རྒྱ་གར་གྱི་གསར་འགོད་རང་དབང་ཉམས་བཞིན་འདུག

ཟླ་འདིའི་ཚེས་༣ ཉིན་(NEWSROOM POST) ཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། འཛམ་གླིང་གསར་འགོད་རང་དབང་གི་ཉིན་མོ་དེ་ནི་ཕྱི་ལོ་༡༩༩༣ ཟླ་བ་༥ ཚེས་༣ ཉིན་མཉམ་སྦྲེལ་རྒྱལ་ཁབ་ཀྱི་ཤེས་ཡོན་དང་། རིག་གཞུང་། ཚན་རིག་བཅས་ཀྱི་ལྷན་ཚོགས་ཀྱིས་གཏན་འབེབས་བྱས་ཡོད་པ་པ་རེད།

ཟླ་འདིའི་ཚེས་༣ ཉིན་(NEWSROOM POST) ཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། འཛམ་གླིང་གསར་འགོད་རང་དབང་གི་ཉིན་མོ་དེ་ནི་ཕྱི་ལོ་༡༩༩༣ ཟླ་བ་༥ ཚེས་༣ ཉིན་མཉམ་སྦྲེལ་རྒྱལ་ཁབ་ཀྱི་ཤེས་ཡོན་དང་། རིག་གཞུང་། ཚན་རིག་བཅས་ཀྱི་ལྷན་ཚོགས་ཀྱིས་གཏན་འབེབས་བྱས་ཡོད་པ་པ་རེད།

 གསར་འགོད་བརྒྱུད་ལམ་ཁག་ནི་མང་གཙོའི་ཀ་བ་བཞི་པ་དེ་ཡིན་ཞིང་གསར་འགོད་པ་རྣམས་ཀྱིས་རང་ཉིད་ཀྱི་ཚེ་སྲོག་གི་ཉེན་ཁ་ལ་མ་འཛེམས་པར་གནས་སྟངས་སྣ་ཚོགས་ཀྱི་ཁྲོད་ནས་དངོས་ཡོད་ཀྱི་གནས་ཚུལ་ཕྱི་རུ་གསལ་སྟོན་བྱེད་ཀྱི་ཡོད་པར་བརྟེན། ཁོང་ཚོའི་ལས་དོན་ལ་ངོས་འཛིན་དང་བསྔགས་བརྗོད་ཀྱི་དོན་དུ་ལོ་ལྟར་ཟླ་བ་༥ པའི་ཚེས་༣ ཉིན་འཛམ་གླིང་གསར་འགོད་རང་དབང་གི་ཉིན་མོ་སྲུང་བརྩི་ཞུ་ཡི་ཡོད་པའི་གནས་ཚུལ་སྤེལ་འདུག

རྒྱ་གར་དུས་བབ་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། པ་ཀི་སི་ཐན་གྱི་རྒྱལ་ཁབ་ནི་གསར་འགོད་པ་ཚོ་ལ་ཉེན་ཁ་ཆེ་ཤོས་འཕྲད་སའི་རྒྱལ་ཁབ་ཨང་ལྔ་པ་དེ་ཡིན་པ་མ་ཟད། རྒྱལ་ཁབ་དེའི་ནང་དུ་གསར་འགོད་པ་ལ་འཐབ་རྒོལ་དང་གནོད་ཚེ་གཏོང་མཁན་དག་ལ་ཉེས་ཆད་གཅོད་ཀྱི་མེད་པའི་སྐོར་དང་།  དེ་བཞིན་པ་ཀི་སི་ཐན་གྱི་རྒྱལ་ཁབ་ཏུ་ཕྱི་ལོ་༡༩༩༠ ནས་༢༠༢༠ བར་གསར་འགོད་པ་༡༣༨ ཀྱི་ཚེ་སྲོག་ཤོག་ཡོད་པའི་གནས་ཚུལ་ཡང་སྤེལ་འདུག

རྒྱ་ནག་ནང་དུ་ཡང་གསར་འགོད་རང་དབང་ཆུང་ཆུང་ཡིན་པ་དང་། དམིགས་བསལ་ཏོག་དབྱིབས་ནད་ཡམས་ཀྱི་སྐབས་གསར་འགོད་རང་དབང་ལ་དམ་དྲག་བྱས་ཏེ། པེ་ཅིང་ནས་གསར་འགོད་པ་ཕྱིར་སློག་བྱས་པ་མ་ཟེར། ཕྱི་རྒྱལ་གྱི་གསར་ཁང་ཁག་ལ་ཡང་འཐབ་རྒོལ་བྱས་ཡོད་པ་རེད།

