མོན་གྷོ་ས་གནས་འཐུས་མིའི་ཚོགས་འདུ།

ཟླ་འདིའི་ཚེས་༡༢ ནས་ཉིན་གསུམ་རིང་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་ས་གནས་འཐུས་ཚོགས་སྐབས་དགུ་བའི་ཚོགས་དུས་དང་པོ་མོན་གྷོ་ས་གནས་འཐུས་ཚོགས་ཚོགས་ཁང་དུ་འཚོགས་ཡོད་པ་རེད།

ཟླ་འདིའི་ཚེས་༡༢ ནས་ཉིན་གསུམ་རིང་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་ས་གནས་འཐུས་ཚོགས་སྐབས་དགུ་བའི་ཚོགས་དུས་དང་པོ་མོན་གྷོ་ས་གནས་འཐུས་ཚོགས་ཚོགས་ཁང་དུ་འཚོགས་ཡོད་པ་རེད།

34566དེ་ཡང་ཉིན་འདིའི་སྔ་དྲོ་ཚོགས་ས་འཐུས་ཚོགས་གཙོ་བསོད་ནམས་རྡོ་རྗེས་ཚོགས་འདུ་དབུ་འཛུགས་ཀྱི་གཏམ་བཤད་གནང་སྐབས། ད་བར་དུ་བོད་བསྟན་པ་ཆབ་སྲིད་ཀྱི་ཆེད་དུ་ལུས་སྲོག་ལོངས་སྤྱོད་དང་བཅས་བ་བློས་གཏོང་གནང་མཁན་གྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་སེར་སྐྱ་ཕོ་མོ་ཡོངས་ལ་མྱ་ངན་གུས་འདུད་དང་བཅས་ཁོང་རྣམས་པའི་ཞུམ་པ་མེད་པའི་སྙིང་སྟོབས་དང་རླབས་ཆེན་གྱི་བྱ་གཞག་ལ་དུས་རྟག་དུ་རྗེས་དྲན་དང་དྲན་གསོ་ཞུ་བཞིན་ཡོད་ལ། ད་རེབ་ཀྱི་སྐབས་དགུ་བའི་ས་གནས་འཐུས་ཚོགས་ཚོགས་དུས་དང་པོའི་ནང་དུ་གཞུང་འབྲེལ་གྱི་གྲོས་གཞི་གྲོས་འཆར་ཁག་གིས་ཐོག ས་གནས་འཐུས་མི་རྣམས་ཀྱིས་ཆ་ཤས་ལེན་དགོས་པ་གལ་ཆེན་པོ་རེད། དེ་ཡང་སྤྱི་ཡོངས་ཀྱི་བཀའ་མོལ་དང་བགྲོ་གླེང་གནང་དགོས་པ་ལས་གང་ཟག་སྒེར་ངོས་ལ་དམིགས་ནས་དང་འགན་འཁུར་མེད་པའི་ཐོག་ནས་ཕན་ཚུན་བགྲོ་གླེང་དེ་འདྲ་གནང་བ་སོགས་མི་བྱ་རྒྱུ་མ་ཟད། བོད་བསྟན་སྲིད་སྤྱི་དང་བྱེ་བྲག་སྐབས་བབ་ཀྱི་སོ་སོའི་ཕྲག་ཏུ་བབ་པའི་འགན་འཁྲི་དེ་བཞིན་བསྒྲུབ་ཐུབ་ལ་འབད་བརྩོན་གནང་དགོས་པ་གལ་ཆེན་པོ་རེད་”ཅེས་གསུངས་སོང་།

ཚོགས་གཙོས་མུ་མཐུད་གསུང་དོན། “འདིར་ཆེད་དུ་བཤད་དགོས་བ་ཞིག་ས་འཐུས་རྣམ་པར་མཚོན་ན་དེ་རིང་གི་ས་འཐུས་སྐབས་དགུ་པའི་ཚོགས་འདུ་དང་པོའི་ཐོག་ཡོང་མེད་པའི་ས་གནས་འཐུས་མི་ཁག་ཅིག་གི་རྐུབ་སྟེགས་སྟོང་བར་བཞག་ཡོད་པ་བློ་ཕམ་གྱི་གནས་སྟངས་ཞིག་ཡིན་སྟབས། ཕྱིན་ཆད་དེ་འདྲ་མི་བྱེད་པའི་རེ་བ་དང་མི་མང་གི་འཐུས་ཚབ་བྱེད་མཁན་ཡིན་པའི་ཁས་ལེན་དམ་བཅའ་བཞག་པ་ཅི་བཞིན་ཚོགས་འདུའི་སྐབས་སུ་དུས་ཐོག་ལྟར་ཚོགས་བཅར་གནང་དགོས་པ་དེ་མཁྱེན་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད་ལ། གལ་སྲིད་ཚོགས་བཅར་ཙམ་ཡང་མ་ཐུབ་ཚེ་མི་མང་ལ་མཐོང་ཆུང་དང་དམའ་འབེབས་རེད་ཅེས་གསུངས་སོང་།

དེ་ནས་བོད་བསྟན་སྲིད་ཆེད་དུ་རང་ལུས་མེར་སྲེག་གནང་མཁན་རྒྱལ་གཅེས་དཔའ་བོ་ཕོ་མོ་ཡོངས་དང་། རྒྱ་ནག་གཞུང་གིས་ཉེས་མིང་དང་གཡོ་ཇུས་སྣ་ཚོགས་འོག་ཡོངས་གྲགས་དང་ཡོངས་གྲགས་མ་ཡིན་པའི་ཐོག་ནས་དམར་གསོད་བཏང་བཞག་པའི་བོད་ཀྱི་བླ་ཆེན་དང་ནུས་ལྡན་སྣེ་ཁྲིད་པ་ཚོའི་མཚོན་བོད་རྒྱལ་བསྟན་མི་རིགས་རིག་གཞུང་དང་བཅས་ཀྱིས་ཆེད་སྐུ་ལས་བསྐྱོན་མཁན་ཡོངས་ལ་གཞུང་འབྲེལ་མྱ་ངན་རྗེས་དྲན་དང་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་འཆར་གྲོས་ཆོད། ༧ རྒྱལ་བའི་སྐུ་ཕྱྭ་དང་འབྲེལ་བའི་གྲོས་ཆོད་སོགས་ཐུགས་སྣང་གཞེན་སྐུལ་དང་སྐར་རྟགས་ཅན་གྱི་དྲི་བ་དྲིས་ལན་བཅས་ཀྱི་ལས་རིམ་ཐོག་བགྲོ་གླེང་གནང་གི་ཡོད་པརད།

ཐེངས་འདིའི་མོན་གྷོ་ས་འཐུས་སྐབས་དགུ་པའི་ཚོགས་དུས་དང་པོ་དེ་བཞིན་ས་གནས་འགོ་འཛིན་ལས་ཁང་མ་ལག་དང་བཅས་པའི་ལོ་འཁོར་ལས་བསྡོམས་སྙན་བསྒྲོན་དང་འབྲེལ་བའི་ཐོག་བགྲོ་གླེང་དོགས་འདྲི་གནང་རྒྱུ་ཡིན་པ་རེད།།

ལྷོ་ཕྱོགས་གསར་འགོད་པ་ཐུབ་བསྟན་བཀྲིས།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།