རྒྱ་དཀར་ནག་གི་དམག་མི་བར་གདོང་ཐུག་བྱུང་ཡོད་འདུག

ཟླ་འདིའི་ཚེས་༡༣ ཉིན་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་དཀར་ནག་གཉིས་ཀྱི་དམག་མི་བར་གདོང་ཐུག་བྱུང་ནས་རྒྱ་གར་གྱི་དམག་མི་དྲུག་ལ་རྨས་སྐྱོན་ཕོག་ཡོད་པའི་གནས་ཚུལ་ཐོན་འདུག

ཟླ་འདིའི་ཚེས་༡༣ ཉིན་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་དཀར་ནག་གཉིས་ཀྱི་དམག་མི་བར་གདོང་ཐུག་བྱུང་ནས་རྒྱ་གར་གྱི་དམག་མི་དྲུག་ལ་རྨས་སྐྱོན་ཕོག་ཡོད་པའི་གནས་ཚུལ་ཐོན་འདུག

ཟླ་འདིའི་ཚེས་༩ ཉིན་རྒྱ་ནག་གི་དམག་མི་༣༠༠ ལྷག་ངེས་གཏན་གྱི་ས་མཚམས་(Line of Actual Control) སུ་ཧམ་འཛུལ་བྱས་པར་བརྟེན། རྒྱ་གར་གྱི་བྱང་ཤར་མངའ་སྡེ་ཨ་རུ་ན་ཅལ་ནང་གི་རྟ་དབང་ཞེས་པའི་ས་གནས་སུ་རྒྱ་དཀར་ནག་གཉིས་ཀྱི་དམག་མི་བར་གདོང་ཐུག་བྱུང་ཡོད་པ་དང་། སྐབས་དེར་རྒྱ་གར་གྱི་དམག་མི་༦ ལ་རྨས་སྐྱོན་ཕོག་ནས་ད་ལྟ་སྨན་ཁང་དུ་ལུས་ཡོད་འདུག་ལ། རྒྱ་ནག་གི་དམག་མི་ཚོ་ལ་རྨས་སྐྱོན་ཕོག་ཡོད་ཀྱང་། རྒྱ་ནག་གཞུང་གིས་དམག་མི་ག་ཚོད་ལ་རྨས་སྐྱོན་ཕོག་ཡོད་པ་སོགས་ཀྱི་གནས་ཚུལ་གང་ཡང་ཕྱི་བསྒྲགས་བྱས་མེད་པ་རེད་འདུག

ཨ་རུ་ན་ཅལ་མངའ་སྡེའི་ཤར་ཕྱོགས་ཀྱི་གྲོས་ཚོགས་འཐུས་མི་རྟ་པེར་གྷོ་(Tapir Gao) ཡིས་རྒྱ་དམག་གི་བྱ་སྤྱོད་ལ་སྐྱོན་བརྗོད་བྱས་ཡོད་པ་མ་ཟད། མ་འོངས་པ་གནས་ཚུལ་དེའི་རིགས་བྱུང་ཚེ་ཕྱོགས་གཉིས་ཀྱི་འབྲེལ་བ་ལ་དཀའ་ངལ་འཕྲད་སྲིད་པ་དང་། ལྷག་པར་དུ་ཐེངས་འདིའི་གདོང་ཐུག་ཁྲོད་རྨས་སྐྱོན་ཕོག་མཁན་རྒྱ་གར་གྱི་དམག་མི་ལས་རྒྱ་ནག་གི་དམག་མི་མང་པ་ཡོད་རབས་གོ་ཐོས་བྱུང་ཞེས་བརྗོད་ཡོད་པའི་གནས་ཚུལ་ཐོན་འདུག

ཕྱི་ལོ་༢༠༢༠ ཟླ་བ་༦ པའི་ནང་ལ་དྭགས་ཕྱོགས་ཀྱི་ས་མཚམས་སུ་རྒྱ་དཀར་ནག་གཉིས་ཀྱི་དམག་མི་བར་དྲག་པོའི་གདོང་ཐུག་བྱུང་ནས་རྒྱ་ནག་གི་དམག་མི་༤༣ དང་རྒྱ་གར་གྱི་དམག་མི་༢༠ ཡི་ཚེ་སྲོག་ཤོར་ཡོད་པའི་གནས་ཚུལ་ཐོན་ཡོད། དུས་དེ་ནས་བཟུང་ཕྱོགས་གཉིས་ཀས་ས་མཚམས་ཁུལ་དུ་ཞི་འགྲིག་ཡོང་ཐབས་བྱས་ཡོད་ན་ཡང། ཟླ་འདིའི་ཚེས་༩ ཉིན་ཕྱོགས་གཉིས་ཀྱི་དམག་མིའི་བར་སླར་ཡང་གདོང་ཐུག་བྱུང་ཡོད་འདུག་ལ། ཕྱི་ལོ་༢༠༢༠ ནས་ད་བར་གདོང་ཐུག་བྱུང་བ་ཐོག་མ་དེ་ཆགས་ཡོད་པའི་གནས་ཚུལ་ཐོན་འདུག།

གསར་འགོད་པ། བློ་བཟང་རྒྱ་མཚོ།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།