ཝཱཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དུ་སློབ་འཇུག་གསལ་བསྒྲགས།

༡)        ༄༅། །ཝཱཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དུ་ཕྱི་ལོ་ ༢༠༢༢་་༢༠༢༣ ལོའི་སློབ་དུས་རིང་སྒྱུ་རྩལ་སློབ་གཉེར་བ་གསར་འཇུག་བྱ་རྒྱུའི་ཡོངས་ཁྱབ་གསལ་བསྒྲགས།

 

ཁ་པར་ཨང་། ༠༥༤༢༢༥༨༥༢༤༢                         

༄༅། །ཝཱཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དུ་ཕྱི་ལོ་ ༢༠༢༢་་༢༠༢༣  སློབ་དུས་རིང་གི་སྒྱུ་རྩལ་སྔོན་འགྲོ་ལོ་དང་པོའི་ནང་འཛུལ་ཞུགས་བྱ་རྒྱུའི་འཛུལ་རྒྱུགས་ཕྱི་ལོ་ ༢༠༢༢ ཟླ་ ༧ ཚེས་ ༨།༩ བཅས་སོ་སོར་ཝཱཎ་གཙུག་ལག་སློབ་གཉེར་ཁང་དུ་གཏོང་གཏན་འཁེལ་བ་ཡིན། འཛུལ་རྒྱུགས་ཐོན་རིགས་ཁོངས་ནས་སྒྲིག་གཞི་གཞི་བཟུང་རི་མོ་དང་ཤིང་བརྐོས་ནང་སློབ་གཉེར་བ་ལྔ་རེ་སློབ་འཇུག་བྱ་རྒྱུ་ཡིན། དེ་ཡང་རི་མོ་དང་ཤིང་བརྐོས་ཆེད་སྔོན་འགྲོ་ལོ་གཉིས་དང་དེ་རྗེས་སྒྱུ་རྩལ་བསྟན་བཅོས་(BFA)ལོ་གསུམ་དང་སྒྱུ་རྩལ་སློབ་དཔོན་(MFA)ལོ་གཉིས་བཅས་ཡོད། སྒྱུ་རྩལ་གྱི་སློབ་ཚན་ཁག་ནི་རི་མོ་དང་ཤིང་བཟོའི་སྦྱོང་བརྡར་སྤྲོད་རྒྱུ་ཙམ་མིན་པར་སློབ་ཚན་གཞན་ཁག་ཀྱང་ཡོད་པ་གཤམ་གསལ་ལྟར་ཡིན། དེ་ལྟར་བཀོད་སྒྲིག་བྱེད་དགོས་དོན་ནི་སྒྱུ་རྩལ་ཙམ་མིན་པར་ཆ་རྐྱེན་གཞན་དུ་མ་ཞིག་དང་ལྡན་པའི་སྒྱུ་རྩལ་བ་ཞིག་ཏུ་འགྱུར་རྒྱུར་དམིགས་པ་ཡིན་པས་འབྲེལ་ཡོད་རྣམས་ཀྱི་གཤམ་གསལ་དོན་གནས་ཁག་ལ་ཐུགས་སྣང་གིས་འབྲེལ་བ་གནང་ཆོག་པ་ཡིན།           སློབ་ཚན་ཁག

ཀ༽       རི་མོའམ་ཤིང་བརྐོས་སྒྱུ་རྩལ།

ཁ༽       སྒྱུ་རྩལ་གྱི་ལོ་རྒྱུས་དང་ལྟ་གྲུབ།

ག༽       བོད་ཀྱི་བརྡ་སྤྲོད་དང་སྙན་ངག

ང༽        ནང་ཆོས་དང་ལྟ་གྲུབ།

ཅ༽        དབྱིན་ཇིའི་སྐད་ཡིག

སློབ་རིམ་དེར་སློབ་འཇུག་ཆ་རྐྱེན་ཚང་དགོས་རིགས།

༡༽        ཞུགས་བློ་ཡོད་རིགས་ཀྱི་སློབ་གཉེར་བ་རྣམས་རྒྱ་གར་དབུས་གཞུང་སམ་མངའ་སྡེ་གཞུང་གི་རྒྱུགས་སྤྲོད་ལྷན་ཚོགས་ནས་འཛིན་རིམ་བཅུ་པ་ཐོན་པའམ། དེ་མིན་ངོས་འཛིན་ལྡན་པའི་གཞི་རིམ་སློབ་གྲྭ་ཞིག་ནས་འཛིན་རིམ་བཅུ་པ་མཐར་སོན་པ།

