འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱིས་ཏོག་དབྱིབས་འབྱུང་ཁུངས་རྩད་གཅོད་བྱེད་མཁན་རུ་ཁག་གསར་པ་གསལ་བསྒྲགས་བྱས་འདུག 

མི་མང་ས་ཡ་མང་པོའི་ཚེ་སྲོག་གཅོད་མཁན་རྒྱ་ནག་ནས་ཐོན་པའི་ཏོག་དབྱིབས་ནད་དུག་གི་འབྱུང་ཁུངས་དང་། དེ་བཞིན་མ་འོངས་པར་ཉེན་ཁ་ཡོད་པའི་ནད་འབུ་གཞན་གྱི་འབྱུང་ཁུངས་སོགས་རྩད་གཅོད་བྱེད་ཆེད་དུ། འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱིས་ཚན་རིག་པའི་རུ་ཁག་གསར་པ་ཞིག་གསལ་བསྒྲགས་བྱས་འདུག 

མི་མང་ས་ཡ་མང་པོའི་ཚེ་སྲོག་གཅོད་མཁན་རྒྱ་ནག་ནས་ཐོན་པའི་ཏོག་དབྱིབས་ནད་དུག་གི་འབྱུང་ཁུངས་དང་། དེ་བཞིན་མ་འོངས་པར་ཉེན་ཁ་ཡོད་པའི་ནད་འབུ་གཞན་གྱི་འབྱུང་ཁུངས་སོགས་རྩད་གཅོད་བྱེད་ཆེད་དུ། འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱིས་ཚན་རིག་པའི་རུ་ཁག་གསར་པ་ཞིག་གསལ་བསྒྲགས་བྱས་འདུག 

ཟླ་༡༠ པའི་ཚེས་༡༤ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱིས་ཆེད་ལས་མི་སྣ་༢༦ ལྡན་པའི་ཏོག་དབྱིབས་ནད་འབུའི་འབྱུང་ཁུངས་རྩད་གཅོད་དང་ལམ་སྟོན་གྱི་རུ་ཁག་གཅིག་གསལ་བསྒྲགས་བྱས་འདུག རུ་ཁག་དེའི་ནང་དུ་ཚུད་ཆེད་དུ་སྙན་ཞུ་རྒྱག་མཁན་ཆེད་ལས་པ་༧༠༠ ལས་མང་བ་བྱུང་ཡོད་འདུག་ཀྱང་། ཚན་རིག་གི་ཆེད་ལས་འདྲ་མིན་ནས་མི་སྣ་༢༦ ཞིག་འདེམས་སྒྲུག་གིས། ཁོ་ཚོས་རྒྱ་ནག་ནས་ཐོན་པའི་ཏོག་དབྱིབས་ནད་དུག་དེ་སྲོག་ཆགས་ནས་མི་ལ་བགོས་པ་ཡིན་ནམ། ཡང་ན་ཝུ་ཧན་གྱི་ནད་འབུའི་བརྟག་དཔྱད་ཁང་ནས་ཕྱིར་ཐོན་པ་ཡིན་མིན་ཞིབ་འཇུག་བྱེད་དགོས་ཀྱི་ཡོད་འདུག འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱི་ཛ་དྲག་ལས་དོན་འགན་འཛིན་གྱིས། ཐེངས་འདིའི་ལས་དོན་དེ་ནི་ཏོག་དབྱིབས་ནད་དུག་གི་འབྱུང་ཁུངས་རྩད་གཅོད་བྱེད་པའི་གོ་སྐབས་མཐའ་མ་ཡིན་སྲིད་སྐོར་བརྗོད་འདུག 

ཚན་རིག་པའི་རུ་ཁག་དེས་ཏོག་དབྱིབས་ནད་དུག་གི་འབྱུང་ཁུངས་ཙམ་མིན་པར། ནད་རིམས་དང་ནད་ཡམས་སུ་ཆགས་ཉེན་ཆེ་བའི་ནད་འབུའི་རིགས་ལ་འབྱུང་ཁུངས་རྩད་གཅོད་བྱས་ཏེ། འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་སུ་དེ་རིགས་སྔོན་འགོག་དང་འཐབ་རྒོལ་གང་འདྲ་བྱེད་དགོས་མིན་གྱི་ལམ་སྟོན་བྱེད་དགོས་པ་ཡིན་འདུག 

འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱི་ཏོག་དབྱིབས་ནད་དུག་གི་ལས་དོན་གྱི་ལས་བྱེད་མཐོ་གྲས་ཤིག་གིས། ཚན་རིག་པའི་རུ་ཁག་དེས་རྒྱ་ནག་ནང་དུ་ཞིབ་འཇུག་དེ་ལས་མང་བ་བྱེད་དགོས་པའི་ལམ་སྟོན་བྱེད་པའི་ཚོད་དཔག་བྱེད་ཀྱི་ཡོད་ཁར། ས་གནས་གཞན་ལ་ཡང་ཞིབ་འཇུག་བྱེད་དགོས་པའི་ལམ་སྟོན་བྱེད་སྲིད་པས། དུས་ཚོད་འཕྲོ་བརླག་གཏོང་མི་རུང་སྐོར་བརྗོད་འདུག 

ཇཱི་ནི་ཝར་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱ་ནག་གི་སྐུ་ཚབ་ཀྱིས་བརྗོད་དོན་ལ། གལ་ཏེ་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱིས་ས་གནས་གཞན་ཏུ་ཞིབ་འཇུག་བྱེད་པར་གཏོང་རྒྱུ་ཡིན་ཚེ། རྒྱ་ནག་ཏུ་གཏོང་བའི་དགོས་པ་མེད་པར་ཡིད་ཆེས་བྱེད་ཀྱི་ཡོད་པ་དང་། རྒྱ་ནག་ནང་དུ་རྒྱལ་སྤྱིའི་རུ་ཁག་ཐེངས་གཉིས་སླེབས་ཟིན་པས། ས་གནས་གཞན་ཏུ་ཞིབ་འཇུག་གཏོང་བའི་དུས་ལ་སླེབས་ཡོད་པ། དེ་བཞིན་ཚན་རིག་པའི་རུ་ཁག་དེའི་ལས་དོན་དེ་ཆབ་སྲིད་ཀྱི་ངོ་བོར་བསྒྱུར་མི་རུང་སྐོར་བརྗོད་འདུག 

ཟླ་༧ པའི་ཚེས་༡༥ ཉིན་ཟླ་འདིའི་ཚེས་༡༥ ཉིན་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱི་ཚོགས་གཙོས་རྒྱ་ནག་ལ་ཕྱི་གསལ་ནང་གསལ་དང་གནས་ཚུལ་དཔྱད་ཞིབ་ཆེད་དུ་མཐུན་འགྱུར་ཡག་ཏུ་གཏོང་དགོས་སྐོར་བརྗོད་ནས། དཔྱད་ཞིབ་རིམ་པ་དང་པོའི་སྐབས་སུ་ཏོག་དབྱིབས་ནད་དུག་ཁྱབ་གདལ་འགོ་མ་བཙུགས་ཙམ་གྱི་སྔོན་དང་འགོ་འཛུགས་བྱས་པའི་སྐབས་ཀྱི་ནད་པའི་གནས་ཚུལ་བཅོས་འགྱུར་མ་བྱས་པའི་ཐོག་མ་རྣམས་རྒྱ་ནག་གིས་མཁོ་སྤྲོད་བྱས་མེད་པས། དཔྱད་ཞིབ་རིམ་པ་གཉིས་པའི་སྐབས་སུ་གནས་ཚུལ་དེ་རྣམས་མཁོ་སྤྲོད་དགོས་སྐོར་བརྗོད་འདུག དེ་བཞིན་ཁོང་གིས་ཝུ་ཧན་གྲོང་ཁྱེར་ནང་གི་ནད་འབུ་བརྟག་དཔྱད་ཁང་གི་གནས་ཚུལ་གསལ་པོ་མཁོ་སྤྲོ་དགོས་པ་དང་། རང་ཉིད་འཕྲོད་བསྟེན་ཆེད་ལས་པ་ཞིག་ཡིན་པའི་ཆ་ནས། ནོར་འཁྲུལ་རིགས་ཤོར་རྒྱུ་ཡོད་པ་ཤེས་ཀྱི་ཡོད་སྐོར་བརྗོད་འདུག ཁོང་གི་སྐད་ཆ་དེ་ནི་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱིས་ད་དུང་ཡང་ཏོག་དབྱིབས་ནད་དུག་དེ། བརྟག་དཔྱད་ཁང་ནས་ཐོན་པ་ཡིན་པའི་བཤད་ཚུལ་ལ་བསམ་ཞིབ་བྱེད་བཞིན་པའི་བརྡ་བསྟན་པ་ཤུགས་ཆེ་ཤོས་དེ་ཆགས་ཀྱི་ཡོད་པ་རེད་དེ། རྒྱ་ནག་གཞུང་གིས་འབོད་སྐུལ་དེར་ཁས་ལེན་བྱས་མེད་པ་རེད།

