རྒྱ་ནག་གི་ཕྱི་སྲིད་བློན་ཆེན་རྒྱ་གར་དུ་སླེབས་སྐབས་བོད་མི་ཚོས་ངོ་རྒོལ་བྱས་འདུག 

ཟླ་༣ པའི་ཚེས་༢༥ ཉིན་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡཱེ་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་སླེབས་པའི་སྐབས་སུ། བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་འགུལ་བ་བདུན་གྱིས། རྒྱ་ནག་དང་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་བར་ཚོགས་འདུ་འཚོགས་ཡུལ་གྱི་ཕྱི་ལོགས་སུ་ཞི་བའི་སྐད་འབོད་ཀྱི་ལས་འགུལ་སྤེལ་འདུག་པ་དང་། སྐབས་དེར་གསར་འགྱུར་བརྒྱུད་ལམ་ཁག་མང་པོ་ཞིག་སླེབས་ཡོད་འདུག་ལ། རྗེས་སུ་ལས་འགུལ་བ་རྣམས་ཉེན་རྟོག་ཁང་དུ་བཀག་ཉར་འོག་བཞག་འདུག 

རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡཱེ་ཡིས་ཐོག་མར་དབང་ཤུགས་ཆེ་བའི་རྒྱ་གར་གྱི་བདེ་སྲུང་སློབ་སྟོན་པ་ཨཱ་ཇིཌ་ཌོ་ཝལ་དང་ཐུག་འཕྲད་བྱས་ཡོད་འདུག་པ་དང་། དེའི་རྗེས་སུ་རྒྱ་གར་དབུས་གཞུང་གི་ཕྱི་སྲིད་བློན་ཆེན་སཱུ་བྷེ་ར་མན་ཡམ་ཇཱེ་ཤན་ཀར་དང་ཐུག་འཕྲད་ཀྱིས་གནད་དོན་ཁག་ཅིག་ཐོག་གྲོས་མོལ་བྱས་ཡོད་པ་རེད། 

དེ་ཡང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གྱི་སྐོར་སྐྱོད་དེ་ནི་གློ་བུར་དུ་ཐག་གཅོད་བྱས་པ་ཞིག་ཡིན་འདུག་པ་དང་། བརྒྱུད་ལམ་ཁག་ཏུ་སྤེལ་བའི་གནས་ཚུལ་ལ་གཞིགས་ན། ཁོང་གི་དམིགས་ཡུལ་གཙོ་བོ་ནི་ཨུ་རུ་སུས་ཡུག་ཀེ་རན་ནང་གི་བཙན་འཛུལ་དང་འབྲེལ་ནས། ཨེ་ཤི་ཡའི་མངའ་ཁུལ་གྱི་གནས་སྟངས་དང་འབྲེལ་ནས་གྲོས་མོལ་བྱེད་ཆེད་ཡིན་འདུག དེ་ཡང་ད་ལྟའི་ཆར་ཨ་རི་གཙོས་པའི་ཡུ་རོབ་རྒྱལ་ཁབ་ཁག་གིས་ཨུ་རུ་སུར་སྐྱོན་བརྗོད་དང་དཔལ་འབྱོར་ཉེས་ཆད་གཏོང་བཞིན་ཡོད་ཀྱང་། རྒྱ་ནག་གིས་ཨུ་རུ་སུར་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་དང་། རྒྱ་གར་གྱིས་གནོན་ཤུགས་ཡོད་མེད་ལ་མ་ལྟོས་པར་ཨུ་རུ་སུའི་བྱ་སྤྱོད་ལ་སྐྱོན་བརྗོད་ཀྱི་རྣམ་པ་སྟོན་གྱི་མེད་པ་རེད།

རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ཇཱེ་ཤན་ཀར་གྱིས་ཕྱོགས་གཉིས་བར་གྱི་ཐུག་འཕྲད་དེ་ཆུ་ཚོད་གསུམ་ཙམ་འགོར་ཡོད་པ་དང་། གནད་དོན་མང་པོ་ཞིག་གི་ཐོག་སྦས་གསང་མེད་པར་གླེང་སློང་བྱས་ཡོད་པ། ས་མཚམས་ཀྱི་གནད་དོན་དང་། རྒྱ་ནག་ནང་དུ་སློབ་གཉེར་བྱེད་བཞིན་པའི་རྒྱ་གར་གྱི་མཐོ་རིམ་སློབ་མ་རྣམས་ཕྱིར་རྒྱ་ནག་ཏུ་ཡོང་མི་འཇུག་པའི་གནད་དོན། ཨབ་གྷ་ནི་སེ་ཐན་དང་། ཡུག་ཀེ་རན་སོགས་ཀྱི་གནད་དོན་ཐད་གླེང་སློང་བྱུང་སྐོར་བརྗོད་འདུག 

ཕྱོགས་གཉིས་བར་ཧིན་བོད་ས་མཚམས་དང་འབྲེལ་ནས་རྩོད་རྙོག་འགྲོ་བཞིན་ཡོད་ཁར། རྒྱ་གར་གྱིས་རྒྱ་ནག་གི་མཉེན་ཆས་མང་པོ་ཞིག་བཀག་སྡོམ་བྱས་ཡོད་པ་རེད་དེ། ལོ་སྔོན་མའི་ལོ་ཕྱེད་ཀྱི་ཚོང་འབྲེལ་སྙན་ཐོ་ལ་གཞིགས་ན། ལོ་སྔོན་མ་དང་བསྡུར་ན་ཕྱོགས་གཉིས་བར་གྱི་ཚོང་འབྲེལ་བརྒྱ་ཆ་༦༣ འཕར་ཡོད་པ་རེད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ། 

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།