རྒྱ་ནག་གིས་ཁ་ཆེའི་མི་མང་ལ་དྲག་གནོན་བྱེད་བཞིན་པ་དེ་ཁ་ཆེའི་རྒྱལ་ཁབ་ཁག་གིས་འགེབ་སྲུང་བྱས། 

བདུན་ཕྲག་གོང་མར་ཉི་ཧོང་དང་དབྱིན་ཇིས་གཙོས་པའི་རྒྱལ་ཁབ་༢༢ གྱིས་མཉམ་འབྲེལ་ཐོག་ནས་རྒྱ་ནག་གིས་ཤིན་ཅང་དང་གྲངས་ཉུང་མི་རིགས་གཞན་ལ་དྲག་གནོན་བྱེད་བཞིན་པར་སྐྱོན་བརྗོད་བྱས་ཡོད་པ་དང་། དེ་ནི་འཛམ་གླིང་སྤྱིའི་ངོ་བོའི་ཐོག་ནས་རྒྱ་ནག་གི་ཁ་གཏད་དུ་ལངས་པ་ཐོག་མ་དེ་ཆགས་ཡོད་འདུག

དཔྱད་བརྗོད་འདི་ནི་ཐྲ་མ་ར་(Tamara Qiblawi) ཡིས་ཚེས་༡༧ ཉིན་སི་ཨན་ཨན་ཐོག་ཏུ་སྤེལ་ཞིང་། དཀོན་མཆོག་རབ་བརྟན་གྱིས་ནང་དོན་སྙིང་བསྡུས་སྒྱུར་སྒྲིག་བྱས།

བདུན་ཕྲག་གོང་མར་ཉི་ཧོང་དང་དབྱིན་ཇིས་གཙོས་པའི་རྒྱལ་ཁབ་༢༢ གྱིས་མཉམ་འབྲེལ་ཐོག་ནས་རྒྱ་ནག་གིས་ཤིན་ཅང་དང་གྲངས་ཉུང་མི་རིགས་གཞན་ལ་དྲག་གནོན་བྱེད་བཞིན་པར་སྐྱོན་བརྗོད་བྱས་ཡོད་པ་དང་། དེ་ནི་འཛམ་གླིང་སྤྱིའི་ངོ་བོའི་ཐོག་ནས་རྒྱ་ནག་གི་ཁ་གཏད་དུ་ལངས་པ་ཐོག་མ་དེ་ཆགས་ཡོད་འདུག

རྒྱལ་ཁབ་དེ་དག་གིས་ཐུན་མོང་ཐོག་ནས་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་གཙོ་ལ་ཕུལ་བའི་སྙན་ཞུའི་ནང་། པེ་ཅིང་གིས་གཞི་རྒྱ་ཆེ་བའི་བཀག་ཉར་ཁང་རྣམས་དང་། ཚད་ལ་བརྒལ་བའི་ཞིབ་བཤེར་དང་དམ་དྲག་མཚམས་འཇོག་བྱས་ཏེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་སྣ་ཤིན་ཅང་ས་ཁུལ་དུ་འགྲོ་རུ་འཇུག་དགོས་ཚུལ་བཀོད་ཡོད་འདུག 

ཡིན་ན་ཡང་། ཐུན་མོང་གི་སྙན་ཞུ་དེ་བཏང་ནས་ཉིན་གཅིག་ཕྱིན་པའི་རྗེས་སུ། རྒྱལ་ཁབ་གཞན་༣༧ རྒྱ་ནག་གི་ཕྱོགས་སུ་ལངས་ཤིང་། ཤིན་ཅང་དུ་ཁ་ཆེའི་མི་མང་ས་ཡ་༢ ཙམ་བཀག་ཉར་བྱས་ཡོད་པའི་གནས་ཚུལ་དེ་རྩིས་མེད་ཀྱིས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ལ་བསྟོད་བསྔགས་ཀྱི་ཡི་གེ་བཏང་ཡོད་པ་དང་། ཡི་གེ་གཏོང་མཁན་རྒྱལ་ཁབ་དེ་དག་གི་ཁྲོད་ནས་ཕྱེད་ཀ་མ་ཟིན་ཙམ་ཞིག་པ་ཀི་སི་ཐན་དང་། སི་རི་ཡ། ཨ་རབ། སོ་དྷིའི་ཨ་རབ་བཅས་འདུས་པའི་ཁ་ཆེའི་རྒྱལ་ཁབ་ཆེ་བ་རྣམས་ཡིན་འདུག 

