རྒྱ་ནག་གི་གཞུང་ཚབ་པ་དབྱིན་ཇིའི་གྲོས་ཚོགས་སུ་ཡོང་མི་ཆོག་པ་བཟོས་འདུག 

རྒྱ་ནག་གིས་དབྱིན་ཇིའི་གྲོས་ཚོགས་འཐུས་མི་མང་པོ་ཞིག་ལ་ཉེས་ཆད་བཅད་ཡོད་པར་བརྟེན། དབྱིན་ཇིའི་གྲོས་ཚོགས་ཀྱིས་རྒྱ་ནག་གི་གཞུང་ཚབ་པ་དབྱིན་ཇིའི་གྲོས་ཚོགས་སུ་བཅར་མི་ཆོག་པའི་ཐག་གཅོད་བྱས་ཡོད་འདུག

རྒྱ་ནག་གིས་དབྱིན་ཇིའི་གྲོས་ཚོགས་འཐུས་མི་མང་པོ་ཞིག་ལ་ཉེས་ཆད་བཅད་ཡོད་པར་བརྟེན། དབྱིན་ཇིའི་གྲོས་ཚོགས་ཀྱིས་རྒྱ་ནག་གི་གཞུང་ཚབ་པ་དབྱིན་ཇིའི་གྲོས་ཚོགས་སུ་བཅར་མི་ཆོག་པའི་ཐག་གཅོད་བྱས་ཡོད་འདུག

རྒྱ་ནག་གི་དབྱིན་ཡུལ་གྱི་གཞུང་ཚབ་པ་ཧྲན་ཧྲ་གྷོན་(Zheng Zeguang) དེ་རིང་རེས་རེས་གཟའ་ལྷག་པའི་ཉིན་དབྱིན་ཇིའི་གྲོས་ཚོགས་ཀྱི་མཛད་སྒོ་ཞིག་ལ་བཅར་གཏན་ཁེལ་ཡོད་འདུག་ཀྱང་། དབྱིན་ཇིའི་གྲོས་ཚོགས་འཐུས་མི་འགས་དེ་ལ་ངོ་རྒོལ་ཤུགས་ཆེན་བྱས་པའི་རྗེས། གྲོས་ཚོགས་གོང་འོག་གཉིས་ཀའི་ཚོགས་གཙོས་རྒྱ་ནག་གི་གཞུང་ཚབ་པ་གྲོས་ཚོགས་སུ་ཡོང་མི་ཆོག་པའི་ཐག་གཅོད་བྱས་ཡོད་འདུག 

ཐེངས་འདིའི་ཐག་གཅོད་དེ་དབྱིན་རྒྱ་རྒྱལ་ཁབ་གཉིས་ཀྱི་བར་དུ་འགལ་བ་ཤུགས་ཆེ་བའི་དུས་སྐབས་འདིར་བྱུང་བ་ཞིག་ཡིན་འདུག་སྟེ། ད་ལོའི་ཕྱི་ཟླ་༣ པའི་ནང་དབྱིན་ཇིས་ཤར་ཏུར་ཀི་སི་ཐན་དུ་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་མཁན་གྱི་རྒྱའི་དཔོན་པོ་རྣམས་ལ་ཉེས་ཆད་བཅད་པའི་ལན་དུ། རྒྱ་ནག་གིས་དབྱིན་ཇིའི་གྲོས་ཚོགས་འཐུས་མི་ལྔས་མཚོན་པའི་མི་སྣ་དགུ་ལ་ཉེས་ཆད་བཅད་ཡོད།

དབྱིན་ཇིར་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གིས་དབྱིན་ཇིའི་གྲོས་ཚོགས་ཀྱི་ཐག་གཅོད་དེ་ནི་རྒྱལ་ཁབ་གཉིས་ཀའི་ཁེ་ཕན་ལ་གནོད་པའི་“སྡར་མའི་”བྱ་སྤྱོད་ཅིག་ཡིན་པའི་སྐྱོན་བརྗོད་བྱས་ཡོད་འདུག 

ཐོག་མའི་འཆར་གཞི་ལྟར་ན། དེ་རིང་རེས་གཟའ་ལྷག་པའི་ཉིན་རྒྱ་ནག་གི་གཞུང་ཚབ་པ་རྒྱ་ནག་ལ་ཕྱོགས་པའི་གྲོས་ཚོགས་ཀྱི་ཚོགས་པ་ཞིག་(the ALL-Party Parliamnentary Group) གིས་གོ་སྒྲིག་བྱས་པའི་ཚོགས་འདུ་ཞིག་ལ་བཅར་གཏན་འཁེལ་ཡོད་འདུག་ན་ཡང། བདུན་ཕྲག་གོང་མར་གྲོས་ཚོགས་འཐུས་མི་འགས་ཚོགས་གཙོ་ལ་ཞུ་ཡིག་ཕུལ་ནས་གནས་ཚུལ་དེར་ངོ་རྒོལ་བྱས་ཡོད་འདུག 

ཞུ་ཡིག་འབུལ་མཁན་གྱི་གྲོས་ཚོགས་འཐུས་མི་ཚོས། རྒྱ་ནག་གཞུང་གིས་དབྱིན་ཇིའི་གྲོས་ཚོགས་ལ་ཐད་ཀར་རྒོལ་རྡུང་བྱས་ཡོད་ན་ཡང་། རྒྱ་ནག་གི་ཚབ་མཚོན་མི་སྣ་གཙོ་བོ་དེ་རང་དབང་ངང་དབྱིན་ཇིའི་གྲོས་ཚོགས་ཀྱི་ཚོགས་ཁང་དུ་ཡོང་ནས་གྲོས་ཚོགས་ཀྱི་སྡིངས་ཆ་རྒྱ་ནག་གཞུང་གི་ཆེད་དུ་བེད་སྤྱོད་གཏོང་བ་དེ་“བསམ་ཡུལ་ལས་འདས་པ་”ཞིག་རེད་ཅེས་ངོ་རྒོལ་བྱས་ཡོད་འདུག 

དབྱིན་ཇིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ལིན་སེ-ཧོལ་(Lindsay Hoyle) ཡིས་ཐེངས་འདིའི་ཐག་གཅོད་དེ་གཏན་གྱི་ཐག་གཅོད་ཅིག་མིན་པར། གལ་སྲིད་རྒྱ་ནག་གིས་དབྱིན་ཇིའི་གྲོས་ཚོགས་འཐུས་མི་རྣམས་ལ་བཞག་པའི་ཉེས་ཆད་ཕྱིར་འཐེན་བྱས་པ་ཡིན་ན། རྒྱ་ནག་གི་གཞུང་ཚབ་པ་གྲོས་ཚོགས་སུ་ཡོང་ཆོག་མིན་དེ་གནད་དོན་ཞིག་ཆགས་མི་སྲིད་པའི་འགྲེལ་བརྗོད་བྱས་ཡོད་འདུག ། 

གསར་འགོད་པ་དཀོན་མཆོག་རབ་བརྟན། 

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།