འཕྲོད་བསྟེན་གོ་རྟོགས་སྤེལ་ཆེད་ལག་སྤོལ་རྩེད་འགྲན། 

ཟླ་འདིའི་ཚེས་༢ ཉིན་དྷ་ས་གངས་སྐྱིད་རྩེད་ཐང་དུ། བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་དང་། བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པ་གཉིས་ཀྱི་གོ་སྒྲིག་འོག “གློ་ནད་ཊི་བི་ཁ་གཏད་དུ་བུད་མེད་སིལ་སྤོལ་འགྲན་སྡུར་ཐེངས་དང་པོའི་ལས་གཞི་”དངོས་སུ་འགོ་འཛུགས་བྱས་སོང་།

ཟླ་འདིའི་ཚེས་༢ ཉིན་དྷ་ས་གངས་སྐྱིད་རྩེད་ཐང་དུ། བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་དང་། བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པ་གཉིས་ཀྱི་གོ་སྒྲིག་འོག “གློ་ནད་ཊི་བི་ཁ་གཏད་དུ་བུད་མེད་སིལ་སྤོལ་འགྲན་སྡུར་ཐེངས་དང་པོའི་ལས་གཞི་”དངོས་སུ་འགོ་འཛུགས་བྱས་སོང་།

རྩེད་འགྲན་འདིའི་ཆེད་༧ཏཱ་ལའི་བླ་མ་དགེ་རྩ་ཚོགས་པ་ནས་མཐུན་སྦྱོར་རོགས་དངུལ་བཏང་ཡོད་པ་དང་། བུད་མེད་ཀྱི་རྩེད་འགྲན་འདིའི་ནང་། བལ་ཡུལ་དང་། སྦེལ་ཀོབ། ལྡེ་ར་ལྡུན། སྦིར་བཅས་ཀྱི་ས་གནས་སོ་སོ་ནས་རུ་ཁག་རེ་རེ་དང་། དྷ་ས་ནས་རུ་ཁག་གསུམ་བཅས་ཁྱོན་བསྡོམས་རུ་ཁག་བདུན་མཉམ་ཞུགས་བྱས་ལ། མཐའ་མའི་འགྲན་སྡུར་༧གོང་ས་མཆོག་གི་འཁྲུངས་སྐར་ཏེ་ཚེས་ ༦ ཉིན་རྩེད་རྒྱུ་རེད་འདུག

རྩེད་འགྲན་འགོ་འཛུགས་མཛད་སྒོའི་ཐོག  འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་ཆེ་དཔལ་ལྡན་དོན་འགྲུབ་ཀྱིས་འགྲན་སྡུར་འདི་འདྲ་ཞིག་གོ་སྒྲིག་ཞུ་བའི་དགོས་དམིགས་མདོར་བསྡུས་ཤིག་ངོ་སྤྲོད་གནང་བའི་ནང་། ཁོང་གིས་སྔོན་ཆད་བོད་མིའི་སྤྱི་ཚོགས་ནང་གློ་ནད་ཊི་བི་ན་མཁན་ཕལ་ཆེ་བ་ལོ་ན་ལྔ་བཅུ་དང་དྲུག་ཅུར་སོན་པ་ཡིན་ཡང་། ད་ལྟའི་ཆར་ལོ་ན་བཅོ་བརྒྱད་ནས་སོ་ལྔའི་བར་གྱི་ཊི་བི་ནད་པའི་གྲངས་འབོར་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པ་དེས། ཟས་སྤྱོད་ཏག་ཏག་བསྟེན་ཐུབ་མེད་པ་དང་། ཉིན་རེའི་བྱེད་སྒོའི་ནང་ལུས་པོ་འགུལ་སྐྱོད་ཀྱི་ལུས་རྩལ་མེད་པ་སྟོན་གྱི་ཡོད་པས། འཕྲོད་བསྟེན་དང་བདེ་ཐང་གོང་དུ་སྤེལ་ཆེད་འགྲན་སྡུར་དེ་གོ་སྒྲིག་ཞུས་པ་ཡིན་སྐོར་གསུངས་པ་མ་ཟད། ད་དུང་དེ་རིང་གི་བརྗོད་གཞི་དེ་གློ་ནད་ཊི་བི་ཡིན་ཡང་། ལུས་རྩལ་རྩེ་བ་བརྒྱུད་ནས་ཊི་བི་མ་ཡིན་པའི་ན་ཚ་མང་པོ་ཞིག་རང་བཞིན་གྱིས་སྔོན་འགོག་ཐུབ་པས། རྩེད་མོ་ཤིན་ཏུ་གལ་ཆེན་པོ་ཡིན་པའི་གསུང་བཤད་གནང་སོང་།།

གསར་འགོད་པ་དཀོན་མཆོག་རབ་བརྟན།

 

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།