ཐེ་འབུམ་བདག་པོ་ཁྲི་གཅིག་མ་ཟིན་ཙམ་ཞིག་རྒྱ་ནག་ནས་ཐོན་སྲིད་པ་དང་ཨ་སྒོར་ཐེ་འབུམ་$༤༨ ལྷག་རྒྱ་ནག་ནས་འཐེན་སྲིད་པ་མ་ཟད། རྒྱ་ནག་ནི་ཨུ་རུ་སུ་ཕུད་པའི་མི་སྒེར་པ་བདག་པོ་རྒྱག་མ་ཐུབ་མཁན་གྱི་རྒྱལ་ཁབ་སྐྱོ་ཤོས་དེ་ཆགས་སྲིད་རབས་བརྗོད་བཞིན་འདུག
ཕྱི་ལོ་༡༩༧༠ ནང་ལ་རྒྱ་ནག་གི་གཙོ་འཛིན་ཏིང་ཞའོ་ཕིང་གི་བཅོས་སྒྱུར་དང་སྒོ་འབྱེད་ཅེས་པའི་སྲིད་བྱུས་འོག་རྒྱ་ནག་གི་སློབ་ཕྲུག་སྟོང་ཕྲག་མང་པོ་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཐོན་ཡོད་པ་ནི་རྒྱ་མི་ཚོ་ཡུལ་ལུང་གཞན་དུ་གནས་སྤོ་བྱེད་པའི་རླབས་ཕྲེང་ཐོག་མ་དེ་ཆགས་ཡོད་འདུག
ཕྱི་ལོ་༡༩༨༩ ཟླ་ ༦ པའི་ཚེས་ ༤ ཉིན་རྒྱ་ནག་གཞུང་གིས་རྒྱ་ནག་གནམ་སྡེ་སྒོ་མོ་ཆེའི་ཐང་ཆེན་དུ་དམངས་གཙོ་དང་རང་དབང་གི་ཆེད་དུ་ངོ་རྒོལ་བྱེད་མཁན་སློབ་གྲྭ་ཆེན་མོ་བ་དང་ཤེས་ཡིན་ཅན་སྟོང་ཕྲག་མང་པོ་དམར་གསོད་བྱས་ཡོད་པའི་རྗེས་སུ། རྒྱ་ནག་ནང་གི་ཤེས་ཡོན་ཅན་དང་སྒྱུ་རྩལ་བ་སྟོང་ཕྲག་མང་པོ་ཕྱི་རྒྱལ་གྱི་ཡུལ་གྲུ་ཁག་ཏུ་བྲོས་ཕྱིན་ཡོད་པ་དང་། དེ་ནི་རྒྱ་མི་ཚོ་ཕྱི་རྒྱལ་གྱི་ཡུལ་གྲུ་ཁག་ཏུ་བསྐྱོད་པའི་རླབས་ཕྲེང་གཉིས་པ་ཆགས་ཡོད་འདུག་ལ། རྒྱ་མི་མང་པོ་ཕྱི་ལ་ཐོན་པའི་རླབས་ཕྲེང་གསུམ་པ་ནི་ཕྱི་ལོ་༢༠༠༨ ལོར་བྱུང་ཡོད་འདུག ད་ལྟའི་ཆར་རྒྱ་ནག་གི་མི་སྣ་གྲགས་ཅན་མང་པོ་ཕྱི་ལོགས་སུ་འཐོན་བཞིན་པ་དེ་ཡིས་རྒྱ་མི་ཕྱི་ལོགས་སུ་བསྐྱོད་པའི་རླབས་ཕྲེང་བཞི་པ་འབྱུང་དུ་བཅུག་སྲིད་པ་རེད་ཅེས་བརྗོད་བཞིན་འདུག
ད་ལྟའི་ཆར་རྒྱ་མི་ཁྱོན་བསྡོམས་ས་ཡ་༧༠ ཙམ་ཞིག་རྒྱ་ནག་གི་ཕྱི་ལོགས་སུ་སྡོད་ཀྱི་ཡོད་པ་དང་། རྒྱ་མི་དེ་དག་གི་ཁྲོད་ནས་མང་ཆེ་བ་ནི་ཨ་རི་དང་ཉི་ཧོང་། ཀོ་རི་ཡ་དང་ཁ་ན་ཊ་སོགས་ཀྱི་ནང་ལ་སྤོས་ཡོད་པ་རེད་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།