ཚོང་གི་གྲོས་མཐུན་དགོས་ན་ཧོང་ཀོང་གི་དཀའ་རྙོག་སེལ་དགོས། 

ཟླ་འདིའི་ཚེས་༡༥ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། བདུན་འདིའི་རེས་གཟའ་ལྷག་པའི་ཉིན་ཨ་རིའི་རྒྱལ་སྲིད་ལྷན་ཁང་གིས་པེ་ཅིང་གཞུང་ནས་ཧོང་ཀོང་ལ་དྲག་པའི་རྒོལ་རྡུང་བྱ་སྲིད་པའི་སེམས་འཚབ་ཀྱི་རྣམ་པ་བསྟན་པ་དང་སྦྲགས། སྲིད་འཛིན་ཊོམ་ཕི་ཡིས་གལ་སྲིད་རྒྱ་ནག་ལ་ཚོང་གི་གྲོས་མཐུན་དགོས་ན། ཐོག་མར་ཧོང་ཀོང་གི་དཀའ་རྙོག་མི་སྤྱོད་དང་མཐུན་པའི་སྒོ་ནས་སེལ་བའི་དགོས་འདུན་བཏོན་འདུག 

དེ་ཡང་ཨ་རིའི་རྒྱལ་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཞིག་གིས་ཧོང་ཀོང་གི་ས་མཚམས་སུ་རྒྱ་ནག་གི་དམག་མི་ཕོན་ཆེན་འབྱོར་བཞིན་པའི་གནས་ཚུལ་དེར་ཨ་རི་སེམས་འཚབ་ཆེན་པོ་ལང་བཞིན་ཡོད་ཚུལ་བརྗོད་པ་དང་། གལ་སྲིད་རྒྱ་ནག་གིས་དྲག་པོའི་བཙན་འཛུལ་བྱས་པ་ཡིན་ན། ཚོང་གིས་མཚོན་པའི་ཨ་རྒྱའི་གནད་དོན་མང་པོ་ཞིག་ལ་དོ་ཕོག་འགྲོ་ངེས་པའི་ཉེན་བརྡ་བཏང་ཡོད་འདུག 

ཨ་རིའི་ཕྱི་འབྲེལ་ལས་ཁུངས་ནས་ཀྱང་རེས་གཟའ་ལྷག་པའི་ཉིན་“རྒྱ་ནག་གིས་སླར་ཡང་གདུག་རྩུབ་ཆེན་པོས་ཞི་བའི་ངོ་རྒོལ་ལ་དྲག་གནོན་བྱེད་མི་ཡོང་ངམ་སྙམ་ནས་ང་ཚོར་སེམས་ཁྲལ་ཡོང་གི་འདུག་”ཅེས་བརྗོད་དེ་མངོན་གསལ་དོད་པོས་༡༩༨༩ ལོའི་གནམ་སྡེ་སྒོ་མོ་ཆེའི་སྡེབ་གསོད་དོན་རྐྱེན་གླེངས་པ་མ་ཟད། “ང་ཚོས་རྒྱ་ནག་ལ་རྒྱལ་སྤྱིའི་སྐྱོན་བརྗོད་དང་མཇུག་འབྲས་ཚབས་ཆེན་ལྡན་པའི་ནོར་འཁྲོལ་དེ་ལྟ་བུ་བཟོ་མི་ཉན་ཟེར་གྱི་ཡོད་”ཅེས་བཤད་འདུག 

དེ་བཞིན་སྲིད་འཛིན་ཊོམ་ཕི་ཡིས་ཐྲོའུ་ཐྲར་དྲ་བའི་ཐོག་ཏུ་ཨ་རྒྱའི་ཚོང་དམག་དང་འབྲེལ་བའི་རྩོམ་ཐུང་སྤེལ་བའི་ནང་། “རྒྱ་ནག་ལ་ཚོང་གི་གྲོས་མཐུན་འཇོག་འདོད་ལོས་ཡོད། ཁོ་ཚོས་ཐོག་མར་ཧོང་ཀོང་ལ་མི་སྤྱོད་དང་མཐུན་པ་བྱེད་དགོས། གལ་སྲིད་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་ཧོང་ཀོང་གི་དཀའ་རྙོག་དེ་མགྱོགས་མྱུར་དང་མི་སྤྱོད་དང་མཐུན་པའི་སྒོ་ནས་སེལ་འདོད་ན། སེལ་ཐུབ་མིན་ལ་དོགས་པོ་སྤུ་ཙམ་མེད། སྒེར་གྱི་ཐུག་འཕྲད་འདྲ་དགོས་སམ་”ཞེས་བྲིས་ཡོད་འདུག ། 

གསར་འགོད་པ་དཀོན་མཆོག་རབ་བརྟན། 

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།