ཡུ་རོབ་གྲོས་ཚོགས་ཀྱིས་ཐའེ་ཝན་“ཡུ་རོབ་ཁྱོད་དང་ལྷན་དུ་ཡོད་”ཅེས་བཤད་འདུག 

རྒྱ་ནག་གིས་ཐའེ་ཝན་ལ་དྲག་རྒོལ་བྱེད་རྒྱུ་ཡིན་པའི་འཇིགས་སྐུལ་ཤུགས་ཆེ་རུ་གཏོང་བཞིན་པའི་སྐབས་འདིར། ཡུ་རོབ་གྲོས་ཚོགས་ཀྱི་སྐུ་ཚབ་ཀྱིས་ཐའེ་ཝན་ལ་“ཁྱོད་རང་ཁེར་རྐྱང་མ་རེད། ཡུ་རོབ་ཁྱོད་དང་ལྷན་དུ་ཡོད་”ཅེས་བཤད་དེ། ཐའེ་ཝན་དང་ཡུ་རོབ་ཀྱི་འབྲེལ་ལམ་ཟབ་ཏུ་གཏོང་རྒྱུ་ཡིན་སྐོར་བརྗོད་འདུག 

རྒྱ་ནག་གིས་ཐའེ་ཝན་ལ་དྲག་རྒོལ་བྱེད་རྒྱུ་ཡིན་པའི་འཇིགས་སྐུལ་ཤུགས་ཆེ་རུ་གཏོང་བཞིན་པའི་སྐབས་འདིར། ཡུ་རོབ་གྲོས་ཚོགས་ཀྱི་སྐུ་ཚབ་ཀྱིས་ཐའེ་ཝན་ལ་“ཁྱོད་རང་ཁེར་རྐྱང་མ་རེད། ཡུ་རོབ་ཁྱོད་དང་ལྷན་དུ་ཡོད་”ཅེས་བཤད་དེ། ཐའེ་ཝན་དང་ཡུ་རོབ་ཀྱི་འབྲེལ་ལམ་ཟབ་ཏུ་གཏོང་རྒྱུ་ཡིན་སྐོར་བརྗོད་འདུག 

ཡུ་རོབ་གྲོས་ཚོགས་ཀྱིས་ཐའེ་ཝན་ལ་བཏང་བའི་ལོ་རྒྱུས་སྟེང་གི་སྐུ་ཚབ་ཐོག་མ་དེ་ཁ་སང་རེས་གཟའ་ལྷག་པའི་ཉིན་དངོས་སུ་ཐའེ་ཝན་ལ་འབྱོར་རྗེས། དེ་རིང་སྲིད་འཛིན་ལྕམ་ཚེ་དབྱིན་ཝན་དང་མཇལ་འཕྲད་བྱས་ནས་ཐའེ་ཡུའི་མཛའ་འབྲེལ་དང་མཉམ་ལས་ཟབ་ཏུ་གཏོང་ཕྱོགས་སྐོར་གྱི་གྲོས་མོལ་བྱས་ཡོད་འདུག 

ཡུ་རོབ་གྲོས་ཚོགས་ཀྱི་སྐུ་ཚབ་དང་ལྕམ་ཚེ་དབྱིན་ཝན་གྱི་མཇལ་འཕྲད་སྐབས། སྐུ་ཚབ་ཀྱི་སྣེ་འཁྲིད་མཁན་དང་། ཧྥ་རན་སིའི་འཐུས་མི་སྐུ་ཞབས་རཱ་ཧྥལ་(Raphael Glucksmann) གྱིས་“ང་ཚོ་འདིར་ཁ་གསལ་གྱི་བརྡ་ལན་གཅིག་ཁྱེར་ནས་ཡོང་ཡོད་ཅིང་། དེ་ནི་ཐའེ་ཝན་ལ་ཁྱོད་རང་ཁེར་རྐྱང་མ་རེད། ཡུ་རོབ་ཁྱོད་དང་ལྷན་དུ་ཡོད་ཟེར་རྒྱུ་དེ་ཡིན་”ཞེས་བཤད་པའི་ཐོག “ང་ཚོ་འདིར་ཡོང་བ་དེ་གལ་འགངས་ཆེ་བའི་གོམ་པ་དང་པོར་ངོས་འཛིན་བྱེད་དགོས་ན་ཡང་། རྗེས་སུ་ང་ཚོས་མཉམ་དུ་ཐའེ་ཡི་མཛའ་འབྲེལ་ཟབ་ཏུ་གཏོང་ཕྱོགས་སྐོར་གྱི་ཐབས་ལམ་དང་། ཚོགས་འདུ་ཆེན་པོ་འགའ་གོ་སྒྲིག་ཞུ་བའི་འཆར་གཞི་དང་གྲ་སྒྲིག་བྱེད་དགོས་”ཞེས་བསྣན་ཡོད་འདུག