༢༽        འཛིན་རིམ་བཅུ་པའི་སློབ་ཚན་ནང་བོད་སྐད་མེད་ཀྱང་འཛིན་རིམ་བཅུ་པ་ཐོན་ཅིང་བོད་སྐད་ཤེས་ཚད་འཛིན་རིམ་བཅུ་པ་དང་མཉམ་པར་ཡོད་པའི་ཤེས་རིག་སྡེ་ཚན་ཞིག་ནས་རྒྱབ་གཉེར་ཡོད་པ་དང་། དབྱིན་ཧིན་གང་རུང་གཅིག་གི་ཤེས་ཚད་ཀྱང་འཛིན་རིམ་བཅུ་པ་དང་མཉམ་པ།

༣༽       ཞུགས་འདོད་ཡོད་རིགས་རྣམས་གོང་གསལ་བརྡ་སྤྲོད། རིགས་གནས། སྐད་ཡིག སྒྱུ་རྩལ་གྱི་ལྟ་གྲུབ་བཅས་ཀྱི་ཆ་རྐྱེན་དང་སྦྲགས་སྒྱུ་རྩལ་སྦྱོང་འདོད་ཀྱི་འདུན་པ་ཤུགས་དྲག་ཡོད་པ།

༤༽       རྒྱ་གར་མཐོ་སློབ་མཐུན་སྦྱིན་ལྷན་ཚོགས་ཀྱི་ལམ་སྟོན་གཞི་བཟུང་ཟུར་ཐོར་བཀོད་པའི་མི་རིགས་དང་མི་སྡེ། དབང་པོ་སྐྱོན་ཅན་བཅས་ཀྱི་ས་མིག་གི་ཆ་རྐྱེན་ཡང་སྤྱི་མཚུངས་ཡོད།

སློབ་འཇུག་འགེངས་ཤོག་དང་ལྷན་དུ་རང་ཉིད་ཀྱིས་དག་མཆན་ཞུས་པའི་རྒྱུགས་སྤྲོད་མཐའ་མའི་ཨང་ཤོག་དང་། གཟུགས་པོ་བདེ་ཐང་ཡིན་པའི་སྨན་པའི་ལག་འཁྱེར། ཟུར་ཐོར་བཀོད་པའི་མི་རིགས་དང་མི་སྡེ། དེ་བཞིན་ཚུལ་གཞན་ནུས་ལྡན་གང་རུང་ཡིན་ཚེ་དེའི་ལག་འཁྱེར་བཅས་ཀྱི་ངོ་བཤུས་མཉམ་སྦྱར་གྱིས་འདི་ག་ལས་ཁུངས་ཀྱི་གཤམ་གསལ་གློག་འཕྲིན་ཁ་བྱང་ཐོག་ཕྱི་ལོ་ ༢༠༢༢ ཕྱི་ཟླ་ ༦ ཚེས་ ༢༥ བར་ཕུལ་འབྱོར་ཐུབ་པ་དགོས། དེའི་རྗེས་སུ་འབྱོར་བའི་འགེངས་ཤོག་ལ་ངོས་ལེན་ཞུ་རྒྱུ་མིན།

 

གློག་འཕྲིན་ཁ་བྱང་ cihtsadmission2020@gmail.com

གཙུག་ལག་སློབ་གཉེར་ཁང་གི་དྲ་རྒྱའི་ཁ་བྱང་། cihts.ac.in

ཝཱཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་རིགས་དྲུང་གིས།

 

Central Institute of Higher Tibetan Studies

Sarnath, Varanasi

Tel-0542-2585242/2585148

 

ADMISSION NOTIFICATION FOR THE FINE ARTS COURSE 2022-2023

 

This is to notify that the entrance examination for the new admission during the forthcoming academic session 2022-2023 for Traditional Fine Arts course will be held on  8th and 9th  July, 2022 in the Institute.  (The Institute provides 2 years Pre-Institute Course (PUC), 3 years of Bachelor of Fine Arts (BFA) and 2 year of Master of Fine Arts (MFA)

Curriculum:

