རྒྱ་གར་གཞུང་གིས་ཀ་ཤི་མར་གྱི་གོ་ཐོབ་འགྱུར་བ་བཏང་བ་དེར་ཆེས་མཐོའི་ཁྲིམས་ཁང་གིས་བརྟག་འཆར།
ཟླ་འདིའི་ཚེས་༢༨ ཉིན་གནས་ཚུལ་སྤེལ་བའི་ནང་། ཟླ་བ་འདིའི་འགོ་སྟོད་ལ་རྒྱ་གར་གཞུང་གིས་ཀ་ཤི་མིར་གྱི་དམིགས་བསལ་གོ་ཐོབ་རྩིས་མེད་བཟོས་པ་དེ་ཁྲིམས་དང་མཐུན་མིན་བརྟག་དཔྱད་བྱེད་རྒྱུ་ཆེས་མཐོའི་ཁྲིམས་ཁང་ནས་མོས་མཐུན་བྱས་པའི་ཁར། རྒྱ་གར་གཞུང་ལ་ཐག་གཅོད་དེ་ཁྲིམས་མཐུན་ཡིན་པའི་རྒྱུ་མཚན་འདྲེན་དགོས་པའི་བཀའ་བཏང་ཡོད་འདུག
ཟླ་འདིའི་ཚེས་༢༨ ཉིན་གནས་ཚུལ་སྤེལ་བའི་ནང་། ཟླ་བ་འདིའི་འགོ་སྟོད་ལ་རྒྱ་གར་གཞུང་གིས་ཀ་ཤི་མིར་གྱི་དམིགས་བསལ་གོ་ཐོབ་རྩིས་མེད་བཟོས་པ་དེ་ཁྲིམས་དང་མཐུན་མིན་བརྟག་དཔྱད་བྱེད་རྒྱུ་ཆེས་མཐོའི་ཁྲིམས་ཁང་ནས་མོས་མཐུན་བྱས་པའི་ཁར། རྒྱ་གར་གཞུང་ལ་ཐག་གཅོད་དེ་ཁྲིམས་མཐུན་ཡིན་པའི་རྒྱུ་མཚན་འདྲེན་དགོས་པའི་བཀའ་བཏང་ཡོད་འདུག
དེ་ཡང་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་རྒྱ་གར་གཞུང་ལ་ཁྲིམས་གཏུག་གི་(ཞུ་རྩ) དོན་ཚན་༡༤ ལ་ལན་འདེབས་དགོས་པའི་ཐོག ཀ་ཤི་མིར་དུ་གསར་འགྱུར་བརྒྱུད་ལམ་ཁག་བཀག་སྡོམ་བྱེད་པའི་རྒྱུ་མཚན་འདྲེན་དགོས་པའི་བཀའ་བཏང་བ་མ་ཟད། ཁྲིམས་དཔོན་ལྔ་བསྐོས་ནས་གནད་དོན་དེའི་སྐོར་གྱི་ཉན་ཞིབ་དངོས་ཕྱི་ཟླ་༡༠ པའི་ནང་འགོ་འཛུགས་རྒྱུ་ཡིན་སྐོར་བསྒྲགས་ཡོད་འདུག
ཧིན་དྷུ་མཆོག་འཛིན་གྱི་རྒྱ་གར་གཞུང་ནས་ཟླ་འདིའི་ཚེས་༥ ཉིན་ཁ་ཆེའི་མི་རིགས་གཙོ་བོར་གྱུར་བའི་ཀ་ཤི་མིར་མངའ་སྡེའི་རང་སྲིད་རང་སྐྱོང་གི་གོ་ཐོབ་མེད་པ་བཟོས་པ་དེར་མི་མང་གི་དྲག་པོའི་ཡ་ལན་མི་ཡོང་བའི་ཆེད། དྲག་ཆས་དམག་གི་བཙན་གནོན་དང་། འབྲེལ་མཐུད་ཀྱི་བརྒྱུད་ལམ་ཡོངས་རྫོགས་བཙན་གྱིས་བཀག་ཡོད། ད་ལྟ་ཚོང་ཁང་འགའ་ཤས་སླར་ཡང་སྒོ་ཕྱེ་ཡོད་ལ། ཁྱིམ་སྤྱོད་ཁ་པར་རེ་ཟུང་ཡང་སྐྱར་བཀོལ་བྱེད་ཆོག་པ་དང་། དགེ་སློབ་ཡོང་མཁན་ཉུང་ཡང་སློབ་གྲྭ་འགའ་ཤས་ནང་སློབ་ཚན་འཚོགས་འགོ་བརྩམས་ནས་བཙན་པོའི་བཀག་རྒྱ་རྣམས་ག་ལེར་ཡང་དུ་འགྲོ་བཞིན་ཡོད།
ཀ་ཤི་མིར་གྱི་དམིགས་བསལ་རང་སྐྱོང་གི་གོ་ཐོབ་མེད་པ་བཟོས་པ་དེས་ས་གནས་དེའི་མི་མང་ཁྲོད་ཁོང་ཁྲོ་ཚད་མེད་བསླངས་པ་དང་། ཁོང་ཚོས་སོ་སོའི་རིག་གཞུང་དང་མི་རིགས་ཀྱི་ངོ་བོ་བརླག་ཉེན་ཡོད་པའི་འཇིགས་སྣང་བྱེད་ཀྱི་ཡོད་འདུག
གཞན་ཡང་། ཆེས་མཐོའི་ཁྲིམས་ཁང་ནས་ཀ་ཤི་མིར་དུས་བབ་གསར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་ཨ་ནོར་ཌ-བྷེ་སན་(Anuradha Bhasin) གྱིས་ལག་ཐོགས་ཁ་པར་དང་ཁྱིམ་སྤྱོད་ཁ་པར་གྱིས་མཚོན་པའི་འབྲེལ་ལམ་ཡོངས་རྫོགས་སྐྱར་གསོ་བྱས་ཏེ་ཀ་ཤི་མིར་དུ་གསར་འགྱུར་ལས་དོན་སྒྲུབ་ཐུབ་པ་བཟོ་དགོས་པའི་(ཞུ་རྩ) དོན་ཚན་དེར་རྒྱ་གར་གཞུང་ནས་ཉིན་བདུན་ནང་ཚུན་ལན་འདེབས་དགོས་པའི་བཀའ་ཕབ་ཡོད་འདུག །
གསར་འགོད་པ་དཀོན་མཆོག་རབ་བརྟན།