རྐང་འཁོར་སྐོར་བསྐྱོད་ཀྱི་བོད་དོན་ལས་འགུལ་སྤེལ་བཞིན་འདུག 

བོད་ཀྱི་གྲོགས་པོ་དང་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ས་གནས་འབྲེལ་མཐུད་པ་སཱན་ཌེ་ཤ་མཱེ་ཤེ་རམ་མམ་བསམ་གཏན་ཡེ་ཤེས་ཀྱིས་ཕྱི་ལོ་༢༠༢༡ ཟླ་༡༢ ཚེས་༡༠ ཉིན་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་ནས་རྐང་འཁོར་སྐོར་བསྐྱོད་ཀྱི་བོད་དོན་གོ་རྟོགས་ལས་འགུལ་སྤེལ་འགོ་བཙུགས་འདུག་པ་དང་། ལས་འགུལ་དེ་ཉིན་གྲངས་༣༤ རིང་སྤེལ་འཆར་ཡོད་འདུག 

བོད་ཀྱི་གྲོགས་པོ་དང་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ས་གནས་འབྲེལ་མཐུད་པ་སཱན་ཌེ་ཤ་མཱེ་ཤེ་རམ་མམ་བསམ་གཏན་ཡེ་ཤེས་ཀྱིས་ཕྱི་ལོ་༢༠༢༡ ཟླ་༡༢ ཚེས་༡༠ ཉིན་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་ནས་རྐང་འཁོར་སྐོར་བསྐྱོད་ཀྱི་བོད་དོན་གོ་རྟོགས་ལས་འགུལ་སྤེལ་འགོ་བཙུགས་འདུག་པ་དང་། ལས་འགུལ་དེ་ཉིན་གྲངས་༣༤ རིང་སྤེལ་འཆར་ཡོད་འདུག 

དེ་ཡང་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་མོན་གྷོ་ནས་དབུ་འཛུགས་ཀྱིས་རྒྱ་གར་ལྷོ་ཕྱོགས་ཀྱི་མངའ་སྡེ་ཀརནཱ་ཊཀ་དང་། ཀེ་རལ། ཏ་མིལ་ནཱ་ཌཱུ། པུ་ཌུ་ཅེ་རཱི་བརྒྱུད་སྦེང་ལོར་དུ་ཕྱི་ལོ་༢༠༢༢ ཟླ་༡ ཚེས་༡༢ ཉིན་མཇུག་བསྡུ་འཆར་འདུག

དེསྔོན་སཱན་ཌེ་ཤ་མཱེ་ཤེ་རམ་(Sandesh Meshram)གྱིས་ཕྱི་ལོ་༢༠༡༤ དང་། ༢༠༡༦། ༢༠༡༧། ༢༠༡༩ བཅས་སུ་རྐང་འཁོར་ཐོག་བོད་དོན་གོ་རྟོགས་ལས་འགུལ་སྤེལ་ཏེ་ཁྱོན་ཀི་ལོ་མི་ཊར་༡༣༧༧༠ ཙམ་སྐོར་བསྐྱོད་བྱས་པ་དང་། ཁོང་གིས་རྐང་འཁོར་ཐོག་བོད་དོན་གོ་རྟོགས་ལས་འགུལ་ཐེངས་བཞི་པ་དེ་བཞིན་ཕྱི་ལོ་༢༠༡༩ ལོར་རྒྱ་གར་ལྷོ་ཕྱོགས་ཀྱི་མངའ་སྡེ་ཀེ་རལ་དང་། ཏ་མིལ་ནཱ་ཌཱུ། པུ་ཌུ་ཅེ་རཱི་བཅས་སུ་སྤེལ་འཆར་ཡོད་ནའང་ལམ་བར་དུ་འཕྲོད་བསྟེན་གྱི་དཀའ་ངལ་འོག་བར་མཚམས་བཞག་དགོས་བྱུང་ཡོད་པས། ཐེངས་འདིའི་རྐང་འཁོར་སྐོར་བསྐྱོད་དེ་བཞིན་དེ་སྔོན་བར་མཚམས་བཞག་པའི་འགྲུལ་བཞུད་མཇུག་སྐྱེལ་ཆེད་གོ་སྒྲིག་གནང་བ་ཞིག་རེད་འདུག

རྐང་འཁོར་སྐོར་བསྐྱོད་ཀྱི་དམིགས་ཡུལ་གཙོ་བོ་ནི། རྒྱ་གར་མི་མང་ལ་བོད་དོན་སྤྱི་དང་། ཡང་སྒོས་བོད་ཀྱི་གནས་སྟངས་སྐོར་གོ་རྟོགས་སྤེལ་རྒྱུ་རེད་འདུག ཕྱོགས་མཚུངས་རྐང་འཁོར་སྐོར་བསྐྱོད་བརྒྱུད་བོད་དང་རྒྱ་གར་བར་གྱི་ལོ་ངོ་བརྒྱ་ཕྲག་མང་པོའི་རིང་གི་འབྲེལ་ལམ་ཤུགས་ཆེ་རུ་གཏོང་རྒྱུ་དང་། རྒྱ་གར་མང་ཚོགས་ལ་རྒྱ་གར་གྱི་བྱང་ཕྱོགས་ས་མཚམས་བོད་དང་འཁེལ་གྱི་ཡོད་པ་ལས་རྒྱ་ནག་ལ་འཁེལ་གྱི་མེད་སྐོར་གོ་རྟོགས་སྤེལ་རྒྱུ་རེད་འདུག

ཕྱི་ལོ་༢༠༢༡ ཟླ་༡༢ ཚེས་༡༠ ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་ཝེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ངོ་༣༢ ཧྲིལ་པོ་འཁོར་བའི་དུས་ཆེན་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་དང་སྟབས་བསྟུན། སཱན་ཌེ་ཤ་མཱེ་ཤེ་རམ་གྱིས་རྐང་འཁོར་ཐོག་བོད་དོན་གོ་རྟོགས་ལས་འགུལ་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་ནས་དབུ་འཛུགས་གནང་ཡོད་པ་དང་། སྐབས་དེར་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་ཀྱི་ས་གནས་འགོ་འཛིན་ལྷག་པ་ཚེ་རིང་གིས་རྐང་འཁོར་སྐོར་བསྐྱོད་སྐོར་ངོ་སྤྲོད་དང་དམིགས་ཡུལ་མདོར་བསྡུས་འགྲེལ་བརྗོད་སྐྱོན་གྲུབ་མཚམས་ས་གནས་འགོ་འཛིན་ལྷག་པ་ཚེ་རིང་དང་། བོད་མི་མང་སྤྱི་འཐུས་དགེ་བཤེས་ཨ་ཀྲུག་ཚེ་བརྟན། རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་རྒྱལ་ཡོངས་ཟུང་སྦྲེལ་འབྲེལ་མཐུད་པ་སྐུ་ཞབས་ཨམ་རུཊ་ཇོ་ཤི། དགོན་སྡེ་ཁག་གི་སྐུ་ཚབ་བཅས་ཚང་འཛོགས་ཐོག་རྐང་འཁོར་སྐོར་བསྐྱོད་དབུ་འཛུགས་གནང་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ། 

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།