  1. Painting, woodcraft and Sculpture
  2. History and Philosophy of Art
  3. Buddhist Philosophy
  4. Tibetan Literature
  5. English

Eligibility Condition:

  1. The candidate must have strong enthusiasm in learning arts, and capability to pursue the language and grammer etc.
  2. Candidates must have passed 10th standard prescribed by Central Boards or State Boards or by a recognized Institution.
  3. The candidate must have knowledge of Tibetan Language & English or Hindi equivalent to 10th If the school or Institution from which the candidate has passed the 10th grade does not provide course on Tibetan language, the candidate can produce a certificate qualifying himself/herself having knowledge of Tibetan language of 10th standard from a recognized Institute.
  4. The reservation of seats for SC/ST/Differently abled candidates is as per UGC norms.

 

The admission will be provided as per the admission rules of the Institute. The total number of intake of students will be 10 (5 each in painting and woodcraft).                                                                                                               The prescribed Admission Form with the syllabus can be downloaded from the Institute’s website: www.cihts.ac.in The prescribed admission form duly filled up and accompanied with self attested photocopies of all the relevant documents e.g. Marksheet, fitness and reservation certificate etc. may be e-mailed directly to:-

 

E-mail:-cihtsadmission2020@gmail.com

Website: www.cihts.ac.in

 

The application form should reach to this office on or before 25th June, 2022 by 05.00PM. Application forms received thereafter or incomplete application forms shall not be entertained. Tibetan version of this notification is being issued separately.

(Dr. Himanshu Pandey)

Registrar (Incharge)

 

༢)         ༄༅། །ཝཱཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དུ་ཕྱི་ལོ་ ༢༠༢༢་་༢༠༢༣ ལོའི་སློབ་དུས་རིང་སློབ་གཉེར་བ་གསར་འཇུག་བྱ་རྒྱུའི་ཡོངས་ཁྱབ་གསལ་བསྒྲགས།

ཁ་པར་ཨང་། ༠༥༤༢-༢༥༨༥༢༤༢/༢༥༨༥༡༤༨

༄༅། །ཝཱཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དུ་སློབ་ལོ་ ༢༠༢༢་་༢༠༢༣ སློབ་དུས་རིང་གཤམ་འཁོད་སློབ་རིམ་ནང་འཛུལ་ཞུགས་བྱ་རྒྱུའི་འཛུལ་རྒྱུགས་ ༢༠༢༢ ཕྱི་ཟླ་ ༧ ཚེས་ ༨ དང་ ༩ ལ་ཝཱཎ་གཙུག་ལག་སློབ་གཉེར་ཁང་དུ་གཏོང་གཏན་འཁེལ་བ་ཡིན།

 

ནང་པའི་ལྟ་གྲུབ་ཀྱི་དབུ་མ་འོག་མ་ལོ་དང་པོ།         ས་མིག  ༤༧

 

སློབ་རིམ་དེར་སློབ་འཇུག་གི་ཆ་རྐྱེན་ཚང་དགོས་རིགས།

༡ གལ་གནད་ཆེ་ཤོས་ཤིག་ནི། ནང་པའི་ལྟ་གྲུབ་དང་བོད་ཀྱི་རིག་གཞུང་ལ་སློབ་གཉེར་བྱ་རྒྱུའི་འདུན་པ་ཤུགས་དྲག་ཡོད་པ་ཞིག་དགོས། དེའི་རྗེས་གཤམ་གསལ་ཆ་རྐྱེན་རྣམས་ཚང་དགོས།

༢ ངོས་འཛིན་ལྡན་པའི་གཞི་རིམ་སློབ་གྲྭ་ཞིག་ནས་འཛིན་རིམ་བརྒྱད་པ་ཡང་དག་པར་ཐོན་ཞིང་། འཛིན་རིམ་བརྒྱད་པའི་སློབ་ཚན་ནང་བོད་སྐད་མེད་ཀྱང་འཛིན་རིམ་བརྒྱད་པ་ཐོན་ཞིང་བོད་སྐད་ཤེས་ཚད་འཛིན་རིམ་བརྒྱད་པ་དང་མཉམ་པ་ཡོད་པ་ཤེས་རིག་སྡེ་ཚན་ཞིག་ནས་རྒྱབ་གཉེར་ཡི་གེ་ཡོད་པ་དང་། དབྱིན་ཇི་ཧིན་དྷི་གང་རུང་གཅིག་གི་ཤེས་ཚད་ཀྱང་འཛིན་རིམ་བརྒྱད་པ་དང་མཉམ་པ་ཡོད་རིགས་རྣམས་འཚང་སྙན་ཕུལ་ཆོག

