ཡུ་རོབ་ཀྱིས་ཨུ་རུ་སུ་ལ་ཉེས་ཆེད་ཐེངས་དྲུག་པ་འགེལ་འཆར།
ཟླ་འདིའི་ཚེས་༣ ཉིན་རྒྱ་གར་དུས་བབ་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཡུ་རོབ་ཀྱིས་ཨུ་རུ་སུ་ལ་ཉེས་ཆེད་ཐེངས་དྲུག་པ་དེ་འགེལ་རྒྱུའི་གྲ་སྒྲིག་བྱེད་བཞིན་ཡོད་པ་རེད།
ཟླ་འདིའི་ཚེས་༣ ཉིན་རྒྱ་གར་དུས་བབ་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཡུ་རོབ་ཀྱིས་ཨུ་རུ་སུ་ལ་ཉེས་ཆེད་ཐེངས་དྲུག་པ་དེ་འགེལ་རྒྱུའི་གྲ་སྒྲིག་བྱེད་བཞིན་ཡོད་པ་རེད།
འཇར་མ་ནི་རྒྱལ་ཁབ་གཙོས་པའི་ཡུ་རོབ་ཀྱི་རྒྱལ་ཁབ་མང་པོས་ཨུ་རུ་སུའི་རྩ་ནས་སྣུམ་མང་པོ་ཉོ་བཞིན་ཡོད་པར་བརྟེན། ད་བར་ཡུ་རོབ་ཀྱིས་ཨུ་རུ་སུའི་རྩ་ནས་སྣུམ་ཉོ་ཚོང་དེ་བཀག་འགོག་བྱེད་མ་ཐུབ་པའི་དཀའ་ངལ་འཕྲད་བཞིན་ཡོད་འདུག ཨུ་རུ་སུའི་རྩ་ནས་སྣུམ་ཉོ་མཁན་མང་ཤོས་ནི་ཡུ་རོབ་ཀྱི་རྒྱལ་ཁབ་འཇར་མ་ནི་ཡིན་མོད་ཀྱང་། ཁ་སང་ཚེས་གཉིས་ཀྱི་ཉིན་འཇར་མ་ནི་རྒྱལ་ཁབ་ཀྱིས་ཡུ་རོབ་ཀྱིས་ཨུ་རུ་སུ་ལ་ཉེས་ཆད་གང་བཀལ་ན་ཡང་དེ་ལ་རྒྱལ་སྐྱོར་བྱེད་རྒྱུ་གྲ་སྒྲིག་ཡོད་ཅེས་བརྗོད་ཡོད་པར་བརྟེན། ད་ལྟའི་ཆར་ཡུ་རོབ་ཀྱིས་ཨུ་རུ་སུ་ལ་ཉེས་ཆད་ཐེངས་དྲུག་པ་དེ་འགེལ་རྒྱུའི་གྲ་སྒྲིག་བྱེད་བཞིན་པ་དང་། ཉེས་ཆད་དེའི་ཁྲོད་ན་གཙོ་བོ་དེ་ཨུ་རུ་སུའི་རྩ་ནས་སྣུམ་ཉོ་ཚོང་བྱེད་རྒྱུ་དེ་མཚམས་འཇོག་བྱེད་རྒྱུ་དང་ཨུ་རུ་སུའི་དངུལ་ཁང་ཁག་གཅིག་རྒྱལ་སྤྱིའི་ཉོ་ཚོང་གི་མ་དངུལ་ཁང་ནས་ཕྱིར་ཕུད་གཏོང་རྒྱུ་དེ་ཡིན་པའི་གནས་ཚུལ་སྤེལ་འདུག
ཚེས་༣ ཉིན་དབྱིན་ཇི་སྲིད་བློན་ཇཱོ་སེན་(Boris Johson) གྱིས་ཡུག་རེན་ལ་དམག་དོན་རོགས་རམ་གྱི་ཆེད་དུ་ཡུ་སྒོར་ས་ཡ་$༣༠༠ སྤྲད་རྒྱུའི་གསལ་བསྒྲགས་གནང་རྒྱུ་ཡིན་པའི་གནས་ཚུལ་སྤེལ་འདུག་ལ། ཡི་ཤུའི་བླ་ཆེན་ཕོབ་(Pop Francis) ཀྱིས་ཀྱང་ཡུག་རེན་ནང་གི་དམག་འཁྲུག་དང་འབྲེལ་བའི་ཐོག་ཨུ་རུ་སུའི་སྲིད་སྲིད་ལྷན་དུ་འཇལ་འཕྲད་བྱེད་རྒྱུའི་རེ་བ་བྱས་ཀྱང་ཡ་ལན་འབྱོར་མེད་པའི་གནས་ཚུལ་སྤེལ་འདུག
ཨུ་རུ་སུའི་བདེ་སྲུང་བློན་ཆེན་གྱིས་བྱིས་པ་དང་ཕྲུ་གུ་༡༨༤༧ བརྩིས་པའི་མི་མང་ཁྱོན་བསྡོམས་༡༡༥༠༠ ལྷག་ཡུག་རེན་གྱི་གྲོང་ཁྱེར་ལུག་ཧན་སི་(Luhansk) ནས་ཨུ་རུ་སུའི་ཡུལ་དུ་གནས་སྤོ་བྱས་ཡོད་པ་འགྲེལ་བརྗོད་བྱས་འདུག
གཞན་ཡང་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན་ཨུ་རུ་སུའི་སྲིད་འཛིན་པུ་ཊིན་ལ་སྐྲན་ནད་ཀྱི་ན་ཚ་ཡོད་པ་དང་། སྐྲན་ནད་བཤའ་བཅོས་གཏོང་ཆེད་གནས་སྐབས་རིང་སྲིད་འཛིན་གྱི་ལས་ཚབ་ཏུ་སྐུ་ཞབས་(Patrushev) བསྐོ་བཞིན་ཡོད་པའི་གནས་ཚུལ་སྤེལ་འདུག །
གསར་འགོད་པ་བློ་བཟང་རྒྱ་མཚོ།