རྒྱ་ནག་གིས་ཐེ་ཝན་གྱི་བཟའ་ཆས་མང་པོ་ཞིག་བཀག་སྡོམ་བྱས་ཡོད་འདུག
རྒྱ་ཟླ་བ་འདིའི་ཚེས་༡༢ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་གི་སྒོ་ཁྲལ་དབང་འཛིན་པས། ཐེ་ཝན་གྱི་བཟའ་ཆས་དང་བཏུང་ཆུའི་རིགས་༢༤༠༠ ཙམ་གནས་སྐབས་རིང་བཀག་པར་བརྟེན། ཐེ་ཝན་གྱི་རྒྱ་ནག་ནང་ཐོ་འགོད་བྱས་པའི་ཐེའི་ཝན་གྱི་བཟའ་ཆས་དང་བཏུང་ཆུའི་རིགས་བརྒྱ་ཆ་༧༠% ལས་མང་བར་ཤུགས་རྐྱེན་ཐེབས་ཡོད་པའི་གནས་ཚུལ་ཐོན་འདུག
ཟླ་འདིའི་ཚེས་༡༢ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་གི་སྒོ་ཁྲལ་དབང་འཛིན་པས། ཐེ་ཝན་གྱི་བཟའ་ཆས་དང་བཏུང་ཆུའི་རིགས་༢༤༠༠ ཙམ་གནས་སྐབས་རིང་བཀག་པར་བརྟེན། ཐེ་ཝན་གྱི་རྒྱ་ནག་ནང་ཐོ་འགོད་བྱས་པའི་ཐེ་ཝན་གྱི་བཟའ་ཆས་དང་བཏུང་ཆུའི་རིགས་བརྒྱ་ཆ་༧༠% ལས་མང་བར་ཤུགས་རྐྱེན་ཐེབས་ཡོད་པའི་གནས་ཚུལ་ཐོན་འདུག
ཕྱི་ལོ་༢༠༢༡ ཟླ་བ་༤ པའི་ནང་རྒྱ་ནག་གི་སྒོ་ཁྲལ་དབང་འཛིན་པས། ཕྱི་རྒྱལ་གྱི་ཁ་ལག་བཟོ་ཚོང་ཁང་རྣམས་ལ་ཁྲིམས་གསར་པ་ཞིག་ལག་བསྟར་བྱས་ཡོད་པའི་ནང་ལ། ཕྱི་རྒྱལ་གྱི་བཟོ་ཚོང་ཁང་ཚང་མས་སོ་སོའི་ས་གནས་གང་ཡིན་མིན་དང་ཅ་ལག་ག་རེ་ཡིན་མིན་གྱི་གནས་ཚུལ་བསྐྱར་དུ་ཐོ་འགོད་བྱེད་དགོས་པ་དང་། སྐབས་དེར་ཕྱི་རྒྱལ་གྱི་ཁ་ལག་བཟོ་ཚོང་ཁང་ཚང་མའི་ནང་ནས་ཐེ་ཝན་གྱི་ཐོ་འགོད་དུས་བཀག་མཐར་མར་བཞག་ཡོད་འདུག
ཐེ་ཝན་གྱི་དཔོན་རིགས་ཚོས་རྒྱ་ནག་གིས་གནས་དོན་དེའི་ཐད་ཀྱི་བརྒྱུད་རིམ་རྣམས། ཕྱི་གསལ་ནང་གསལ་ཉུང་དྲགས་པ་དང་ཐེ་ཝན་ལ་དྲང་པོ་བྱས་མ་སོང་ཞེས་བརྗོད་ཡོད་འདུག
འོན་ཀྱང་། རྒྱ་ནག་གི་ཐེ་ཝན་ཚོང་ལས་སྐུ་ཚབ་(Zhu Fenglian) གྱིས་ཐེ་ཝན་གྱི་བཟོ་ཚོང་ཁང་གི་ཐོ་འགོད་ཚུལ་མཐུན་བྱས་མེད་པར་བརྟེན། ཐེངས་འདིའི་ཐེ་ཝན་གྱི་བཟོ་ཚོང་ཁང་ལ་གནོད་རྐྱེན་ཕྱིན་ཡོད་པས། ཐེ་ཝན་ཕྱོགས་ནས་ཆབ་སྲིད་ཀྱི་གཡོ་ཐབས་བྱེད་རྒྱུ་མཚམས་འཇོག་བྱེད་དགོས་ཞེས་བརྗོད་འདུག
དེ་བཞིན་ཐེ་ཝན་གྱི་ཕྱི་སྲིད་བློན་ཆེན་<Joseph Wu >ཡིས་ཊུ་ཝི་ཊར་དྲྭ་རྒྱའི་ཐོག ཁོང་གིས་རྒྱ་ནག་ཕྱོགས་ནས་ཐེ་ཝན་གྱི་བཏུང་ཆུ་གཙོས་པའི་ཐོན་ཟོག་བསྐྱར་དུ་བཀག་པ་དེ་ནི་དཔལ་འབྱོར་གྱི་བཙན་སྐུལ་ཞིག་རེད་ཅེས་དང་། གཞན་ཡང་ཁོང་གིས་མཆན་བཀོད་མཐའ་མའི་ནང་<Freedom Beer> རང་དབང་གྱི་སྦི་རག་ཅེས་བྲིས་ཡོད་པ་ཞིག་ཀྱང་མཐོང་རྒྱུ་འདུག
གཞན་ཡང་ཕྱི་ལོ་༢༠༢༡ ནང་རྒྱ་ནག་གིས་ཐེ་ཝན་ནས་ཐོན་སྐྱེད་བྱས་པའི་ཤིང་ཏོག་རིགས་<pineapple >དང་ཉའི་རིགས་<grouper>སོགས་ནང་འདྲེན་བྱེད་རྒྱུ་མཚམས་འཇོག་བྱས་པར་བརྟེན། ཐེ་ཝན་གྱི་ལས་འགུལ་བ་ཚོས་<freedom pineapple >དང་། <Democracy Fish >སོགས་ཀྱི་འབོད་ཚིག་སྣ་ཚོགས་བསྒྲགས་ནས་ལས་འགུལ་སྤེལ་ཡོད་པའི་གནས་ཚུལ་ཐོན་འདུག།
གསར་འགོད་པ། བདེ་སྒྲོན།