དེ་བཞིན་(Scroll) ཞེས་པའི་གསར་ཁང་གིས་དྲ་ངོས་སུ་ད་ལྟའི་ཆར་འཛམ་གླིང་གི་མང་གཙོ་རྒྱལ་ཁབ་ཆེ་ཤོས་སུ་འདོད་པའི་རྒྱ་གར་གྱི་ནང་དུ་ཡང་གསར་འགོད་རང་དབང་དེ་ཉམས་བཞིན་པ་དང་། ལོ་འདིའི་ཟླ་བ་དང་པོའི་ནང་དུ་གསར་འགོད་པ་གཅིག་གི་ཚེ་སྲོག་ཤོར་ཡོད་པ་དང་། གསར་འགོད་པ་༡༣ ཞིག་ད་དུང་ཡང་བཙོན་ཁང་དུ་ཡོད་པའི་གནས་ཚུལ་སྤེལ་འདུག

 (JAGRAN English ) ཞེས་པའི་གསར་ཁང་གིས་དྲ་ཐོག་ཏུ། རྒྱ་གར་རང་བཙན་འཐབ་རྩོད་བྱེད་པའི་སྐབས་སུ་གསར་འགོད་བརྒྱུད་ལམ་ཁག་གིས་རྒྱ་གར་གྱི་གནས་སྟངས་ཕྱིར་མངོན་པ་དང་། རྒྱ་གར་དབྱིན་ཇི་སྲིད་གཞུང་གི་གདུག་རྩུབ་ཅན་དང་དབྱེ་འབྱེད་ཅན་གྱི་སྲིད་བྱུས་མཐའ་དག་གསལ་ཁ་བཏོན་པ་མ་ཟད། རྒྱ་གར་གྱི་རང་བཙན་འཐབ་རྩོད་པ་གྷན་དྷི་དང་ནེ་རུ་སོགས་ཀྱིས་ཀྱང་གསར་ཤོག་ཐོག་བསམ་ཚུལ་སྣ་མང་བྲིས་པ་བཅས་གསར་འགོད་བརྒྱུད་ལམ་ཁག་གིས་ནུས་པ་ཆེན་མོ་ཐོན་ཡོད་པའི་གནས་ཚུལ་སྤེལ་འདུག

གཞན་ཡང་བྱང་ཆིངས་རྩ་འཛུགས་ཀྱི་དྲ་ངོས་སུ། རང་དབང་ཅན་གྱི་གསར་འགོད་བརྒྱུད་ལམ་ཁག་གིས་ང་ཚོས་འཛམ་གླིང་ལ་རྒྱུས་ལོན་བྱེད་པར་རམ་འདེགས་བྱེད་ཀྱི་ཡོད་པས། རང་དབང་ཅན་གྱི་སྤྱི་ཚོགས་ནང་དུ་གསར་འགོད་ཀྱི་རང་དབང་ནི་གལ་ཆེན་ཞིག་ཡིན་པ་དང་། བྱང་ཆིངས་རྩ་འཛུགས་ཀྱི་རིན་ཐང་འཛིན་ས་གཙོ་བོ་དག་ནི་མང་གཙོ་དང་རང་དབང་། ཁྲིམས་ཀྱི་དབང་བསྒྱུར་བཅས་ཡིན་པས་གསར་འགོད་པ་རྣམས་ཀྱིས་དེ་དག་མི་ཉམས་རྒྱུད་འཛིན་བྱེད་པར་རོགས་པ་བྱེད་ཀྱི་ཡོད་ཅེས་བརྗོད་ཡོད་པའི་གནས་ཚུལ་བཀོད་འདུག

རྒྱལ་སྤྱིའི་གསར་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ད་ལྟའི་ཆར་གསར་འགོད་པ་ལ་རང་དབང་དང་བདེ་འཇགས་ཆེ་ཤོས་ཡོད་སའི་རྒྱལ་ཁབ་ནི་ནོར་ཝེ་དང་ཌན་མག་སོགས་རེད་འདུག་ལ། གསར་འགོད་པའི་རང་དབང་དང་ཉེན་ཁ་ཆེ་ཤོས་ཡོད་སའི་རྒྱལ་ཁབ་ནི་འབར་མ་དང་། ཨེ་རན། བྱང་ཀོ་རི་ཡ་བཅས་ཡིན་པའི་གནས་ཚུལ་སྤེལ་འདུག །

གསར་འགོད་པ་བློ་བཟང་རྒྱ་མཚོ།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།