རྒྱ་གར་རང་བཙན་ཉིན་མོ་སྲུང་བརྩི།
ཟླ་འདིའི་ཚེས་༡༥ ཉིན་བོད་མིའི་སྒྲིག་འཛུགས་བཀའ་ཤག་ལས་ཁུངས་ཀྱི་མདུན་དུ་སྲིད་སྐྱོང་བློ་བཟང་སེང་གེས་དབུས་གཞུང་གི་མཛད་གཙོ་རྣམས་པ་མཉམ་ཞུགས་ཐོག རྒྱ་གར་གྱི་རང་བཙན་ཉིན་མོ་སྲུང་བརྩི་ཞུས་སོང།
ཟླ་འདིའི་ཚེས་༡༥ ཉིན་བོད་མིའི་སྒྲིག་འཛུགས་བཀའ་ཤག་ལས་ཁུངས་ཀྱི་མདུན་དུ་སྲིད་སྐྱོང་བློ་བཟང་སེང་གེས་དབུས་གཞུང་གི་མཛད་གཙོ་རྣམས་པ་མཉམ་ཞུགས་ཐོག རྒྱ་གར་གྱི་རང་བཙན་ཉིན་མོ་སྲུང་བརྩི་ཞུས་སོང།
ཐོག་མར་ཆུ་ཚོད་༩ པའི་སྟེང། སྲིད་སྐྱོང་གིས་རྒྱ་གར་གྱི་རྒྱལ་དར་བསྒྲེངས་འཛུགས་གནང་བ་དང། དེའི་རྗེས་ཁོང་གིས། “རྒྱ་གར་ལུང་པ་དེ་ཉིད་དབྱིན་ཇིའི་འོག་ནས་རང་བཙན་ཐོབ་པ་ནས་བཟུང། ད་བར་ཡར་རྒྱས་ཤིན་ཏུ་ཆེན་པོ་ཕྱིན་ཡོད་པ་དེར་བཀྲ་ཤིས་བདེ་ལེགས་དང་དགའ་བསུ་ཞུ་རྒྱུ་ཡིན། རྒྱ་གར་གཞུང་གིས་སྔ་ཕྱི་མེད་པར། བོད་པར་རྒྱབ་སྐྱོར་དང་རོགས་རམ་གྲངས་མེད་བྱས་ཡོད་པས་བཀའ་དྲིན་ཆེན་པོ་ཚོར་གྱི་ཡོད་པ་དང། དེ་བཞིན་དེང་སང་རྒྱ་གར་སྟོབས་ཆེན་གྱི་རྒྱལ་ཁབ་ཅིག་ཏུ་གྱུར་ཡོད་པར། ང་རང་དགའ་སྤོབས་ཡོད། དེ་བཞིན་ཉིན་ཞིག་ང་ཚོ་ཡང་མྱུར་དུ་རང་ཉིད་ཀྱི་རྒྱལ་དར་དེ་ཕོ་བྲང་པོ་ཏཱ་ལའི་མདུན་དུ་བསྒྲེངས་ཐུབ་པའི་རེ་བ་དང་སྨོན་འདུན་ཡོད་”ཅེས་གསུངས་སོང།
སྲིད་སྐྱོང་མཆོག་ལོ་རེར་བཞིན། དེ་རིང་ཡང་ཆུ་ཚོད་༡༡ཐོག་རྡ་སའི་ཀ་ཅཱ་རིའི་ཉེན་རྟོག་པའོ་ཐང་ཆེན་དུ་། གདན་ཞུ་ལྟར་རྒྱ་གར་རང་བཙན་ཉིན་མོ་སྲུང་བརྩི་བྱེད་པར་འགྲོ་རྒྱུ་རེད་འདུག
གསར་འགོད་པ་སྐལ་བཟང་དོན་གྲུབ།