ཡུག་རེན་གྱི་གྲོང་འཁྱེར་མ་རེའུ་པོལ་ཨུ་རུ་སུའི་ལག་ཏུ་ཤོར་ཡོད་འདུག

ཟླ་འདིའི་ཚེས་༢༡ ཉིན་(ALJAZEERA) ཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། བདུན་འདིའི་རེས་གཟའ་ཟླ་བ་ནས་ཡུག་རེན་གྱི་གྲོང་འཁྱེར་མ་རེའུ་པོལ་དུ་ཡོད་པའི་དྭངས་ལྕགས་བཟོ་གྲྭ་འགོག་སྲུང་བྱེད་མཁན་ཡུག་རེན་གྱི་དམག་མི་ཚོས་ཨུ་རུ་སུ་ལ་འགོ་བཏགས་ཞུ་འགོ་བརྩམས་པ་དང་། བདུན་འདིའི་རེས་གཟའ་པ་སངས་ཀྱི་ཉིན་ཡུག་རེན་གྱི་དམག་མི་༥༠༠ ལྷག་གིས་འགོ་བཏགས་ཞུས་ཡོད་འདུག  

ད་བར་ཡུག་རེན་གྱི་དམག་མི་༢༤༠༠ ལྷག་གིས་ཨུ་རུ་སུ་ལ་འགོ་བཏགས་ཞུས་ནས་བདུན་འདིའི་རེས་གཟའ་པ་སངས་ཀྱི་ཉིན་ཡུག་རེན་གྱི་གྲོང་འཁྱེར་མ་རེའུ་པོལ་ཨུ་རུ་སུའི་ལག་ཏུ་ཤོར་ཡོད་པའི་གནས་ཚུལ་ཐོན་འདུག

གསར་འགྱུར་བརྒྱུད་ལམ་གཞན་གྱིས་གནས་ཚུལ་སྤེལ་གསལ་ལྟར་ན། མ་རེའུ་པོལ་གྱི་གྲོང་འཁྱེར་དེ་ནི་ཡུག་རེན་གྱི་གྲོང་འཁྱེར་ཆེ་ཤོས་བཅུ་པ་དེ་ཆགས་ཡོད་པ་དང་། ཨུ་རུ་སུའི་གཏོར་རྒོལ་ལ་བརྟེན་ནས་ད་ལྟའི་ཆར་གྲོང་འཁྱེར་དེ་ཡི་ཁང་པ་བརྒྱ་ཆ་༦༠% ལྷག་སླར་གསོ་བྱེད་མི་ཐུབ་པའི་གནས་ཚུལ་ཐོན་འདུག་ལ་གྲོང་འཁྱེར་མ་རེའུ་པོལ་བླངས་པ་དེ་ནི་ལོ་འདིའི་སྤྱི་ཟླ་༢ ཚེས་༢༤ ནས་ཨུ་རུ་སུས་ཡུག་རེན་ལ་དམག་འཁྲུག་བརྒྱབ་པ་ནས་བཟུང་ཨུ་རུ་སུའི་རྒྱལ་ཁ་ཆེ་ཤོས་སུ་འགྱུར་ཡོད་པའི་གནས་ཚུལ་ཐོན་འདུག

ཨུ་རུ་སུ་དང་ཡུག་རེན་གཉིས་བར་གྱི་དམག་འཁྲུག་ལ་བརྟེན་ནས་ལོ་སྔ་མ་དང་བསྡུར་ན་འཛམ་གླིང་ཁྱོན་ཡོངས་ཀྱི་བཟའ་ཆས་ཀྱི་རིན་གོང་བརྒྱ་ཆ་༣༠% འཕར་ཡོད་འདུག་པ་ད་ལྟ་ནས་དཀའ་ངལ་དེ་ལ་གདོང་ལེན་བྱེད་མ་ཐུབ་ཚེ། མི་མང་པོ་ལ་ཟས་བཅུད་མ་འདང་པ་དང་ཁ་ལག་མ་རག་པ། དེ་བཞིན་མུ་གེ་ཡང་འབྱུང་སྲིད་པ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཉེན་བརྡ་བཏང་འདུག །

གསར་འགོད་པ་བློ་བཟང་རྒྱ་མཚོ།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།