གྲོས་ཚོགས་ལ་བར་ཆད་མི་ཡོང་བའི་མཐུན་འགྱུར་གནང་རོགས

ཟླ་འདིའི་ཚེས་༡༥ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་ལྔ་པའི་གྲོས་ཚོགས་ཚོགས་དུས་༡༠ པ་དེ་འགོ་འཛུགས་བྱས་ཡོད་པ་དང་། གཙོ་བོ་བཀའ་ཤག་གི་ལོ་གཅིག་རིང་ལས་དོན་གནང་བའི་ལས་བསྡོམས་ཐོག་བགྲོ་གླེང་གནང་རྒྱུ་ཡིན་པ་རེད།

ཟླ་འདིའི་ཚེས་༡༥ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཚོགས་དུས་༡༠ པ་དེ་འགོ་འཛུགས་བྱས་ཡོད་པ་དང་། གཙོ་བོ་བཀའ་ཤག་གི་ལོ་གཅིག་རིང་ལས་དོན་གནང་བའི་ལས་བསྡོམས་ཐོག་བགྲོ་གླེང་གནང་རྒྱུ་ཡིན་པ་རེད།

དེ་ཡང་ཉིན་དེའི་སྔ་དྲོ་ཚོགས་འདུ་འགོ་འཛུགས་གནང་བ་དང་། ཚོགས་གཙོ་སྤེན་པ་ཚེ་རིང་གིས་གསུང་བཤད་གནང་སྐབས། རྒྱ་ནག་གི་འོག་བོད་ལ་དཀའ་ངལ་ཡོད་སྐོར་དང་། རྒྱ་ནག་ནང་འགྱུར་བ་ཤུགས་ཆེན་པོ་འགྲོ་ཡི་ཡོད་པ། ལྷག་པར་དཔལ་འབྱོར་གནས་སྟངས་འགྱུར་བ་ཆེན་པོ་འགྲོ་ཡི་ཡོད་པས། དེ་ལ་བརྟེན་ནས་སྤྱི་ཚོགས་ལ་ཤུགས་རྐྱེན་ག་འདྲ་ཐེབས་དང། ཆབ་སྲིད་ལ་ཤུགས་རྐྱེན་ག་འདྲ་ཐེབས་རྒྱུ་ཡིན་པར་ཞིབ་ཚགས་པོ་ལྟ་དགོས་སྐོར་གསུངས་སོང་།

1548ཚོགས་གཙོ་སྤེན་པ་ཚེ་རིང་གིས་མུ་མཐུད་གསུང་དོན། “ད་ལྟ་འོས་བསྡུའི་ལས་རིམ་འགྲོ་བཞིན་པ་ཡིན་པས། གྲོས་ཚོགས་ནང་བཀའ་མོལ་གནང་སྟངས་དང་རྣམ་འགྱུར་སྟོན་སྟངས་སོགས་ཀྱིས་ཀྱང་ཁྱད་པར་འགྲོ་མི་སྲིད་པ་མིན་པས། ཚང་མས་ཐུགས་གཟབ་གནང་སྟེ། སྤྱི་པ་དང་སྒྲིག་འཛུགས། རྩ་དོན་ལ་བསམ་ནས་གྲོས་ཚོགས་ནང་སོ་སོས་དགོངས་པ་བཞེས་དགོས་པ་རེད་”ཅེས་དང་། “སྐབས་རེར་བར་ཆད་འཕྲད་ཀྱི་ཡོད་པ་རེད། ཡིན་ནའང་ད་ལྟ་བར་དུ་ཡག་ཐག་ཆོད་བྱུང་བསྡད་ཡོད་པས། དེ་སྔོན་མཐུན་འགྱུར་གནང་བ་བཞིན། འཛིན་སྐྱོང་བཀའ་ཤག་དང་། སྤྱི་འཐུས་རྣམ་པས་གྲོས་ཚོགས་ལ་བར་ཆད་མི་ཡོང་བའི་མཐུན་འགྱུར་གནང་རོགས་”ཞེས་གསུངས་སོང་།

ཉིན་དང་པོའི་ཚོགས་ཐོག་ཏུ་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་གྲོས་ཆོད་ཁག་ཅིག་བཞག་པའི་ནང་། བཀའ་ཟུར་ས་འདུ་རིན་ཆེན་དོན་གྲུབ་དང་། སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དྲུང་ཟུར་པ་དང་དགའ་གདོང་སྐུ་རྟེན་བསྟན་འཛིན་དབང་གྲགས། རྒྱ་གར་གྱི་སྲིད་འཛིན་ཟུར་པ་སྐུ་ཞབས་ཨབ་རྡུལ་ཀ་ལམ་བཅས་སྐུ་ཚེ་མ་ཟིན་པར་མྱ་ངན་གུས་འདུད་ཀྱི་གྲོས་ཆོད་བཞག་ཡོད་པ་རེད།

དེ་བཞིན་དེར་གཙོ་བོ་བོད་ནང་གི་ཛ་དྲག་གནས་སྟངས་དང་འབྲེལ་བའི་གཞུང་འབྲེལ་གྲོས་འཆར་གཏན་འབེབས་དང་དེའི་ཐོག་ཉིན་གང་བགྲོ་གླེང་གནང་གི་ཡོད་པ་རེད།

གྲོས་ཚོགས་འདིའི་རིང་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་གི་སྙན་ཐོ་དང་། ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་རྩིས་ཁྲའི་གནས་སྟངས་སྤྱི་ཡོངས་ཐོག་ཞིབ་འཇུག་ཚོགས་ཆུང་གི་སྙན་ཐོ་སྙན་སྒྲོན། ཤེས་ཡོན་ཚོགས་ཆུང་གི་སྙན་ཐོ་བཅས་ཀྱི་ཐོག་བགྲོ་གླེང་། སྤྱི་ཡོངས་ཀྱི་ལྷན་ཁང་ཁག་གི་ལས་བསྡོམས་ཐོག་བགྲོ་གླེང་གནང་རྒྱུ་ཡིན་པ་རེད། དེ་བཞིན་ཁྲིམས་སྒྲིག་བསྐྱར་བཅོས་ཁག་ཅིག་ཀྱང་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར་གྱིས།
ཐེངས་ འདིའི་ཚོགས་སྒོ་རུ་ཇོ་ནང་པའི་སྐྱ་སེར་བརྒྱ་སྐོར་ཞིག་གིས་ཁོང་ཚོར་ཆོས་ བརྒྱུད་སྤྱི་ཡོངས་ཀྱི་ཐོབ་ཐང་དགོས་ཀྱི་འདུག་ཅེས་ཞི་འབོད་ངོ་རྒོལ་བྱེད་ཀྱི་ ཡོད་པ་རེད།།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།