༣ འགེངས་ཤོག་ཕུལ་འབྱོར་བྱུང་བ་རྣམས་ཞིབ་འཇུག་བསྒྲུབས་མཚམས་ཆ་རྐྱེན་ཚང་བ་རྣམས་ལ་རྒྱུགས་བཞེས་ཏེ་ཨང་ཐོབ་གོ་རིམ་བཞིན་གྲངས་ཚད་ངེས་ཅན་གསར་འཇུག་སྒྲིག་གཞི་ལྟར་སློབ་འཇུག་བྱ་རྒྱུ།

༤ རྒྱ་གར་མཐོ་སློབ་མཐུན་སྦྱིན་ལྷན་ཚོགས་ཀྱི་ལམ་སྟོན་གཞིར་བཟུང་ཟུར་ཐོར་བཀོད་པའི་མི་རིགས་དང་མི་སྡེ། ཚུལ་གཞན་ནུས་ལྡན་བཅས་ཀྱི་ས་མིག་གི་ཆ་རྐྱེན་སྤྱི་མཚུངས་ཡོད།

 

སློབ་འཇུག་འགེངས་ཤོག་དང་ལྷན་དུ་རང་ཉིད་ཀྱིས་དག་མཆན་ཞུས་པའི་རྒྱུགས་སྤྲོད་མཐའ་མའི་ཨང་ཤོག་དང་། གཟུགས་པོ་བདེ་ཐང་ཡིན་པའི་སྨན་པའི་ལག་འཁྱེར། ཟུར་ཐོར་བཀོད་པའི་མི་རིགས་དང་མི་སྡེ། དེ་བཞིན་ཚུལ་གཞན་ནུས་ལྡན་གང་རུང་ཡིན་ཚེ་དེའི་ལག་འཁྱེར་བཅས་ཀྱི་ངོ་བཤུས་མཉམ་སྦྱར་གྱིས་འདི་ག་ལས་ཁུངས་ཀྱི་གཤམ་གསལ་གློག་འཕྲིན་ཁ་བྱང་ཐོག་ཕྱི་ལོ་ ༢༠༢༢ ཕྱི་ཟླ་ ༦ ཚེས་ ༢༥ བར་ཕུལ་འབྱོར་ཐུབ་པ་དགོས། དེའི་རྗེས་སུ་འབྱོར་བའི་འགེངས་ཤོག་ལ་ངོས་ལེན་ཞུ་རྒྱུ་མིན།

 

གློག་འཕྲིན་ཁ་བྱང་། cihtsadmission2020@gmail.com

གཙུག་ལག་སློབ་གཉེར་ཁང་གི་དྲ་རྒྱའི་ཁ་བྱང་། cihts.ac.in

ཝཱཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་རིགས་དྲུང་གིས།

 

Central Institute of Higher Tibetan Studies

Sarnath, Varanasi

 

Tel-0542-2585242/2585148

 

ADMISSION NOTIFICATION FOR THE ACADEMIC SESSION 2022-2023

 

This is to notify that the entrance examination for the new admission during the forthcoming academic session 2022-2023 for the following course will be held on 8th and 9th July, 2022 in the Institute.

 

First year of Purva Madhayama in Buddhist Philosophy                            47 seats

 

Eligibility conditions for the above course:

  1. The most important condition is that the student must have strong aspiration to study Buddhist and Tibetan Studies. Thereafter, the following conditions should be fulfilled.
  2. Candidates who have passed VIII standard from a recognized institution with Tibetan Language or without Tibetan Language as a subject, but possesses knowledge of Tibetan Language equivalent to standard VIII will be eligible to appear in the entrance test. Besides, knowledge of either English or Hindi equivalent to standard VIII is also required.
  3. Admission will be granted to successful candidates based on marks obtained in the entrance examination and availability of seats, in accordance with the admission rules.
  4. The reservation of seats for SC/ST/Differently abled candidates is as per UGC norms.