ཉིན་གསུམ་གྱི་གཟིགས་སྐོར་དེའི་རིང་ལ། ཡུ་རོབ་གྲོས་ཚོགས་ཀྱི་སྐུ་ཚབ་ཚོས་ལྕམ་ཚེ་དབྱིན་ཝན་དང་། ཐའེ་ཝན་གྲོས་ཚོགས་ཀྱི་ཚོགས་གཙོ། ཕྱི་སྲིད་བློན་ཆེན་གཞོན་པ་ལ་སོགས་པའི་གནད་ཡོད་མི་སྣ་དག་དང་མཇལ་འཕྲད་ཞུས་ཏེ། “ཐའེ་ཝན་གྱིས་ཇི་ལྟར་དྲ་བའི་བདེ་འཇགས་སྲུང་སྐྱོབ་དང་། རྫུན་གཏམ་འགོག་སྲུང་བྱེད་ཀྱི་ཡོད་པ་དང་། དེ་བཞིན་ཐའེ་ཝན་གྱི་མང་གཙོ་དང་། ཤེས་ཡོན་སློབ་གསོ། གསར་འགྱུར་བརྒྱུད་ལམ་བཅས་ལ་འཕོག་བཞིན་པའི་ཕྱིའི་ཐེ་བྱུས་ལ་གདོང་ལེན་དང་ཁ་གཏད་ཇི་ལྟར་གཅོག་གི་ཡོད་པ་”ལ་སོགས་པའི་གནད་དོན་རྣམས་ཀྱི་སྐོར་ལ་གྲོས་མོལ་བྱེད་འཆར་ཡོད་འདུག 

ཐའེ་ཝན་དང་ཡུ་རོབ་ཀྱི་བར་དུ་གཞུང་འབྲེལ་གྱི་འབྲེལ་བ་མེད་ན་ཡང་། དེང་སྐབས་རྒྱ་ནག་དང་མང་གཙོའི་འཛམ་གླིང་གཉིས་ཀྱི་འགལ་ཟླ་དེ་ཉིན་བཞིན་ཇེ་གསལ་དང་ཇེ་དྲག་ཏུ་འགྱུར་བཞིན་ཡོད་པས། ཡུ་རོབ་མཐུན་ཚོགས་དང་ཨ་རིས་གཙོས་པའི་མང་གཙོའི་སྟོབས་ཆེན་རྒྱལ་ཁབ་རྣམས་ཀྱིས་འདས་པའི་ལོ་ངོ་༤༠ ཙམ་གྱི་སྲིད་བྱུས་ལ་བསྐྱར་ཞིབ་ནན་པོ་བྱས་ཏེ་རྒྱ་ནག་གི་ངོ་རྒོལ་ལ་མ་མ་ལྟོས་པར་ཐའེ་ཝན་དང་འབྲེལ་ལམ་བཟང་དུ་གཏོང་བ་དང་། རྒྱ་ནག་གི་བཙན་འཛུལ་ལས་ཐའེ་ཝན་སྲུང་སྐྱོབ་བྱེད་རྒྱུའི་སྲིད་བྱུས་གསར་པ་འཐེན་བཞིན་ཡོད་འདུག ། 

གསར་འགོད་པ་དཀོན་མཆོག་རབ་བརྟན། 

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།