རང་སྲེག་རྒྱ་རྒོལ་སྐོར་ལ་ཁུ་སིམ་པའི་མེ་ལྕེ་ཞེས་པའི་འགྲེམས་སྟོན།

ཟླ་འདིའི་ཚེས་༡༤ ཉིན་གྱི་ཕྱི་དྲོ་དྷ་ས་མེག་གྷན་ཉིན་མོའི་སློབ་གྲྭའི་ཚོགས་ཁང་ནང་དུ། སཱི་པན་རྒྱལ་ཁབ་ཀྱི་དེང་རབས་རི་མོའི་སྒྱུ་རྩལ་བ་ཕཱ་ཝོ་ཡིས་“འགྲོ་བ་མིའི་སྡུག་བསྔལ་ཕྱི་ལ་བསྟན་པ། ཁུ་སིམ་པའི་མེ་ལྕེ་”ཞེས་པའི་བོད་ཀྱི་རང་ལུས་མེར་སྲེག་གིས་རྒྱ་རྒོལ་བྱེད་མཁན་ཚོའི་པར་བྲིས་པའི་དེང་རབས་རི་མོའི་འགྲེམས་སྟོན་ཞིག་བྱས་ཡོད་པ་རེད།

1455སྒྱུ་རྩལ་རི་མོའི་འགྲེམས་སྟོན་དེ་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུན་ལས་ཁང་གཉིས་ཀྱིས་གོ་སྒྲིག་བྱས་འདུག་ལ། རི་མོ་བ་ཁོང་གིས་རི་མོའི་འགྲེམས་སྟོན་དེ་བྱེད་དགོས་དོན་དང་འབྲི་དགོས་དོན་བོད་ཀྱི་དཀའ་ངལ་སྐོར་འཛམ་གླིང་ཐོག་ཁྱབ་བསྒྲགས་བྱས་ཏེ། ཤེས་རྟོགས་ཡོང་ཆེད་དུ་ཡིན་པ་དང་། མ་འོངས་པར་རྒྱལ་ཁབ་ཁག་ཅིག་གི་ནང་འགྲེམས་སྟོན་བྱེད་འཆར་ཡོད་སྐོར། བོད་དོན་ཁྱབ་བསྒྲགས་འདི་བོད་པ་གཅིག་པུ་མིན་པར་མི་གཞན་གྱིས་ཀྱང་ཁྱབ་བསྒྲགས་བྱེད་དགོས་སྐོར་འགྲེལ་བརྗོད་སོང་།

1244རི་མོ་དེ་དག་ནང་རང་སྲེག་རྒྱ་རྒོལ་བ་༡༤༠ ཙམ་ཡོད་པ་དང་། སྐབས་དེར་མི་མང་འདུ་འཛོམས་ཐོག་རང་སྲེག་རྒྱ་རྒོལ་བ་ཁག་ཅིག་གི་ཞལ་ཆེམས་དབྱིན་བོད་གཉིས་ཐོག་སྒྲོགས་སྦྱང་བྱས་ཡོད་པ་རེད། །
གསར་འགོད་པ་ཆོས་ཉིད་འོད་ཟེར།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།