ཡོ་རོབ་བོད་ཀྱི་གཞོན་ནུ་དང་༢༠༢༢ མགྲོན་བདག

ཟླ་འདིའི་ཚེས་༡༠ ཉིན་རྒྱབ་༢༠༢༢ ལོའི་དགུན་ཁའི་ཨོ་རྩལ་འགྲན་ཚོགས་ཀྱི་མགྲོན་བདག་རྒྱ་ནག་དང་ཁ་ཟཱ་ཁུ་སི་ཏན་གཉིས་ཀྱི་རང་རང་གི་རྒྱལ་ཁབ་ཀྱི་མགྲོན་བདག་བྱེད་རྒྱུའི་ཐད་ཚོགས་འདུ་ཞིག་སུད་སིའི་ལོ་ཟན་གྲོང་ཁྱེར་དུ་འཚོགས་ཡོད་པ་རེད།

ཟླ་འདིའི་ཚེས་༡༠ ཉིན་རྒྱབ་༢༠༢༢ ལོའི་དགུན་ཁའི་ཨོ་རྩལ་འགྲན་ཚོགས་ཀྱི་མགྲོན་བདག་རྒྱ་ནག་དང་ཁ་ཟཱ་ཁུ་སི་ཏན་གཉིས་ཀྱི་རང་རང་གི་རྒྱལ་ཁབ་ཀྱི་མགྲོན་བདག་བྱེད་རྒྱུའི་ཐད་ཚོགས་འདུ་ཞིག་སུད་སིའི་ལོ་ཟན་གྲོང་ཁྱེར་དུ་འཚོགས་ཡོད་པ་རེད།

unnamed1 དེའི་སྐབས་སུ་ཡོ་རོབ་གཞོན་ནུ་མཐུན་ཚོགས་ཀྱི་གོ་སྒྲིག་འོག་ལོ་ཟན་གྱི་ Hotel Lausanne Palace ཞེས་པའི་སྐར་མ་ལྔའི་རྟགས་ཅན་གྱི་མགྲོན་ཁང་དེའི་མདུན་དུ་རྒྱ་ནག་ལ་ཨོ་རྩལ་འགྲན་ཚོགས་བསྡུ་རྒྱུའི་ཐོབ་ཐང་མེད་སྐོར་གྱི་སྐད་འབོད་ངོ་རྒོལ་བྱས་སོང་།

སྐབས་དེར་གཞོན་ནུའི་ཚོགས་མི་བཅུ་གསུམ་ཙམ་རུ་ཁག་གསུམ་དུ་བགོས་དེ་མགྲོན་ཁང་དེར་ཕྱིན་ནས་རིགས་མི་འདྲ་བའི་ངོ་རྒོལ་སྤེལ། མི་གཉིས་ཅན་གྱི་རུ་ཁག་གཉིས་མགྲོན་ཁང་ནང་དུ་འགྲོ་ཐབས་ཀྱི་འགྲེམས་སྟོན་བྱེད་སའི་ཚོགས་ཁང་དང་གཞན་རུ་ཁག་གཅིག་གིས་མགྲོན་ཁང་སྒོ་ཁའི་གསར་འགོད་པ་འདུ་འཛོམས་སར་ལག་ཏུ་འཕྲེད་དར་ཐོགས་ནས་སྐད་འབོད་བྱས། ཁོང་ཚོས་བོད་ལ་འགྲོ་བ་མིའི་ཐོབ་ཐང་མེད་པ་དང་རྒྱ་ནག་ལ་༢༠༢༢ མགྲོན་བདག་གི་ཐོབ་ཐང་མེད་པ་སོགས་ཀྱི་ཐད་སྐར་མ་༢༠ ལྷག་ཅིག་ལ་སྐད་འབོད་ཤུགས་ཆེན་བྱས་སོང་། སྐད་འབོད་སྐབས་སུ་གསར་འགོད་པ་མང་པོ་འདུ་འཛོམས་ཀྱི་དོ་སྣང་ཆེན་པོ་བྱས་པ་དང་། བོད་ཀྱི་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་སྐད་འབོད་དེའི་ནང་མཉམ་ཞུགས་བྱས་ཏེ། ཁོང་གིས་བོད་ལ་འགྲོ་བ་མིའི་ཐོབ་ཐང་མེད་པ་དང་༢༠༠༨ ཨོ་རྩལ་འགྲན་ཚོགས་ཀྱི་རྐྱེན་པས་བོད་དུ་བསམ་ཡུལ་ལས་འདས་པའི་དཀའ་ངལ་འཕྲད་ཡོད་ལ། བོད་ཀྱི་སྐྱེས་བོ་དུ་མའི་ཚེ་སྲོག་ཤོར་བ་དང་། བཙོན་འཇུག་ཁྲིམས་ཐག་གཅོད་པ་སོགས་བྱུང་ཡོད། གལ་སྲིད་ཨོ་རྩལ་འགྲན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཀྱིས་༢༠༢༢ ལོའི་མགྲོན་བདག་རྒྱ་ནག་ལ་སྤྲད་ན་བོད་དུ་བསམ་ཡུལ་ལས་འདས་པའི་དོན་རྐྱེན་འབྱུང་ངེས་ལ། དེ་དག་ཐམས་ཅད་ཀྱི་འགན་འགན་འཛིན་ལྷན་ཚོགས་ཀྱིས་འཁུར་དགོས་ཞེས་བརྗོད་འདུག

1235མགྲོན་ཁང་གི་ནང་གི་རུ་ཁག་གཉིས་ཀྱིས་༢༠༢༢ ལོར་ཨོ་རྩལ་འགྲན་ཚོགས་ཀྱི་མགྲོན་བདག་རྒྱལ་ཁབ་གཉིས་ཀྱི་འགྲེམས་སྟོན་བྱེད་སའི་ཚོགས་ཁང་གི་མདུན་དུ་གསར་འགོད་པའི་དོ་སྣང་ཆེན་པོ་ཡོད་སར་རྒྱ་ནག་ལ་༢༠༢༢ ལོ་ཨོ་རྩལ་འགྲན་ཚོགས་ཀྱི་མགྲོན་བདག་གི་ཐོབ་ཐང་མེད་སྐོར་གྱི་སྐད་འབོད་ཤུགས་ཆེན་བྱས་མཐར་ཉེན་རྟོག་པས་ཁོ་ཚོ་གྲས་ཀྱི་མི་བཞི་ཆུ་ཚོད་ཁ་ཤས་ལ་བཀག་ཉར་བྱས་ཡོད་འདུག །
ས་གནས་གསར་འགོད་པ་རྡོ་སྦིས་ཀླུ་རྒྱལ་གྱིས་ས་གནས་ནས།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།