 

The prescribed Admission Form with the syllabus can be downloaded from the Institute’s website: www.cihts.ac.in The prescribed admission form duly filled up and accompanied with self attested photocopies of all the relevant documents e.g. Marksheet, fitness and reservation certificate etc. may be e-mailed directly to:-

 

E-mail:-cihtsadmission2020@gmail.com

Website: www.cihts.ac.in

 

The application form should reach to this office on or before 25th June, 2022 by 05.00PM. Application forms received thereafter or incomplete application forms shall not be entertained. Tibetan version of this notification is being issued separately.

(Dr. Himanshu Pandey)

Registrar (Incharge)

 

 

༣)       ༄༅། །ཝཱཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དུ་ཕྱི་ལོ་ ༢༠༢༢་་༢༠༢༣ ལོའི་སློབ་དུས་རིང་སྐར་རྩིས་རིག་པར་སློབ་གཉེར་བ་གསར་འཇུག་བྱ་རྒྱུའི་ཡོངས་ཁྱབ་གསལ་བསྒྲགས།

ཁ་པར་ཨང་། ༠༥༤༢༢༥༨༥༢༤༢།༢༥༨༥༡༤༨ 

                              

༄༅། །ཝཱཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དུ་སློབ་ལོ་ ༢༠༢༢་་༢༠༢༣ སློབ་དུས་རིང་གཤམ་འཁོད་སློབ་རིམ་ནང་འཛུལ་ཞུགས་བྱ་རྒྱུའི་འཛུལ་རྒྱུགས་ ༢༠༢༢ ཕྱི་ཟླ་ ༧ ཚེས་ ༨ དང་ ༩ ལ་ཝཱཎ་གཙུག་ལག་སློབ་གཉེར་ཁང་དུ་གཏོང་གཏན་འཁེལ་བ་ཡིན།

 

རྩིས་རིག་དབུ་མ་གོང་མ་ལོ་དང་པོ།       ས་མིག་  ༧ །

སློབ་རིམ་དེར་སློབ་འཇུག་ཆ་རྐྱེན་ཚང་དགོས་རིགས།

༡          གལ་གནད་ཆེ་ཤོས་ཞིག་ནི། སྐར་རྩིས་རིག་པར་སློབ་གཉེར་བྱ་རྒྱུའི་འདུན་པ་ཤུགས་དྲག་ཡོད་པ་ཞིག་དགོས། དེ་རྗེས་གཤམ་གསལ་ཆ་རྐྱེན་རྣམས་ཚང་དགོས།

༢          ངོས་འཛིན་ལྡན་པའི་གཞི་རིམ་སློབ་གྲ་ཞིག་ནས་འཛིན་རིམ་བཅུ་པ་ཡང་དག་པར་ཐོན་ཞིང་། འཛིན་རིམ་བཅུ་པའི་སློབ་ཚན་ནང་བོད་སྐད་མེད་ཀྱང་འཛིན་རིམ་བཅུ་པ་ཐོན་ཞིང་བོད་སྐད་ཤེས་ཚད་འཛིན་རིམ་བཅུ་པ་དང་དོ་མཉམ་པར་ཡོད་པའི་ཤེས་རིག་སྡེ་ཚན་ཞིག་ནས་རྒྱབ་གཉེར་ཡོད་པ་དང་། དབྱིན་ཇི་ཧིནྡཱི་གང་རུང་གཅིག་གི་ཤེས་ཚད་ཀྱང་འཛིན་རིམ་བཅུ་པ་དང་མཉམ་པ་ཡོད་རིགས་ནས་འཚང་སྙན་ཕུལ་ཆོག

༣       འགེངས་ཤོག་ཕུལ་འབྱོར་བྱུང་བ་རྣམས་ཞིབ་འཇུག་བསྒྲུབས་མཚམས་ཆ་རྐྱེན་ཚང་བ་རྣམས་ལ་མིང་གཞུང་ཨང་གྲངས།  གློག་འཕྲིན་དང་ཁ་པར་བརྒྱུད་ངོ་སྤྲོད་བྱས་ཏེ་རྒྱུགས་བཞེས་རྒྱུ་དང་དེ་ནས་ཨང་ཐོབ་གོ་རིམ་བཞིན་གྲངས་ཚད་ངེས་ཅན་སློབ་འཇུག་བྱ་རྒྱུ།

