རང་བྱུང་གོད་ཆགས་འོག་མི་གྲངས་༥༣ རྐྱེན་འདས་སུ་ཕྱིན་འདུག
དེ་རིང་རེས་གཟའ་ལྷག་པའི་ཉིན་ཧྥེ་ལེ་པིན་རྒྱལ་ཁབ་ཀྱི་ས་གནས་གྲོང་ཁྱེར་(Baybay) བརྩིས་པའི་གྲོང་ཁྱེར་མང་པོ་ཞིག་ནང་ལ་དྲག་ཆར་རླུང་ཚུབ་ཀྱི་རྐྱེན་གྱིས་ཡུལ་མི་༥༣ ལྷག་གི་ཚེ་སྲོག་ཤོར་ཡོད་པ་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་འདུག
དེ་རིང་རེས་གཟའ་ལྷག་པའི་ཉིན་ཧྥེ་ལེ་པིན་རྒྱལ་ཁབ་ཀྱི་ས་གནས་གྲོང་ཁྱེར་(Baybay) བརྩིས་པའི་གྲོང་ཁྱེར་མང་པོ་ཞིག་ནང་ལ་དྲག་ཆར་རླུང་ཚུབ་ཀྱི་རྐྱེན་གྱིས་ཡུལ་མི་༥༣ ལྷག་གི་ཚེ་སྲོག་ཤོར་ཡོད་པ་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་འདུག
ཟླ་འདིའི་ཚེས་༡༣ ཉིན་ཧྥེ་ལེ་པིན་རྒྱལ་ཁབ་ནང་དུ་དྲག་ཆར་རླུང་ཚུབ་ཤུགས་ཆེན་བབས་པའི་རྐྱེན་གྱིས་ས་གནས་གྲོང་ཁྱེར་མང་པོ་ཞིག་གི་ནང་དུ་ཆུ་ལོག་ཤུགས་ཆེན་བརྒྱུགས་ནས་རི་ཉིལ་བ་དང་། རྒྱུག་ཆུ་ལུད་ནས་ཁང་ཁྱིམ་རྣམས་ཤུལ་མེད་བཟོས་ཡོད་པ་མ་ཟད། ཉུང་མཐར་ཡུལ་མི་༤༧ ལྷག་ས་འོག་ཏུ་ཚུད་ནས་རྐྱེན་འདས་སུ་ཕྱིན་ཡོད་པ་ས་གནས་གྲོང་ཁྱེར་སྤྱི་ཁྱབ་(Jose Carlos Cari) ཀྱིས་སི་ཨན་ཨན་གསར་ཁང་དུ་འགྲེལ་བརྗོད་བྱས་འདུག ཧྥི་ལེ་པིན་གྱི་རང་བྱུང་གོད་ཆགས་ལས་དོན་ཚོགས་ཆུང་གིས་ད་ལྟ་ས་གནས་ས་ཐོག་ཏུ་ཛ་དྲག་ཉེན་སྐྱོབ་བྱེད་བཞིན་ཡོད་འདུག
དེ་བཞིན་ས་གནས་གྲོང་གསེབ་པེ་ལེར་(Pilar) ཞེས་པའི་ནང་དུ་ཡོད་པའི་ས་ཁྱིམ་བརྒྱ་ཆ་༨༠ ལྷག་ཆུ་ལོག་གིས་འདེད་ནས་ཤུལ་མེད་དུ་གྱུར་པ་མ་ཟད། ད་རེས་ཀྱི་གོད་ཆགས་འོག་རྐྱེན་འདས་སུ་སོང་བའི་ཡུལ་མི་མང་ཆེ་བ་ནི་ལྷོ་ཕྱོགས་གྲོང་ཁྱེར་དྷེ་ཝར་(Davao) དང་། མིན་དྷེ་ཎའོ་(Mindanao) ནེ་སྒོར་སེ་(Negros Orientals) མངའ་སྡེ་ནས་ཡིན་པ་ཧྥེ་ལེ་པིན་རང་བྱུང་གོད་ཆགས་ལས་དོན་ཚོགས་ཆུང་གིས་འགྲེལ་བརྗོད་བྱས་ཡོད་པ་མ་ཟད་། གོད་ཆགས་དེའི་རྐྱེན་པས་ལྷོ་ཤར་ས་ཁུལ་ཁག་དུ་གནས་སྡོད་བྱེད་བཞིན་པའི་ཡུལ་མི་འབུམ་གཅིག་ལྷག་ལ་གནོད་ཚེ་ཤུགས་ཆེན་ཕོག་ཡོད་འདུག
ལོ་སྔོན་མའི་ཕྱི་ཟླ་༡༢ ནང་ཧྥི་ལེ་པིན་གྱི་ལྷོ་ཤར་གླིང་ཕྲན་ནང་དུ་དྲག་ཆར་རླུང་ཚུབ་ཀྱི་གོད་ཆགས་འོག་ཡུལ་མི་༣༧༥ ལྷག་གི་ཚེ་སྲོག་ཤོར་ཡོད་པ་དང་། དེ་བཞིན་ས་གནས་དེར་གནས་སྡོད་ཡུལ་མི་འབུམ་ལྔ་ལྷག་ལ་གནོད་ཚེ་ཕོག་ནས་ཟླ་བ་བཞིའི་རྗེས་ལ་བསྐྱར་དུ་དྲག་ཆར་གྱི་གོད་ཆགས་ཕོག་པ་དེ་ལྟ་བུ་ནི་བསལ་ཡུལ་འདས་པ་ཞིག་ཡིན་པ་མ་ཟད། ད་རེས་ཀྱི་རང་བྱུང་གོད་ཆགས་དེ་ལྟ་བུ་ནི་ལོ་འདིའི་ནང་མཐོང་བ་ཐེངས་དང་པོ་ཡིན་པ་དང་། དུས་རྒྱུན་ཡིན་ན་ཧྥི་ལེ་པིན་ནང་དུ་དེ་ལྟ་བུའི་དྲག་ཆར་ལོ་ངོ་༢༠ ནང་ཐེངས་གཅིག་རེ་ཡོང་གི་ཡོད་ལུགས་ཧྥེ་ལེ་པིན་རང་བྱུང་གོད་ཆགས་ལས་དོན་ཚོགས་ཆུང་གིས་(AFP) གསར་ཁང་ལ་འགྲེལ་བརྗོད་གནང་ཡོད་འདུག
དེ་བཞིན་ཚན་རིག་པས་བརྗོད་དོན་ལ། ད་རེས་ཀྱི་རང་བྱུང་གོད་ཆགས་དེ་ལྟ་བུ་ནི་གནམ་གཤིས་འགྱུར་ལྡོག་གི་རྐྱེན་པས་བྱུང་བ་ཡིན་པ་མ་ཟད། གནམ་གཤིས་འགྱུར་ལྡོག་གི་རྒྱུ་རྐྱེན་གཙོ་བོ་ནི་ང་ཚོ་མིས་བཟོས་པའི་འབྲས་བུ་ཡིན་པ་དང་། ཧྥི་ལེ་པིན་ལ་མཚོན་ན་ཕྱི་ལོ་ ༢༠༠༦ ནས་ཟུང་ད་བར་དེ་ལྟ་བུའི་རང་བྱུང་གོད་ཆགས་ཀྱི་དཀའ་ངལ་མང་པོ་འཕྲད་ཡོད་ཅེས་གསུངས་འདུག །
གསར་འགོད་པ་བསྟན་འཛིན་ཆོས་གྲགས།