དེ་བཞིན་ཉེ་ཆར་ཕྱི་ལོ་༢༠༡༩ ལོའི་ཟླ་༡༡ པའི་ནང་རྒྱ་ནག་གི་གྲོང་ཁྱེར་ཝུ་ཧན་གྱི་ནད་འབུའི་བརྟག་དཔྱད་ཁང་གི་ཉམས་ཞིབ་པ་ཁག་ཅིག་ནད་པ་ཆགས་ནས་སྨན་ཁང་དུ་ལུས་ཡོད་པའི་གསང་བའི་གནས་ཚུལ་དེ་ལོ་གཉིས་ཙམ་རྗེས་ཕྱིར་ཐོན་པ་དང་། ཨ་རིའི་སྲིད་འཛིན་རྗོ་བྷའེ་ཌན་གྱིས་ཨ་རིའི་གསང་བའི་ཚོགས་སྡེ་ཁག་ལ་ཉིན་གྲངས་༩༠ ཡི་ནང་ཏོག་དབྱིབས་ནད་འབུའི་འབྱུང་ཁུངས་དང་འབྲེལ་བའི་གནས་ཚུལ་མཁོ་སྒྲུབ་དང་དཔྱད་ཞིབ་བྱས་ཏེ་ཞིབ་འཇུག་གི་སྙན་ཐོ་ཞིག་འདོན་དགོས་པའི་བཀའ་བཏང་བ་ལྟར། ཟླ་༨ པའི་ཚེས་༢༣ ཉིན་ཞིབ་འཇུག་གི་སྙན་ཐོ་དེ་སྲིད་འཛིན་རྗོ་བྷའེ་ཌན་ལ་སྤྲད་ཡོད་པ་དང་། བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བར་གཞིགས་ན། ཨ་རིའི་གསང་བའི་ལས་ཁུངས་ཁག་གི་བར་དུ་ཏོག་དབྱིབས་ནད་འབུའི་འབྱུང་ཁུངས་ཐད་གཅིག་མཚུངས་ཀྱི་བསམ་བློ་བྱུང་ཐུབ་མེད་པས། ནད་འབུའི་འབྱུང་ཁུངས་དེ་སྲོག་ཆགས་ནས་མི་ལ་འགོས་པ་ཡིན་ནམ། ཡང་ན་ཝུ་ཧན་གྱི་བརྟག་དཔྱད་ཁང་ནས་ཕྱིར་ཐོན་ཡིན་མིན་ཐད་ཐག་གཅོད་གསལ་པོ་བྱེད་ཐུབ་མེད་འདུག དེ

འདི་ལོའི་ཟླ་༢ པའི་ནང་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱི་ཏོག་དབྱིབས་ནད་དུག་འབྱུང་ཁུངས་དཔྱད་ཞིབ་བྱེད་པའི་རིམ་པ་དང་པོ་མཇུག་བསྒྲིལ་ཡོད་པ་དང་། གྲུབ་དོན་དུ་ཏོག་དབྱིབས་ནད་དུག་གི་འབྱུང་ཁུངས་དེ་བརྟག་དཔྱད་ཁང་མིན་པའི་ངེས་པ་ཆེན་པོ་ཡོད་སྐོར་བརྗོད་པ་ལས། ཐག་གཅོད་གསལ་པོ་བྱས་མེད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ། 

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།