༤       རྒྱ་གར་མཐོ་སློབ་མཐུན་སྦྱིན་ལྷན་ཚོགས་ཀྱི་ལམ་སྟོན་གཞི་བཟུང་ཟུར་ཐོར་བཀོད་པའི་མི་རིགས་དང་མི་སྡེ། ཚུལ་གཞན་ནུས་ལྡན་སོགས་ཀྱི་ས་མིག་གི་ཆ་རྐྱེན་ཡང་སྤྱི་མཚུངས་ཡོད།

 

གོང་གསལ་སློབ་ཚན་ནང་འཛུལ་བློ་ཡོད་རིགས་ཀྱི་སློབ་གཉེར་བ་ཕོ་མོ་ཁྱད་མེད་ཆ་རྐྱེན་ཚང་རིགས་རྣམས་ནས་གསར་ཞུགས་སྙན་ཞུའི་འགེངས་ཤོག་དང་འཛུལ་རྒྱུགས་སློབ་ཚན་བཅས་གཙུག་ལག་སློབ་གཉེར་ཁང་གི་དྲ་རྒྱ་(www.cihts.ac.in) ནས་ཕབ་ལེན་གྱིས་འགེངས་ཤོག་ལེགས་པར་བཀང་སྟེ་རྒྱུགས་སྤྲོད་ཨང་ཤོག་དང་། ཟུར་ཐོར་བཀོད་པའི་མི་རིགས་དང་མི་སྡེ། དེ་བཞིན་ཚུལ་གཞན་ནུས་ལྡན་ཁོངས་གང་རུང་ཡིན་ཚེ་དེའི་ལག་འཁྱེར་གྱི་འདྲ་བཤུས་བཅས་མཉམ་སྦྱར་ཕྱི་ལོ་ ༢༠༢༢།༦།༢༥ ཚུན་གཤམ་གསལ་གློག་འཕྲིན་ཁ་བྱང་ཐོག་འབྱོར་དགོས། འགེངས་ཤོག་འདི་གར་འབྱོར་མཚམས་ཞུ་དག་གིས་ཁུངས་སོ་སོར་བརྡ་ཐོ་གཏང་རྒྱུ་ཡིན།

cihtsadmission2020@gmail.com

འགེངས་ཤོག་ཚད་ལྡན་མ་བཀང་བ་དང་། གོང་གསལ་དུས་བཀག་གི་ཚེས་གྲངས་ལས་འདས་རྗེས་སུ་འབྱོར་བའི་སྙན་ཞུའི་རིགས་ལ་བསམ་ཞིབ་བྱ་རྒྱུ་མིན་པ་བཅས་ཀྱི་གསལ་བསྒྲགས་སུ། ཝཱཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་རིགས་དྲུང་གིས།

 

Central Institute of Higher Tibetan Studies

Sarnath, Varanasi

 

Tel: 0542- 2585242, 2585148

 

Admission notification for the academic session 2022-2023

This is to notify that the entrance examination for the new admission during the forthcoming academic session 2022-2023 for the following courses will be held on 8th and 9th July, 2022 in the Institute.

 

First year of Uttar Madhayama in Bhot Jyotish                           7 seats

 

Eligibility conditions for the above courses:

 

  1. Aspirants willing to pursue UM-I ( Bhot Jyotish) course should have a strong interest in learning Bhot Jyostish subjects.
  2. Candidates who have passed 10th standard from a recognized Institution with Tibetan Language or without Tibetan Language as a subject, but who possesses knowledge of Tibetan Language equivalent to class 10 standard, will be eligible to appear in the entrance test. Besides, knowledge of either English or Hindi equivalent to standard 10th is also required.
  3. Admission will be granted to successful candidates based on marks obtained in the entrance examination and availability of seats, in accordance with the admission rules.
  4. The reservation of seats shall be made as per UGC norms.

 

The prescribed Admission Form with the syllabus can be downloaded from the Institute’s website: www.cihts.ac.in The prescribed admission form duly filled up and accompanied with self attested photocopies of all the relevant documents e.g. Marksheet, fitness and reservation certificate etc. may be e-mailed directly to:-

E-mail:-cihtsadmission2020@gmail.com

Website: www.cihts.ac.in

The application form should reach to this office on or before 25th June, 2022 by 05.00PM. Application forms received thereafter or incomplete application forms shall not be entertained. Tibetan version of this notification is being issued separately.

 

(Dr. Himanshu Pandey)

Registrar (Incharge)

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།