རྒྱལ་ཁབ་༣༧ གྱིས་བཏང་བའི་ཡི་གེའི་ནང་། ”དྲག་སྤྱོད་དང་ཐལ་ཆེའི་ལྟ་བ་ཡི་དཀའ་ངལ་ཚབས་ཆེན་འཕྲད་པས། རྒྱ་ནག་གིས་ཤིན་ཅང་དུ་ཤེས་ཡོན་ལས་རིགས་དང་། ལག་ཤེས་ལྟེ་གནས་སོགས་གསར་འཛུགས་བྱས་ཏེ་དྲག་སྤྱོད་དང་མ་རུང་ལྟ་བ་སེལ་ཐབས་ཀྱི་ལས་གཞི་རབ་དང་རིམ་པ་སྤེལ་ཡོད་”ཅེས་བྲིས་ཡོད་པ་མ་ཟད། ད་དུང་འདས་པའི་ལོ་ངོ་གསུམ་ནང་ཤིན་ཅང་དུ་དྲག་སྤྱོད་ཀྱི་རྒོལ་བ་གཅིག་ཀྱང་བྱུང་མེད་པ་དང་། མི་མང་རྣམས་འདོད་བློ་ཚིམ་ཞིང་བདེ་འཇགས་ཡིན་ཚུལ་བརྗོད་ཡོད་པས། ཡི་གེ་དེའི་བརྗོད་སྙིང་ནི་རྒྱ་ནག་གི་རྫུན་བསྒྲགས་ཀྱི་བྲག་ཅ་རང་ཡིན་འདུག 

ཁ་ཆེའི་སྤུན་ཟླའི་འདུ་ཤེས། 

འདས་པའི་ལོ་ངོ་བཅུ་ཕྲག་དུ་མའི་རིང་། ཁ་ཆེའི་འགོ་ཁྲིད་ཁ་ཅིག་གིས་ཕ་ལི་སི་ཐན་(Palestan) གྱི་འཐབ་རྩོད་དང་། ཁོ་སོ་ཝོ་(Kosovo) ཡི་ཁ་ཆེའི་མི་མང་གི་དཀའ་སྡུག་ལ་སོགས་པའི་གནད་དོན་འགའི་ཐོག་ཏུ་རྒྱལ་མཚམས་ལས་བརྒལ་བའི་ཁ་ཆེའི་སྤུན་ཟླའི་འདུ་ཤེས་ཤིག་སྐྲུན་ཐབས་བྱས་ཡོད་མོད། འོན་ཀྱང་གནད་དོན་དེ་དག་ལ་རྒྱུན་པར་ཆབ་སྲིད་ཀྱི་དཀའ་ངལ་དེ་ཙམ་མེད། ད་ཐེངས་ཤིན་ཅང་གི་ཁ་ཆེ་དང་འབྲེལ་བའི་གནད་དོན་དེར་ཆབ་སྲིད་ཀྱི་དཀའ་ངལ་ཤུགས་ཆེ་བས། ཁ་ཆེའི་རྒྱལ་ཁབ་གཞན་རྣམས་ཀྱིས་རོགས་སྐྱོར་བྱེད་དཀའ་བ་ཡོད། ཨ་རིའི་རྒྱལ་ས་ཝ་ཤིན་ཏྲོན་དུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་སྲིད་བྱུས་ཉམས་ཞིབ་པ་ཨ་ཛིམ-ལི་བྷི་རམ་(Azeem Lbrahim) གྱིས་”ངས་བལྟས་ན། ཁ་ཆེའི་སྤུན་ཟླའི་འདུ་ཤེས་ཞེས་པ་གཏན་ནས་བྱུང་མྱོང་མེད་ལ། དམིགས་བསལ་གྱི་གནད་དོན་འདིས་དེ་གསལ་པོ་བསྟན་ཡོད་”ཅེས་བཤད་པའི་ཐོག ཤིན་ཅང་གི་དྲག་གནོན་འདི་འགེབ་སྲུང་བྱེད་རོགས་བྱེད་ཀྱི་ཡོད་པས། ཁ་ཆེའི་རྒྱལ་ཁབ་དེ་དག་ཀྱང་”ངན་པའི་ལག་རོགས་”ཡིན་ཞེས་བཤད་ཡོད་འདུག ། 

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།