རྒྱ་གར་གྱི་ཁ་ཆེའི་སྐྱེས་པ་ཞིག་གསོད་མཁན་རྣམས་ཉེན་རྟོག་པས་འཛིན་བཟུང་།
ཟླ་འདིའི་ཚེས་༢༤ ཉིན་བརྒྱུད་ལམ་དུ་གནས་ཚུལ་སྤེལ་བ་ལྟར་ན། ཁ་ཆེའི་སྐྱེས་པ་ཞིག་ལ་རུབ་རྡུང་བྱས་ནས་བསད་རྗེས། རྒྱ་གར་ཉེན་རྟོག་པས་ཉེས་ཅན་པ་ལྔ་འཛིན་བཟུང་བྱས་འདུག
ཟླ་འདིའི་ཚེས་༢༤ ཉིན་བརྒྱུད་ལམ་དུ་གནས་ཚུལ་སྤེལ་བ་ལྟར་ན། ཁ་ཆེའི་སྐྱེས་པ་ཞིག་ལ་རུབ་རྡུང་བྱས་ནས་བསད་རྗེས། རྒྱ་གར་ཉེན་རྟོག་པས་ཉེས་ཅན་པ་ལྔ་འཛིན་བཟུང་བྱས་འདུག
རྒྱ་གར་ཤར་ཕྱོགས་མངའ་སྡེ་ཇཱར་ཁན (Jharkhand) ནང་མིང་ལ་ཐཱབ་ཟི-ཨན་སི་རི (Tabrez Ansari) ཟེར་ཞིང་ལོ་ན་༢༤ སོན་པའི་སྐྱེས་པ་ཞིག་ལ་མི་མང་གིས་སྦག་སྦག་བརྐུས་པའི་ཉེས་འཛུགས་ཀྱིས་ཉེས་རྡུང་བཏང་ནས་ཉིན་མང་པོ་འདས་རྗེས། སྐྱེས་པ་དེ་འདས་གྲོངས་སུ་གྱུར་འདུག
སྐྱེས་པ་དེས་ཚེ་ཐར་གཏོང་བའི་ཞུ་བ་བྱེད་པ་དང་། ཁོ་ལ་བཙན་གྱིས་ཧིན་དྷུའི་ལྷ་ཡི་བསྟོད་དབྱངས་འདོན་དུ་བཅུག་པའི་བརྙན་ཐུང་ཞིག་སྤྱི་ཚོགས་དྲྭ་ལམ་ཁག་ཏུ་རྒྱ་ཆེར་བརྒྱུད་སྤེལ་བྱས་འདུག
ཁོའི་ནང་མིས་ཁོ་ལ་རྨས་སྐྱོན་ཕོག་ཡོད་ཀྱང་ཉེན་རྟོག་པས་སྨན་བཅོས་བྱེད་དུ་བཅུག་མེད་ཚུལ་སྨྲས་འདུག་ལ། ཆུང་མ་ཤཱ་ཧི་སི་ཏཱ-ཕར་ཝིན་(Shahista Parveen) གྱིས་བྷི་བྷི་སི་གསར་ཁང་ལ་མོའི་ཁྱོ་ག་མཚན་གང་བོར་གློག་གདོང་ལ་བཏགས་ནས་བཞག་ཅིང་། ཕྱི་ཉིན་ཞོགས་པ་གཞི་ནས་ཉེན་རྟོག་པར་རྩིས་སྤྲོད་བྱས་པ་དང་། དེ་ནས་ཉེན་རྟོག་པས་ཁོ་རྐུན་མའི་ཉེས་མིང་འོག་འཛིན་བཟུང་བྱས་འདུག
ཉེས་རྡུང་ཕོག་ནས་ཉིན་བཞི་ཕྱིན་པའི་རྗེས་སུ་ཁོ་སྨན་ཁང་དུ་ཁྱེར་བ་དང་། ཆུང་མས་ཁོས་ཧིན་དྷུའི་ལྷ་ཡི་བསྟོད་དབྱངས་སྐྱོར་བའི་ཁས་ལེན་མ་བྱས་པའི་རྗེས་སུ་ཉེས་རྡུང་རག་པའི་ཚུལ་བརྗོད་འདུག
མངའ་སྡེའི་ཉེན་རྟོག་པས་མ་རུང་བ་བྱས་པར་ཁས་བླངས་མེད་པ་དང་། འདས་པའི་ལོ་ཤས་ནང་མངའ་སྡེ་དེ་གའི་ནང་རུབ་གསོད་ཀྱི་གནས་ཚུལ་གཅིག་མིན་ལྷགས་འདུག །
གསར་འགོད་པ། དཀོན་མཆོག་རབ་བརྟན།