ཡུ་རོབ་གྲོས་ཚོགས་ཀྱི་སྲིད་འཛིན་གཞོན་པས་ཡུ་རོབ་དང་ཐའེ་ཝན་གྱི་འབྲེལ་ལམ་ཟབ་ཏུ་གཏོང་དགོས་སྐོར་བརྗོད་འདུག 

ཡུ་རོབ་གྲོས་ཚོགས་ཀྱི་སྲིད་འཛིན་གཞོན་པ་ཧྥ་བྷོ-མཱ་ས་མོ་(Fabio Massimo) ཡིས་“གལ་སྲིད་ཡུ་རོབ་ཀྱིས་ཞི་བདེ་རྒྱ་མཚོའི་ཁུལ་དུ་ཆབ་དཔལ་རིག་གསུམ་གྱི་དབང་ཤུགས་ཆེ་རུ་གཏོང་འདོད་ན། ལྟ་བ་དང་རིན་ཐང་གཅིག་མཚུངས་ལྡན་པའི་མཐུན་གྲོགས་རྒྱལ་ཁབ་ཉི་ཧོང་དང་། ལྷོ་ཀོ་རི་ཡ། ཐའེ་ཝན་ལྟ་བུར་འབྲེལ་ལམ་ཟབ་ཏུ་མི་གཏོང་ཐབས་མེད་ཡིན་”ཞེས་བརྗོད་ཡོད་འདུག 

ཡུ་རོབ་གྲོས་ཚོགས་ཀྱི་སྲིད་འཛིན་གཞོན་པ་ཧྥ་བྷོ-མཱ་ས་མོ་(Fabio Massimo) ཡིས་“གལ་སྲིད་ཡུ་རོབ་ཀྱིས་ཞི་བདེ་རྒྱ་མཚོའི་ཁུལ་དུ་ཆབ་དཔལ་རིག་གསུམ་གྱི་དབང་ཤུགས་ཆེ་རུ་གཏོང་འདོད་ན། ལྟ་བ་དང་རིན་ཐང་གཅིག་མཚུངས་ལྡན་པའི་མཐུན་གྲོགས་རྒྱལ་ཁབ་ཉི་ཧོང་དང་། ལྷོ་ཀོ་རི་ཡ། ཐའེ་ཝན་ལྟ་བུར་འབྲེལ་ལམ་ཟབ་ཏུ་མི་གཏོང་ཐབས་མེད་ཡིན་”ཞེས་བརྗོད་ཡོད་འདུག 

ཨེ་ཊ་ལིའི་གསར་ཁང་མཱ་ན་ཧྥེ་སི་ཐོ་(II Manifesto) ཡིས་བཅར་འདྲི་བྱས་པ་ཞིག་གི་ནང་དུ། ཡུ་རོབ་གྲོས་ཚོགས་ཀྱི་སྲིད་འཛིན་གཞོན་པ་ཁོང་གིས་ཡུ་རོབ་ཀྱིས་ཐའེ་ཝན་ལ་རྒྱབ་སྐྱོར་མང་ཙམ་བྱེད་དགོས་པའི་འབོད་སྐུལ་གནང་བ་མ་ཟད། རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་དང་། ཧམ་ཤེད་ཀྱི་སྲིད་བྱུས་ཤུགས་ཆེ་རུ་གཏོང་བཞིན་པའི་དུས་སྐབས་འདིར། ཡུ་རོབ་ཀྱིས་ཅི་ཡང་མ་བྱས་པར་ཁ་རོག་བསྡད་ན་ཡུ་རོབ་ཀྱི་ཆེ་མཐོང་གཟི་བརྗིད་དང་ཁེ་ཕན་ལ་གནོད་སྐྱོན་ཐེབས་ངེས་པའི་ཉེན་བརྡ་ཡང་བཏང་ཡོད་འདུག 

བཅར་འདྲི་དེའི་ནང་དུ། ཁོང་གིས་ཐའེ་ཝན་དང་འབྲེལ་ལམ་བཟང་དུ་གཏོང་དགོས་པའི་རྒྱུ་མཚན་གཙོ་བོ་ནི། ཐའེ་ཝན་དང་ཡུ་རོབ་གཉིས་ཀྱི་བར་དུ་ཁྲིམས་སྒྲིག་ལ་གཞི་བཞག་པའི་མང་གཙོ་དང་རང་དབང་གི་ལྟ་བ་གཅིག་མཚུངས་ཡོད་པས་ཡིན་ཚུལ་བརྗོད་པའི་ཐོག “གལ་སྲིད་ཡུ་རོབ་ཀྱིས་ཞི་བདེ་རྒྱ་མཚོའི་ཁུལ་དུ་ཆབ་དཔལ་རིག་གསུམ་གྱི་དབང་ཤུགས་ཆེ་རུ་གཏོང་འདོད་ན། ལྟ་བ་དང་རིན་ཐང་གཅིག་མཚུངས་ལྡན་པའི་མཐུན་གྲོགས་རྒྱལ་ཁབ་ཉི་ཧོང་དང་། ལྷོ་ཀོ་རི་ཡ། ཐའེ་ཝན་ལྟ་བུར་འབྲེལ་ལམ་བཟང་དུ་མི་གཏོང་ཐབས་མེད་ཡིན་”ཞེས་བསྣན་ཡོད་འདུག 

གཞན་ཡང་། ཁོང་གིས་ཡུ་རོབ་མཐུན་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་༢༧ ཚང་མ་“རྒྱ་སྒོར་གྱི་དབང་ཤུགས་”འོག་ཏུ་མ་ཕྱིན་པར་མཐུན་སྒྲིལ་རྡོག་རྩ་ཆིག་སྒྲིལ་དགོས་པ་ཤིན་ཏུ་གལ་ཆེན་ཡིན་པ་དང་། གལ་སྲིད་དེ་ལྟར་བྱུང་བ་ཡིན་ན། ཡུ་རོབ་ཀྱི་རྒྱལ་ཁབ་རྣམས་རྒྱལ་སྤྱིའི་ཆབ་སྲིད་དང་། དཔལ་འབྱོར། འབྲེལ་ལམ་བཅས་ཀྱི་སྡིངས་ཆའི་སྟེང་དུ་དབང་ཤུགས་འཛིན་མཁན་དུ་འགྱུར་ཐུབ་ཅེས་བརྗོད་ཡོད་འདུག 

ད་ལྟ་མང་གཙོའི་འཛམ་གླིང་གི་མིག་ལམ་དུ་རྒྱ་ནག་གི་ངན་པའི་རང་བཞིན་དང་། གཡོ་ཇུས། གོ་ལ་དབང་དུ་སྒྱུར་འདོད་པའི་ཧམ་སེམས་རྣམས་ཉིན་རེ་བཞིན་མངོན་གསལ་དོད་དུ་འགྱུར་གྱི་ཡོད་སྟབས། ཨ་རིས་གཙོས་པའི་མང་གཙོའི་རྒྱལ་ཁབ་དག་གིས་ཐའེ་ཝན་དང་འབྲེལ་ལམ་བཟང་དུ་བཏང་ནས་རྒྱ་ནག་ལ་དངོས་སུ་ཁ་གཏད་གཅོག་རྒྱུའི་སྲིད་བྱུས་འཐེན་འགོ་བརྩམས་ཟིན་ཡོད། །

གསར་འགོད་པ་དཀོན་མཆོག་རབ་བརྟན། 

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།