ཡུ་རོབ་ཏུ་སྤྲེའུ་རེག་དུག་ནད་ཕོག་པའི་དཀའ་ངལ་འདུག
ཟླ་འདིའི་ཚེས་༢༡ ཉིན་རྒྱ་གར་(INDIA TODAY) གྱི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཡུ་རོབ་ཏུ་སྤྲེའུ་རེག་དུག་ནད་(Monkeypox) ཕོག་མཁན་གྱི་དོགས་ཡོད་མི་༡༠༠ ལྷག་བྱུང་ཡོད་པར་བརྟེན། ཁ་སང་རེས་གཟའ་པ་སངས་ཀྱི་ཉིན་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་ཛ་དྲག་ཚོགས་འདུ་ཞིག་འཚོགས་ཡོད་འདུག

ཡུ་རོབ་ཏུ་ཟླ་འདིའི་ཚེས་༧ ཉིན་ནི་ཇེ་རི་ཡ་ནས་དབྱིན་ཡུལ་དུ་ཡོང་མཁན་ཞིག་ལ་ནད་དེ་ཕོག་ཡོད་པ་ཐོག་མ་ངོ་རྟགས་ཆོད་ཡོད་འདུག ད་ལྟའི་ཆར་ཧྥ་རན་སི་དང་། འཇར་མ་ནི། སི་པན་དང་ཨ་རི་སོགས་ཁྱོན་སྡོམ་རྒྱལ་ཁབ་༡༢ ཀྱི་ནང་དུ་ན་ཚ་དེ་ཁྱབ་ཡོད་པའི་གནས་ཚུལ་ཐོན་འདུག
གཞན་ཡང་(NDTV) གྱིས་གནས་ཚུལ་སྤེལ་གསལ་ལྟར་ན། རེག་དུག་གི་ན་ཚ་དེ་ནི་འབྲུམ་པའི་ནད་དང་འདྲ་བོ་ཡོད་པ་དང་། ཕྱི་ལོ་༡༩༥༨ ལོར་ཞིབ་འཇུག་བྱེད་སའི་སྤྲེའུ་ཞིག་ལ་རེག་དུག་ནད་དེ་ཐོག་མ་བྱུང་ཡོད་པའི་སྐོར་དང་། དེ་ནས་ཕྱི་ལོ་༡༩༧༠ ལོར་མི་ལ་སྤྲེའུ་རེག་དུག་གི་ནད་དེ་ཕོག་ཡོད་པའི་གནས་ཚུལ་སྤེལ་འདུག
སྤྲེའུ་རེག་དུག་གི་ནད་གཞི་ཡོད་པའི་སེམས་ཅན་གྱི་ཤ་ཟ་བ་དང་། སེམས་ཅན་དེ་དག་གིས་རྨུག་པ། དེ་བཞིན་སེམས་ཅན་དེ་དག་གི་ཁྲག་དང་སྤུ་སོགས་ལས་ན་ཚ་དེ་འགོ་ཡི་ཡོད་འདུག
འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་བརྗོད་གསལ་ལྟར་ན། ད་ལྟའི་ཆར་སྤྲེའུ་རེག་དུག་གི་ན་ཚ་དེ་ལ་སྨན་ཁབ་དམིགས་བསལ་མེད་ཀྱང་། འབྲུམ་པའི་སྨན་ཁབ་དེ་བརྒྱབ་ན་བརྒྱ་ཆ་༨༥% ཕན་གྱི་ཡོད་འདུག །
གསར་འགོད་པ་བློ་བཟང་རྒྱ་མཚོ།