རྒྱ་ནག་གི་དཔལ་འབྱོར་བློན་ཆེན་གནས་དབྱུང་།
ཟླ་འདིའི་ཕྱི་ཚེས་༧ ཉིན་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་གི་དཔལ་འབྱོར་བློན་ཆེན་ལོའུ་ཅི་ཝི་(Lou Jiwei) དཔལ་འབྱོར་བློན་ཆེན་གྱི་ལས་གནས་ནས་གནས་དབྱུང་བཏང་ཡོད་པ་རེད།
ཟླ་འདིའི་ཕྱི་ཚེས་༧ ཉིན་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་གི་དཔལ་འབྱོར་བློན་ཆེན་ལོའུ་ཅི་ཝི་(Lou Jiwei) དཔལ་འབྱོར་བློན་ཆེན་གྱི་ལས་གནས་ནས་གནས་དབྱུང་བཏང་ཡོད་པ་རེད།
དཔྱ་ཁྲལ་བསྡུ་ལེན་གྱི་འགོ་གཙོ་ཟུར་པ་ཞོའུ་ཇི་(Xiao Jie)གསར་དུ་དཔལ་ བྱོར་བློན་ཆེན་དུ་བསྐོ་བཞག་བྱས་པ་དང་། རྒྱུ་མཚན་ཅི་ཞིག་ལ་བརྟེན་ནས་ལོའུ་ཅི་གནས་དབྱུང་བཏང་བ་དང་། རྗེས་སུ་ལས་གནས་ཅི་ཞིག་ལ་འཇོག་དགོས་མིན་སོགས་གསལ་ཁ་གང་ཡང་མེད་པ་རེད་འདུག
འོན་ཀྱང་། དཔྱད་བརྗོད་པ་དང་སྲིད་ཇུས་སློབ་སྟོན་པ་རྣམས་ཀྱིས་འདི་ལོར་ལོའུ་ཅི་རང་ལོ་༦༥ ལ་སོན་གྱི་ཡོད་རྐྱེན་བགྲེས་ཡོལ་ཞུ་དགོས་པས། རྒྱུ་མཚན་དེ་ཡིན་པར་བསྙད་ཀྱི་ཡོད་འདུག རང་ལོ་༦༥ ལ་སོན་པའི་ལོའུ་ཅི་ནི། ཉེ་བའི་མི་ལོ་༢༥ ནང་རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་ཀྱི་གོམས་སྟབས་ཆེས་ཚད་དམའ་ཤོས་དང་། བརྟན་རླིང་མེད་པའི་དུས་སུ་དཔལ་འབྱོར་བློན་ཆེན་གྱི་ལས་གནས་སུ་འཁོད་པ་ཞིག་ཡིན་ཚུལ་འདུག་ལ། ཡང་ཁོང་ནི་རྒྱ་ནག་ནང་ས་གནས་གཞུང་གིས་བུ་ལོན་ཆེན་པོ་ཞིག་བཟོས་ཡོད་པ་དེ་ཁ་གསབ་བྱེད་པར་འབད་བརྩོན་ཤུགས་ཆེན་བྱེད་མཁན་ཞིག་ཏུ་ཡང་ངོས་འཛིན་བྱེད་ཀྱི་ཡོད་འདུག དཔལ་འབྱོར་བློན་ཆེན་ལ་གསར་དུ་བསྐོ་བཞག་བྱས་པའི་ཞོའུ་ཇི་ནི། སྲིད་བློན་ལི་ཁེ་ཆིང་དང་འབྲེལ་བ་དམ་ཟབ་ཡོད་པ་ཞིག་ཡིན་ཁར། ཕྱི་ལོ་༢༠༠༧ ནས་༢༠༡༣ བར་དཔྱ་ཁྲལ་བསྡུ་ལེན་གྱི་འགན་འཛིན་ཡིན་འདུག
རྒྱ་ནག་གཞུང་གིས་ཕྱི་ལོ་༢༠༡༨ ལོ་འགོ་ནས་རྒྱ་ནག་ནང་ས་ཁང་གི་དཔྱ་ཁྲལ་བསྡུ་ལེན་བྱ་རྒྱུ་ཡིན་སྐོར་བརྗོད་ཡོད་པ་དང་། དེ་ཡང་ཞོའི་ཇི་ནི་དཔྱ་ཁྲལ་བསྡུ་ལེན་གྱི་ཉམས་མྱོང་ལྡན་པ་ཡིན་པས། ཁོའི་བློན་ཆེན་ཁང་གིས་རྒྱ་ནག་གཞུང་ལ་གཞུང་ཁྲལ་དངུལ་བབ་ཀྱི་སྲིད་ཇུས་གསར་བཟོ་དང་། གཞུང་ལ་དཔྱ་ཁྲལ་གྱི་དངུལ་བབ་ཡུན་གནས་ཐོབ་པ་ཞིག་ཡོང་རྒྱུར་གྲུབ་འབྲས་ཐོན་སྲིད་པ་རེད་འདུག
གསར་འགོད་པ་བཀྲ་ཤིས་དོན་གྲུབ།